རིན་པོ་ཆེ་སངས་རྒྱས་འབུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རིན་པོ་ཆེ་སངས་རྒྱས་འབུམ་ནི་ཡུལ་གྲའི་ལྷོ་གྲངས་སུ་གདུང་རུས་རྗེ་ལས་ཡབ་ལྷོ་རད་མོའི་སྲས་སུ་སྐུ་འཁྲུངས་བ་དང་། མཚན་ལ་རྡོ་རྗེ་འབུམ་བཏགས། དགུང་ལོ་ལྔ་པར་བླ་མ་ཞང་དང་གྲ་ཕུར་བྱོན་དུས་ཡབ་ཀྱིས་ཁྲིད་དེ་སེམས་བསྐྱེད་ཆེན་མོ་དང་བཅས་པའི་དབང་ཆེན་ཐོབ། ཕྱིས་སུ་གུང་ཐང་དུ་ཞང་རིན་པོ་ཆེ་ལས་རབ་ཏུ་བྱུང་སྟེ་མཚན་ལ་སངས་རྒྱས་འབུམ་དུ་གསོལ།
གཞི་རྩའི་གནས་ཚུལ།

མཚན་གཞན།
རྡོ་རྗེ་འབུམ།
ཡབ།
ལྷོ་རད་མོ།
འཁྲུངས་ཡུལ།
གྲའི་ལྷོ་གྲངས།
1 ​ངོ་སྤྲོད་མདོར་བསྡུས། 

རིན་པོ་ཆེ་སངས་རྒྱས་འབུམ་ནི་ཡུལ་གྲའི་ལྷོ་གྲངས་སུ་གདུང་རུས་རྗེ་ལས་ཡབ་ལྷོ་རད་མོའི་སྲས་སུ་སྐུ་འཁྲུངས་བ་དང་། མཚན་ལ་རྡོ་རྗེ་འབུམ་བཏགས། དགུང་ལོ་ལྔ་པར་བླ་མ་ཞང་དང་གྲ་ཕུར་བྱོན་དུས་ཡབ་ཀྱིས་ཁྲིད་དེ་སེམས་བསྐྱེད་ཆེན་མོ་དང་བཅས་པའི་དབང་ཆེན་ཐོབ། ཕྱིས་སུ་གུང་ཐང་དུ་ཞང་རིན་པོ་ཆེ་ལས་རབ་ཏུ་བྱུང་སྟེ་མཚན་ལ་སངས་རྒྱས་འབུམ་དུ་གསོལ། ཁྲིད་ཞུས་པར་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། དགུང་ལོ་ཉེར་གསུམ་པ་ལ་བསྙེན་པར་རྫོགས། གཞན་ཡང་སློབ་དཔོན་མ་ལོན་ཞི་སོགས་བླ་མ་མང་པོའི་ཞབས་ལ་གཏུགས་ཏེ་ཆོས་དང་གདམས་ངག་མང་པོ་ཞུས། སྐུ་ཚེ་སྨད་ལ་རིན་པོ་ཆེ་ལྷ་ཕྱུག་མཁར་གྱི་སློབ་མར་གྱུར་ཏེ་གདམས་པ་རྣམས་ལེགས་པར་ཞུས་པ་མ་ཟད། བསྟན་པ་མཐའ་དག་གི་སྣོད་དུ་གྱུར། རབ་བྱུང་བཞི་པའི་ཤིང་ཁྱི་ལོ་སྟེ་སྤྱི་ལོ1219ལོར་ཚལ་གུང་ཐང་གི་གདན་སར་བསྐོས་ཏེ་ལོ་བཅོ་བརྒྱད་རིང་གདན་ས་ལེགས་པར་བསྐྱངས། བླ་མ་ཁོང་གི་མཛད་རྗེས་སྐོར《དེབ་ཐེར་དཀར་པོ》ལས། བླ་མ་སངས་རྒྱས་འབུམ་གྱིས་ཆུ་ཕོ་སྟག་གི་ལོ་ལ་གུང་ཐང་དུ་སྒོམ་སྡེ་བཏབ། བདེ་མཆོག་གི་དཀྱིལ་འཁོར་བཞེངས་ནས་དབུ་རྩེར་ཕུལ། ལྷ་སའི་རག་གསོས། འབྲི་སྟག་གི་འདུམ་ལ་བྱོན་པ་སོགས་ཕྱག་རྗེས་དུ་མ་མཛད། དེའི་ཞལ་སློབ་བླ་མ་བ་ལམ་པ། སྤྱན་སྔ་བ་ཕྱུགས་པའི་རྟོགས་ལྡན་འདག་ཆར་བ། ཇོ་བཙུན་སྲས་པ། ལྷ་རྗེ་དགེ་འབུམ་ལྕམ་སྲིང་། གྲྭ་པ་དགེ་སློང་། སློབ་དཔོན་ངར་ཕུག་པ་འབྲི་ར་བ། རྟོགས་ལྡན་བྱང་ཕྱི་བ། སྤོས་པ་བ། ལྷ་སྤྱིལ་པ་ཞང་སྒོམ། བླ་མ་དོ་པ། སྟོད་ཚལ་ཅི་རིགས་པ་དང་། སྒང་རིགས་པ་ལ་སོགས་བུ་སློབ་མང་པོ་བྱོན། དགུང་ལོ་བདུན་ཅུ་རྩ་ལྔ་ལ་གཤེགས་ཞེས་མཛད་པ་བསམ་གྱིས་མི་ཁྱབ་པ་མཛད་པ་ཡིན། མཐར་དགུང་ལོ་བདུན་ཅུ་རྩ་ལྔར་སྐུ་མྱ་ངན་ལས་འདས་སོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-20

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།