ཉེ་གནས་དར་མ་གཞོན་ནུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉེ་གནས་དར་མ་གཞོན་ནུ་ནི་རབ་བྱུང་གཉིས་པའི་ཤིང་གླང་ལོ་སྟེ་སྤྱི་ལོ1195ལོར་སྐུ་འཁྲུངས། རབ་བྱུང་མཛད་དེ་གུང་ཐང་བླ་མ་ཞང་གི་ཕྱག་ཕྱི་གནང་བ་དང་ཕྱིས་སུ་ཐུགས་སྲས་སུ་གྱུར། རབ་བྱུང་གསུམ་པའི་མེ་ལུག་ལོ་སྟེ་སྤྱི་ལོ1187ལོར་ཚལ་པའི་དཔོན་སར་བསྐོས་བར་མ་ཟད། བླ་མ་ཞང་གིས་གུང་ཐང་གཙུག་ལག་ཁང་དང་ཁྱམས་སྟོད་དུ་བྱང་ཆུབ་ཆེན་པོ་སོགས་བཞེངས་པར་ཞབས་འདེབས་ལེགས་པར་གྲུབ་ཡོད།
གཞི་རྩའི་གནས་ཚུལ།

འཁྲུངས་འདས།
སྤྱི་ལོ1195-1232ལོར།
1 ​ངོ་སྤྲོད་མདོར་བསྡུས། 

ཉེ་གནས་དར་མ་གཞོན་ནུ་ནི་རབ་བྱུང་གཉིས་པའི་ཤིང་གླང་ལོ་སྟེ་སྤྱི་ལོ1195ལོར་སྐུ་འཁྲུངས། རབ་བྱུང་མཛད་དེ་གུང་ཐང་བླ་མ་ཞང་གི་ཕྱག་ཕྱི་གནང་བ་དང་ཕྱིས་སུ་ཐུགས་སྲས་སུ་གྱུར། རབ་བྱུང་གསུམ་པའི་མེ་ལུག་ལོ་སྟེ་སྤྱི་ལོ1187ལོར་ཚལ་པའི་དཔོན་སར་བསྐོས་བར་མ་ཟད། བླ་མ་ཞང་གིས་གུང་ཐང་གཙུག་ལག་ཁང་དང་ཁྱམས་སྟོད་དུ་བྱང་ཆུབ་ཆེན་པོ་སོགས་བཞེངས་པར་ཞབས་འདེབས་ལེགས་པར་གྲུབ། གུང་ཐང་བླ་མ་ཞང་འགྲོ་བའི་མགོན་པོ་སྐུ་འདས་ཁར་གཙུག་ལག་ཁང་གི་བདག་པོར་བསྐོས་ཏེ། ཕྱིའི་ཁྱམས་མགོན་ཁང་དང་། ནང་གི་གདུང་རྟེན་བཀྲ་ཤིས་འོད་འབར། སྐུ་འབུམ་ཆེན་མོའི་བཞེངས་འཕྲོ་སོགས་ལེགས་འགྲུབ་བྱས་པར་མ་ཟད། དགོན་མ་ལག་གི་དཔོན་སློབ་འབངས་རྣམས་ལ་བཀུར་བསྟི་ཞབས་ཏོག་ལེགས་པར་མཛད། རབ་བྱུང་བཞི་པའི་མེ་ཡོས་ལོ་སྟེ་སྤྱི་ལོ1207ལོའི་བར་དཔོན་ས་ལོ་ཉི་ཤུ་རྩ་གཅིག་མཛད་པ་ཡིན། མཐར་རབ་བྱུང་བཞི་པའི་ཆུ་འབྲུག་སྤྱི་ལོ1232ལོར་དགུང་ལོ་བརྒྱད་ཅུ་གྱ་བརྒྱད་ལ་སྐུ་མྱ་ངན་ལས་འདས་སོ། །  

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-22

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།