ཧའེ་ནན་གླིང་ཕྲན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧའེ་ནན་གླིང་ཕྲན།
ཧའེ་ནན་གླིང་ཕྲན་ནི་རང་རྒྱལ་གྱི་ལྷོ་རྒྱུད་མཐའ་ཁུལ་དུ་ཆགས་ཤིང་། ཕྱོགས་བཞི་རྒྱ་མཚོས་བསྐོར་བ་དང་། རྒྱབ་ཏུ་མེས་རྒྱལ་གྱི་སྐམ་ས་ཆེན་པོ་ཡོད། བྱང་ཕྱོགས་སུ་ཆུང་ཀྲོའུ་མཚོ་འགག་དང་ཀོང་ཏུང་ཞིང་ཆེན་གཉིས་ལ་ཐུག་ཡོད་ཅིང་། ནུབ་ཕྱོགས་སུ་ཀོང་ཞི་ཀྲོང་རིགས་རང་སྐྱོང་ཁུལ་དང་ཡུའེ་ནན་གཉིས་ལ་ཐག་ཉེ་བ་དང་། ཤར་ཕྱོགས་ནི་ནན་ཧའེ་དང་ཐའེ་ཝན་གཉིས་དང་ཁ་གཏད་དུ་ཡོད་ལ། ཤར་ལྷོའམ་ལྷོ་ཕྱོགས་སུ་ནན་ཧའེ་ཀྲུང་དང་ཧྥི་ལེ་ཕིན། ཝུན་ལའེ། མ་ལའེ་ཞི་ཡ་བཅས་དང་ཐག་ཉེ་བ་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཧའེ་ནན་གླིང་ཕྲན།
རྒྱ་ཡིག་གི་མིང་།
海南岛
ཕྱི་ཡིག་གི་མིང་།
Hainan Island
ཆ་སྙོམས་དྲོད་ཚད།
ཏུའུ22ནས་ཏུའུ27བར་ཡིན།
སྤྱིའི་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ30000.39 ཡོད།
གནམ་གཤིས།
ཚ་ཁུལ་དུས་རླུང་གནམ་ཟླ།
1 གནས་ཡུལ།

ཧའེ་ནན་གླིང་ཕྲན་ནི་རང་རྒྱལ་གྱི་ལྷོ་རྒྱུད་མཐའ་ཁུལ་དུ་ཆགས་ཤིང་། ཕྱོགས་བཞི་རྒྱ་མཚོས་བསྐོར་བ་དང་། རྒྱབ་ཏུ་མེས་རྒྱལ་གྱི་སྐམ་ས་ཆེན་པོ་ཡོད། བྱང་ཕྱོགས་སུ་ཆུང་ཀྲོའུ་མཚོ་འགག་དང་ཀོང་ཏུང་ཞིང་ཆེན་གཉིས་ལ་ཐུག་ཡོད་ཅིང་། ནུབ་ཕྱོགས་སུ་ཀོང་ཞི་ཀྲོང་རིགས་རང་སྐྱོང་ཁུལ་དང་ཡུའེ་ནན་གཉིས་ལ་ཐག་ཉེ་བ་དང་། ཤར་ཕྱོགས་ནི་ནན་ཧའེ་དང་ཐའེ་ཝན་གཉིས་དང་ཁ་གཏད་དུ་ཡོད་ལ། ཤར་ལྷོའམ་ལྷོ་ཕྱོགས་སུ་ནན་ཧའེ་ཀྲུང་དང་ཧྥི་ལེ་ཕིན། ཝུན་ལའེ། མ་ལའེ་ཞི་ཡ་བཅས་དང་ཐག་ཉེ་བ་ཡིན། ཧའེ་ནན་གླིང་ཕྲན་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ30000.39 ཡོད།

2 གནས་ཡུལ་གྱི་ལེགས་ཆ།

1.ཧྭ་ལྷོ་དང་ལྷོ་ནུབ་ཀྱི་སྐམ་སའི་མངའ་ཁོངས་དེ་རྒྱ་མཚོའི་མངའ་ཁོངས་གཉིས་འདྲེས་པའི་མཚམས་སུ་ཆགས་ཡོད་ལྷོ་ནུབ་འཛམ་གླིང་དུ་སྐྱོད་པའི་སྒོ་མོ་ལྟ་བུར་གྱུར་ཡོད།

2.ཉེ་ལོགས་སུ་ཤང་ཀང་ཡོད་པ་དང་། ནང་ལོགས་སུ་རང་རྒྱལ་གྱི་དཔལ་འབྱོར་དར་རྒྱས་ཆེ་བའི་ཀྲོའུ་ཅང་ཟུར་གསུམ་གླིང་ལ་བརྟེན་ཞིང་། ཕྱི་ཕྱོགས་སུ་ཡ་གླིང་ཤར་ལྷོའི་ས་ཁུལ་ལ་ཉེ་བས་དཔལ་འབྱོར་འཕེལ་རྒྱས་ཐད་ཆ་རྐྱེན་འཛོམས་ཡོད།

3.ནུབ་ཀྱི་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུག་རྒྱུད་དུ་ཆགས་ཤིང་། འཇའ་ཕན་དང་སིང་ཀ་ཕོར་གྱི་བར་དུ་གནས་པས་རྒྱལ་སྤྱིའི་གྲུ་ལམ་ཟབ་སར་བཅར་ཡོད།

3 ས་བབ།

གླིང་ཕྲན་ཡོངས་ནི་འཇོང་དབྱིབས་ཤིག་དང་མཚུངས་ལ། ས་དབྱིབས་ཐད་ནས་དཀྱིལ་མཐོ་ཞིང་མཐའ་འཁོར་དམའ་བ་ཡིན། རི་ཁུལ་དང་རི་མ་ཐང་། སྒང་འབུར། བདེ་ཐང་སོགས་ཀྱིས་གོར་དབྱིབས་བང་རིམ་ཅན་གྱི་རྣམ་པར་གྲུབ་ཡོད།

4 གནམ་གཤིས།

ཧའེ་ནན་གླིང་ཕྲན་ནི་ཚ་ཁུལ་གྱི་བྱང་མཐའ་རུ་གནས་པ་ཡིན་ལ། གནམ་གཤིས་ནི་ཚ་ཁུལ་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། རང་བྱུང་གི་དྲོད་ཁང་ཆེན་མོ་ཞེས་པར་གྲགས་པ་ཡིན། དེ་རུ་ལོ་ཧྲིལ་བོར་དབྱར་ཁ་ལས་དགུན་ཁ་མེད་པ་ཡིན་ཞིང་། ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་དྲོད་ཚད་ནི℃22-℃27 གྱི་བར་ཡིན་ཏེ། ཆེས་འཁྱག་པའི་ཟླ་བའི་ནང་གི་དྲོད་ཚད་ཀྱང℃17-℃24 བར་ཡིན། ཡང་གནས་དེ་རུ་དཔྱིད་ཀ་ཚེས་སྔ་བ་དང་དྲོད་ཚད་འཕར་བ་མགྱོགས་པར་མ་ཟད། ཉིན་ཧྲིལ་བོའི་ནང་གི་དྲོད་ཚད་ཀྱི་བར་ཁྱད་ཧ་ཅང་ཆེ་བ་ཡིན།

ཧའེ་ནན་གླིང་ཕྲན་དུ་ཆར་ཆུའི་འབབ་ཚད་ཧ་ཅང་འཛོམས་པོ་ཡིན་ལ། ལོ་ཧྲིལ་བོའི་ནང་གི་ཆར་ཆུ་འབབ་ཚད་ནི་ཧོ་སྨི1000-2600བར་ཡིན་པ་དང་། ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི་ཧོ་སྨི1639ཡིན་ཞིང་། ལོ་རེའེ་ཟླ་བ5-10ནི་ཆར་ཆུ་མོད་པའི་དུས་ཚིགས་ཡིན་པ་དང་། སྤྱིའི་ཆར་ཆུ་འབབ་ཚད་ནི་ཧོ་སྨི1500 ཡས་མས་ཡིན་ཏེ། ལོ་ཧྲིལ་བོའི་ཆར་ཆུ་འབབ་ཚད་ཀྱི70-90% བར་ཟིན་ཡོད།

5 མི་རིགས།

ཧའེ་ནན་གླིང་ཕྲན་གྱི་གཞིས་ཆགས་མི་རིགས་ནི་རྒྱ་རིགས་དང་ལི་རིགས། མིའོ་རིགས། ཧུའེ་རིགས་བཅས་ཡིན་ལ།དེ་ལས་གཞན་པའི་མི་རིགས་ནི་བཅིངས་འགྲོལ་རྗེས་ས་དེར་གནས་སྤར་བའི་ལས་བྱེད་པ་དང་ལས་བཟོ་བ་སོགས་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོར་བགོས་པ་དེ་ཡིན། དེ་ཡང་ལི་རིགས་ནི་ཧའེ་ནན་གླིང་ཕྲན་སྟེང་དུ་འཚོ་སྡོད་ཀྱི་མི་རིགས་ཆེ་སྔ་ཤོས་དེ་ཡིན་ཞིང་། གཞིས་ཆགས་ཀྱི་མི་རིགས་མང་ཆེ་བ་ནི་དབུས་རྒྱུད་དང་ལྷོ་རྒྱུད་ཀྱི་ཆུང་ཀྲུང་། པའོ་ཐིང་། པའེ་ཧྲ། ལིང་ཧྲུའེ། ཁྲང་ཅང་སོགས་རྫོང་སོ་སོ་དང་། སན་ཡ་གྲོང་ཁྱེར་དང་ཝུའུ་ཀྲི་ཧྲན་གྲོང་ཁྱེར་བཅས་སུ་ཁྱབ་ཡོད། ཡང་རྒྱ་རིགས་ནི་གཙོ་བོ་བྱང་ཤར་ས་ཁུལ་དང་བྱང་རྒྱུད། མཚོ་འགྲམ་ས་ཁུལ་བཅས་སུ་ཁྱབ་ཡོད་པ་ཡིན།

6 ཐོན་ཁུངས་ཀྱི་ལེགས་ཆ།

ཧའེ་ནན་གླིང་ཕྲན་གྱི་མངའ་དབང་མཚོ་ཁོངས་ཀྱི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་རྒྱ་མཚོའི་མངའ་ཁོངས་ཀྱི་སུམ་ཆའི་གཉིས་ཟིན་པ་དང་། རྒྱ་ཆེ་བའི་རྒྱ་མཚོའི་ནང་དུ་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཏེ། ཉ་ལས་ཐོན་ཁུངས་དང་། སྐྱེ་དངོས་ཐོན་ཁུངས། སྣུམ་རླངས་ཐོན་ཁུངས། ཡུལ་སྐོར་ཐོན་ཁུངས་སོགས་ས་གནས་མང་ཚོགས་ཀྱི་འཚོ་བའི་དཔལ་འབྱོར་གོང་སྤེལ་དུ་གཏོང་བར་འཚམ་པའི་ཐོན་ཁུངས་མང་པོ་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-18

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།