ལྕགས་ལམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྕགས་ལམ།
ལྕགས་ལམ་ནི་དེང་རབས་ཀྱི་སྐྱེལ་འདྲེན་བྱེད་སྟངས་གཙོ་བོའི་གྲས་ཤིག་ཡིན་ལ། སྐྱེལ་འདྲེན་བྱེད་ཚད་ཆེ་ཞིང་མགྱོགས་ཚད་མྱུར་བ། སྐྱེལ་རིན་དམའ་བ། རང་བྱུང་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་ཚད་ཆུང་བ། རྒྱུན་མཐུད་རང་བཞིན་ལེགས་པ་བཅས་ཀྱི་སྐྱེལ་འདྲེན་བྱེད་ཐབས་ཤིག་ཡིན། རང་རྒྱལ་གྱི་ལྕགས་ལམ་ཐོག་མ་ནི་སྤྱི་ལོ1881ལོར་ལས་པའི་ཐང་ཞུས་ལྕགས་ལམ་ཡིན་ལ། ད་བར་དུ་ཕལ་ཆེར་ལོ་ངོ120ལྷག་གི་ལོ་རྒྱུས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ལྕགས་ལམ།
རྒྱ་ཡིག་གི་མིང་།
铁路
ཕྱི་ཡིག་གི་མིང་།
Railway
རང་རྒྱལ་གྱི་ལྕགས་ལམ་ཐོག་མ།
ཐང་ཞུས་ལྕགས་ལམ།
ཁོངས་གཏོགས།
ས་རྒྱུས།
1 ངོ་སྤྲོད།

ལྕགས་ལམ་ནི་དེང་རབས་ཀྱི་སྐྱེལ་འདྲེན་བྱེད་སྟངས་གཙོ་བོའི་གྲས་ཤིག་ཡིན་ལ། སྐྱེལ་འདྲེན་བྱེད་ཚད་ཆེ་ཞིང་མགྱོགས་ཚད་མྱུར་བ། སྐྱེལ་རིན་དམའ་བ། རང་བྱུང་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་ཚད་ཆུང་བ། རྒྱུན་མཐུད་རང་བཞིན་ལེགས་པ་བཅས་ཀྱི་སྐྱེལ་འདྲེན་བྱེད་ཐབས་ཤིག་ཡིན། རང་རྒྱལ་གྱི་ལྕགས་ལམ་ཐོག་མ་ནི་སྤྱི་ལོ1881ལོར་ལས་པའི་ཐང་ཞུས་ལྕགས་ལམ་ཡིན་ལ། ད་བར་དུ་ཕལ་ཆེར་ལོ་ངོ120ལྷག་གི་ལོ་རྒྱུས་ཡོད།

2 ལེགས་ཆ།

ལྕགས་ལམ་སྐྱེལ་འདྲེན་གྱིས་ཐོན་སྐྱེད་གཞི་ཁྱོན་དང་། མ་རྒྱུ་མཁོ་སྤྲོད་ཁྱབ་ཁོངས། ཐོན་རྫས་ཉོ་ཚོང་ཁྲོམ་ར་བཅས་རྒྱ་བསྐྱེད་པར་སྐུལ་འདེད་བྱེད་ཐུབ་པ་དང་། ས་ཁོངས་གསར་འབྱེད་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་ཐུབ་པ། བཟོ་ལས་དང་ཞིང་ལས། གྲོང་ཁྱེར་དང་ཞིང་གྲོང་བར་གྱི་འབྲེལ་བར་ཤུགས་སྣོན་སོགས་བྱེད་ཐུབ། དེ་མིན་ལྕགས་ལམ་སྐྱེལ་འདྲེན་གྱིས་ད་དུང་རིག་གནས་དང་ཚན་རྩལ་བརྗེ་རེས་བྱེད་པ་དང་། རྒྱལ་ཁབ་གཅིག་གི་ཆབ་སྲིད་གཅིག་གྱུར་དང་བདེ་འཇགས་ཡོང་བར་ཁག་ཐེག་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།

3 ཞན་ཆ།

ལྕགས་ལམ་གྱི་བཟོ་རིན་མཐོ་ཞིང་། ལྕགས་རིགས་རྒྱ་ཆའི་མཛད་ཚད་ཆེ་བ། ས་རྒྱའི་ཟིན་ཚད་ཆེ་བ། ཐག་ཉེའི་སྐྱེལ་འདྲེན་མ་གནས་མཐོ་བ་བཅས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-18

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།