གཡག་ཚང་མུ་ཁའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཡག་ཚང་མུ་ཁའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ།
གཡག་ཚང་མུ་ཁའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་རྒྱལ་ཁབ་རིམ་པའི་གངས་དཀར་རི་བོའི་ཡུལ་ལྗོངས་སྐད་གྲགས་ཅན་དང་རྒྱལ་ཁབ་རིམ་པའི་གངས་དཀར་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཁག་ཅིག་ཡིན་པ་དང་། དེའི་ནང་གངས་དཀར་རི་བོའི་ཤར་བྱང་གི་ལྡེབས་རིའི་ཁུག་རྟ་ལུང་པ་དང་གཡག་ཚང་མུ་ཁ་ལུང་པའི་འབབ་རྒྱུད་འདུས། ལྕགས་ཟམ་རྫོང་ཞིན་ཤིང་ཤང་གི་ཁོངས་སུ་གཏོགས། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ220ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
གཡག་ཚང་མུ་ཁའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ།
རྒྱ་ཡིག་གི་མིང་།
雅加埂生态旅游区
སྲིད་འཛིན་ཁོངས་གཏོགས།
སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་།
རིགས་དབྱེ།
ཡུལ་སྐོར་གནས་ཁུལ།
གནམ་གཤིས།
དྲོད་འཇམ་ས་རྒྱུད་བཞའ་རློན་ཅན།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ220ཡོད།
1 ངོ་སྤྲོད།

གཡག་ཚང་མུ་ཁའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་རྒྱལ་ཁབ་རིམ་པའི་གངས་དཀར་རི་བོའི་ཡུལ་ལྗོངས་སྐད་གྲགས་ཅན་དང་རྒྱལ་ཁབ་རིམ་པའི་གངས་དཀར་རི་བོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཁག་ཅིག་ཡིན་པ་དང་། དེའི་ནང་གངས་དཀར་རི་བོའི་ཤར་བྱང་གི་ལྡེབས་རིའི་ཁུག་རྟ་ལུང་པ་དང་གཡག་ཚང་མུ་ཁ་ལུང་པའི་འབབ་རྒྱུད་འདུས། ལྕགས་ཟམ་རྫོང་ཞིན་ཤིང་ཤང་གི་ཁོངས་སུ་གཏོགས། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ220ཡོད།

2 གནམ་གཤིས།

དྲོད་འཇམ་ས་རྒྱུད་བཞའ་རློན་ཅན་གྱི་རི་མཐོ་འདྲེས་སྦྱོར་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ཡིན།

3 ​གནས་ཁུལ་གྱི་ཁྱད་ཆོས།

གཅིག ཁུག་རྟ་ལུང་པའི་འཁྱགས་ཀླུང་དང་འཁྱགས་ཀླུང་གི་ས་ངོས་ཆགས་ཚུལ། སྨན་རྒྱལ་དགོན་པའི་ཚ་ཆུ་སོགས་ཡོད།

གཉིས།  ཞིན་ཤིང་ཤང་གི་འཁྱགས་ཀླུང་གིས་ཁྱེར་ཡོང་བའི་རྡོ་རིལ་ཧ་ཅང་ཆེན་པོ་ཡོད།

གསུམ།  ཁུག་རྟ་ལུང་པ་དང་གཡག་ཚང་མུ་ཁ་ལུང་པའི་གདོད་མའི་ནགས་ཚད་བཅད་རྗེས་ཀྱི་བསྐྱར་སྐྱེས་སྐྱེ་ཁམས་ཁོར་ཡུག་ཡོད།

བཞི། ཚོན་མདངས་བཀྲ་བའི་གཡག་ཚང་མུ་ཁའི་རི་མཐོའི་སྡོང་ཕྲན་ནགས་རྫོབ་སྤང་ལྗོངས་དང་རི་མཐོ་མཚེའུ་ཕག་མཁལ་མཚོ་སོགས་ཡོད་པས་ཧ་ཅང་ཡིད་དབང་འཕྲོག་པ་ཞིག་ཡིན།

4 ལྟ་སྐོར་གྱི་རིན་ཐང་།

ས་གནས་དེའི་ལྟ་སྐོར་གྱི་རིན་ཐང་གི་ཐད། གངས་རིའི་རི་རྩེ་དང་། འཁྱགས་ཀླུང་། གྲོག་རོང་གི་དྲག་བཞུར་ཆུ་བོ། རྦབ་ཆུ། སྨན་རྒྱལ་ཆུ་ཚན། ནགས་ཚལ། ཕག་མཁལ་མཚེའུ། ཤིང་དབྱིབས་སྟག་མའི་སྡོང་ཕྲན། རི་དྭགས་སྣ་ཚོགས། ཤའེ་མོན་ཁན་ས་རྒྱུད་ཀྱི་དར་མདོའི་སྟག་མའི་མེ་ཏོག་ཆུང་བ་སོགས་གཡག་ཚང་མུ་ཁར་རྣམ་པ་སྣ་ཚོགས་ཀྱི་སྤང་ལྗོངས་ཡོད།


བརྡ་འགྲེལ་གདོང་འཛར།

ཁུག་རྟ་ལུང་། སྤང་ལྗོངས། ཡུལ་སྐོར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-19

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།