འགྲིམ་འགྲུལ་སྐྱེལ་འདྲེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འགྲིམ་འགྲུལ་སྐྱེལ་འདྲེན།
འགྲིམ་འགྲུལ་སྐྱེལ་འདྲེན་ནི་མི་དང་དངོས་ཟོང་གནས་སྤོ་བྱེད་ཀྱི་ཐབས་ལམ་གཙོ་བོ་ཞིག་ཡིན། ཐོན་སྐྱེད་ནུས་ཤུགས་དང་ཚན་རིག་ལག་རྩལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་ཐབས་དེ་དང་ཐོག་གི་ལག་ལ་ཁྱེར་ཞིང་ཕྲག་ལ་ཁུར་བ་ནས་རིམ་བཞིན་དེང་རབས་ཀྱི་སྐྱེལ་འདྲེན་བྱེད་ཐབས་སུ་གྱུར་བ་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
འགྲིམ་འགྲུལ་སྐྱེལ་འདྲེན།
རྒྱ་ཡིག་གི་མིང་།
交通运输
ཕྱི་ཡིག་གི་མིང་།
communication and transportation
ཁོངས་གཏོགས།
ས་རྒྱུས།
1 ​གོ་དོན།

འགྲིམ་འགྲུལ་སྐྱེལ་འདྲེན་ནི་མི་དང་དངོས་ཟོང་གནས་སྤོ་བྱེད་ཀྱི་ཐབས་ལམ་གཙོ་བོ་ཞིག་ཡིན། ཐོན་སྐྱེད་ནུས་ཤུགས་དང་ཚན་རིག་ལག་རྩལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་ཐབས་དེ་དང་ཐོག་གི་ལག་ལ་ཁྱེར་ཞིང་ཕྲག་ལ་ཁུར་བ་ནས་རིམ་བཞིན་དེང་རབས་ཀྱི་སྐྱེལ་འདྲེན་བྱེད་ཐབས་སུ་གྱུར་བ་རེད།

2 དབྱེ་བ།

དེང་རབས་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་ཐབས་ལ་དབྱེ་ན་རིགས་ལྔ་ཡོད་དེ། ལྕགས་ལམ་སྐྱེལ་འདྲེན་དང་གཞུང་ལམ་སྐྱེལ་འདྲེན། ཆུ་ལམ་སྐྱེལ་འདྲེན། མཁའ་ལམ་སྐྱེལ་འདྲེན། སྦུབས་ལམ་སྐྱེལ་འདྲེན་བཅས་ཡིན།

3 ལེགས་ཆ།

ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་མི་རྣམས་འགུལ་སྐྱོད་བྱེད་པའི་དགོས་མཁོར་གཞིར་བཟུང་ནས་དེང་རབས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་ཐབས་སྣ་ཚོགས་གཅིག་ཏུ་སྦྲེལ་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་བར་གྱི་འབྲེལ་གཏུག་དེ་རྒྱལ་ཁོངས་གཅིག་ལས་བརྒལ་བར་མ་ཟད། ད་དུང་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་བར་དང་། གླིང་ཕྲན་དང་གླིང་ཕྲན་གྱི་བར་ལ་རྒྱ་བསྐྱེད་ནས་འཛམ་གླིང་གི་ས་ཁུལ་སོ་སོའི་བར་གྱི་འབྲེལ་གཏུག་སྔར་ལས་ཇེ་དམ་དང་ཇེ་བདེར་བཏང་བ་རེད།

4 ཞན་ཆ།

དེང་རབས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བཟོ་རིན་མཐོ་བ་དང་མ་བཅོས་རྒྱུ་ཆའི་མཛད་ཚད་ཆེ་བ། ས་རྒྱའི་ཟིན་ཚད་ཆེ་བ། སྒྲིག་ཆས་ལ་མ་དངུལ་གཏོང་ཚད་མཐོ་བ། ལག་རྩལ་ཐད་ཀྱི་བླང་བྱ་ནན་མོ་ཡིན་པ། སྤྱི་ཚོགས་བདེ་འཇགས་ལ་ཉེན་ཁ་ཆེ་བ་སོགས་ལྡོག་ཕྱོགས་ཀྱི་ཞན་ཆའང་ཡོད་པ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-18

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།