ཧོར་ལུང་ཁོག་སྐྱེ་ཁམས་ཡུལ་སྐོར་ས་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོར་ལུང་ཁོག་སྐྱེ་ཁམས་ཡུལ་སྐོར་ས་ཁུལ།
ཧོར་ལུང་ཁོག་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་དཔལ་ཡུལ་རྫོང་ལྷོ་ཕྱོགས་ཀྱི་འཇོམ་ཆུའི་འབབ་རྒྱུན་དུ་གནས་ཤིང་། རྫོང་ཐོག་དང་སྤྱི་ལེ70ཡོད་པ་དང་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཧོར་ལུང་ཁོག་སྐྱེ་ཁམས་ཡུལ་སྐོར་ས་ཁུལ།
རྒྱ་ཡིག་གི་མིང་།
火龙沟生态旅游区
སྲིད་འཛིན་ཁོངས་གཏོགས།
སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་།
ཁོངས་གཏོགས།
ས་རྒྱུས།
རིགས་དབྱེ།
ཡུལ་སྐོར་གནས་ཡུལ།
1 ངོ་སྤྲོད།

ཧོར་ལུང་ཁོག་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་དཔལ་ཡུལ་རྫོང་ལྷོ་ཕྱོགས་ཀྱི་འཇོམ་ཆུའི་འབབ་རྒྱུན་དུ་གནས་ཤིང་།  རྫོང་ཐོག་དང་སྤྱི་ལེ70ཡོད་པ་དང་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་ཡིན། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ700ལྷག་ཡོད་པ་དང་། རང་བྱུང་རིན་ཐང་དང་རིག་གནས་རིན་ཐང་མཉམ་གནས་ཀྱི་ཡུལ་སྐོར་ས་ཁུལ་ཡིན་པས། ཡུལ་སྐོར་བྱེད་མཁན་གྱི་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱེད། 

2 གནམ་གཤིས།

དྲོད་འཇམ་འབྲིང་བའི་ས་རྒྱུད་བཞའ་རློན་ཅན་གྱི་རི་མཐོ་འདྲེས་སྦྱོར་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ཡིན།

3 གནས་ཁུལ་གྱི་ཁྱད་ཆོས།

ས་གནས་དེའི་གདོད་མའི་ནགས་ཚལ་གྱི་རྒྱ་ཁྱོན་ཆེ་ཞིང་། སྤྱི་ལེ་གྲུ་བཞི་མ420ཡན་ཟིན་ཡོད་ལ། དེའི་ནང་རི་མཐོའི་བེ་ཤིང་གིས་བརྒྱ་ཆའི70ཡས་མས་ཟིན་ཡོད་པས། སི་ཁྲོན་ཞིང་ཆེན་དང་ཐ་ན་རྒྱལ་ཡོངས་སུ་རི་མཐོའི་བེ་ཤིང་གི་རྒྱ་ཁྱོན་ཆེས་ཆེ་བ་དང་ཆེས་གཅིག་བསྡུས་ཀྱི་ས་ཁུལ་ཞིག་ཡིན། ས་གནས་དེར་ཉར་ཚགས་ལེགས་པོ་བྱས་པའི་གནའ་རབས་ཀྱི་ས་མན་རྒྱལ་རབས་ཀྱི་གནའ་ཤུལ་སོགས་ཡོད།

4 ལྟ་སྐོར་གྱི་རིན་ཐང་།

ས་གནས་དེའི་ལྟ་སྐོར་ཐོན་ཁུངས་མང་པོ་ཡོད་དེ། ནགས་ཚལ་དང་ཆུ་ཚན། རྦབ་ཆུ། དྲག་བཞུར་ཆུ་བོ། རི་མཐོའི་མཚེའུ། ཅོང་ཞིའི་བྲག་ཕུག འདབ་ཆགས་དང་རི་དྭགས་བཅས་ཡོད་པ་དང་། མིས་བཟོས་ཡུལ་ལྗོངས་ཐད་ནས་ས་མན་གྱི་སྐོར་པ་རིག་གནས་དང་གནའ་རབས་མཁར་རྫོང་གི་རྗེས་ཤུལ་དང་རྡོ་བརྐོས་སྐུ་འདྲ། བྲག་བརྐོས་རི་མོ། རྡོའི་དུར་སྒམ་ཁྱུ་ཚོ་སོགས་བོད་ཀྱི་རིག་གནས་ཀྱི་གནའ་ཤུལ་ཡོད། ས་གནས་དེའི་རི་མཐོའི་རི་ཞིང་གི་སྐྱེ་ཁམས་ཧ་ཅང་བརྟན་པོ་ཡིན་པ་དང་།  མི་དང་ཁོར་ཡུག་བར་གྱི་མཐུན་སྒྲིལ་བྱེད་ཚུལ་ཀྱང་ཆེས་ལེགས་པོ་ཡིན། 


བརྡ་འགྲེལ་གདོང་འཛར།

ཡུལ་སྐོར། གནས་ཁུལ། ཁོར་ཡུག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-19

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།