དགེ་བསྙེན་རི་བོའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དགེ་བསྙེན་རི་བོའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ།
དགེ་བསྙེན་རི་བོའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལི་ཐང་རྫོང་གི་ལྷོ་ནུབ་ཏུ་གནས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
དགེ་བསྙེན་རི་བོའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ།
རྒྱ་ཡིག་གི་མིང་།
格聂山生态旅游区
སྲིད་འཛིན་ཁོངས་གཏོགས།
སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལི་ཐང་རྫོང་།
རིགས་དབྱེ།
ཡུལ་སྐོར་གནས་ཁུལ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ600ཡས་མས་ཡོད།
1 ངོ་སྤྲོད།

དགེ་བསྙེན་རི་བོའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་ལི་ཐང་རྫོང་གི་ལྷོ་ནུབ་ཏུ་གནས་ཡོད་ཅིང་། ས་བླུ་ལི་རི་རྒྱུད་ཀྱི་མཐོ་ཤོས་དང་རི་འཛེགས་མྱུལ་དཔྱད་ཡུལ་སྐོར་ས་ཁུལ་ཡིན་པས། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ600ཡས་མས་ཡོད། ནགས་ཚལ་སྐྱེ་ཁམས་མ་ལག་དང་རི་མཐོ་སྤང་ལྗོངས་སྐྱེ་ཁམས་མ་ལག་སྣོལ་འདྲེས་བྱས་ནས་ཆགས་ཡོད།

2 གནམ་གཤིས།

དྲོད་གྲང་གཉིས་ལྡན་གྱི་ས་རྒྱུད་བཞའ་རློན་ཅན་གྱི་རི་མཐོ་འདྲེས་སྦྱོར་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ཡིན།

3 ​གནས་ཁུལ་གྱི་ཁྱད་ཆོས།

1.དགེ་བསྙེན་རི་བོ་ནི་ས་བླུ་ལི་རི་རྒྱུད་ཀྱི་ཆེས་མཐོ་བའི་རི་རྩེ་ཡིན་ལ། སི་ཁྲོན་ཞིང་ཆེན་གྱི་ཨང་གསུམ་པ་དང་། ཁམས་ཕྱོགས་ཀྱི་ཨང་དང་པོ་ཡིན།

2.ནགས་ཚལ་དང་སྤངས་ལྗོངས་ཡོད་ལ། རི་སྐྱེས་རི་དྭགས་ཀྱི་རིགས་ཧ་ཅང་མང་པོ་ཡོད།

3.གནའ་རབས་ཀྱི་འཁྱགས་ཀླུང་གི་སྤུང་གསོག་དངོས་པོ་ག་ས་གང་དུ་ཁྱབ་ཡོད།

4 ལྟ་སྐོར་གྱི་རིན་ཐང་།

ས་གནས་དེའི་ཁོངས་སུ་རི་བོ་མཐོན་པོ་དང་འཁྱགས་ཀླུང་། གཡང་གཟར། རྦབ་ཆུ་སྦྲེལ་མ། རྦབ་ཆུའི་འཇའ་ཚོན། རང་བྱོན་གྱི་ལྷའི་སྐུ་འདྲ། ཆུ་ཚན། སྨན་དང་གཏེར་རྒྱུའི་ཆུ་མིག གདོད་མའི་ནགས་ཚལ། རི་མཐོའི་སྤང་ལྗོངས། མེ་ཏོག རྩི་ཤིང་སྣ་ཚོགས། རི་མཐོའི་རི་དྭགས་སྣ་ཚོགས་སོགས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-19

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།