གྲོང་ཁྱེར་ཅན་དུ་འགྱུར་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲོང་ཁྱེར་ཅན་དུ་འགྱུར་བ།
གྲོང་ཁྱེར་ཅན་དུ་འགྱུར་བ་ཞེས་པ་ནི་མི་རྣམས་གྲོང་ཁྱེར་དུ་འདུས་པ་དང་གྲོང་གསེབ་ས་ཁུལ་རིམ་བཞིན་གྲོང་ཁྱེར་གྱི་ས་ཁུལ་དུ་འགྱུར་བའི་བརྒྱུད་རིམ་ལ་ཟེར།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
གྲོང་ཁྱེར་ཅན་དུ་འགྱུར་བ།
རྒྱ་ཡིག་གི་མིང་།
城市化
ཕྱི་ཡིག་གི་མིང་།
urbanisation/urbanization
ཁོངས་གཏོགས།
ས་རྒྱུས།
1 ​གོ་དོན།

གྲོང་ཁྱེར་ཅན་དུ་འགྱུར་བ་ཞེས་པ་ནི་མི་རྣམས་གྲོང་ཁྱེར་དུ་འདུས་པ་དང་གྲོང་གསེབ་ས་ཁུལ་རིམ་བཞིན་གྲོང་ཁྱེར་གྱི་ས་ཁུལ་དུ་འགྱུར་བའི་བརྒྱུད་རིམ་ལ་ཟེར། གྲོང་ཁྱེར་ཅན་དུ་འགྱུར་བ་ནི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་བྱུང་བའི་མཇུག་འབྲས་ཡིན་པ་དང་། སྤྱི་ཚོགས་འཕེལ་རྒྱས་བྱུང་བའི་རྟགས་མཚན་ཡིན། རྒྱལ་ཁབ་ཅིག་གམ་ས་ཁུལ་ཞིག་གྲོང་ཁྱེར་ཅན་དུ་འགྱུར་བའི་ཆུ་ཚད་དེས་རྒྱལ་ཁབ་བམ་ས་ཁུལ་དེའི་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་ཆུ་ཚད་མཚོན་ཐུབ་པ་ཡིན།

2 གྲོང་ཁྱེར་ཅན་དུ་གྱུར་བའི་རྟགས་མཚན།

1.གྲོང་ཁྱེར་གྱི་མི་གྲངས་ཇེ་མང་དུ་འགྲོ་བ།

2.གྲོང་ཁྱེར་གྱི་མི་གྲངས་ཀྱིས་རྒྱལ་སྤྱིའི་མི་གྲངས་ཁྲོད་ཀྱི་ཟིན་ཚད་ཇེ་མང་དུ་འགྲོ་བ།

3.གྲོང་ཁྱེར་གྱིས་ས་གཞིའི་སྤྱོད་ཚད་ཇེ་ཆེར་འགྲོ་བ།

3 གྲོང་ཁྱེར་ཅན་དུ་གྱུར་བའི་གནད་དོན།

1.ཁོར་ཡུག་རིམ་བཞིན་བཙོག་ཏུ་གྱུར་བ།

2.འགྲིམ་འགྲུལ་ལ་འཚང་ཁ་ཆེ་བ་དང་སྡོད་ཁང་གི་ཆ་རྐྱེན་ཞན་པ།

3.ལས་ཀ་འཚོལ་དཀའ་བ་དང་། ལས་ཤོར་བ་ཇེ་མང་དུ་འགྲོ་བ།

4 ཕན་ནུས།

གྲོང་ཁྱེར་ཅན་དུ་འགྱུར་བའི་བརྒྱུད་རིམ་ཁྲོད་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱིས་ངལ་རྩོལ་བྱེད་སྟངས་དང་། མི་རེའི་ཆ་སྙོམས་ཡོང་སྒོ། རིག་གནས་སློབ་གསོའི་ཁྱད་པར་བཅས་མུ་མཐུད་དུ་ཇེ་ཆུང་དུ་འགྲོ་བ་དང་། རིན་ཐང་ལྟ་ཚུལ། འཚོ་བ་རོལ་སྟངས་སོགས་རིམ་བཞིན་གཅིག་མཐུན་དུ་འགྲོ་བ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-18

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།