སློབ་མ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

སློབ་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དག་ཡིག )

དགེ་རྒན་གྱིས་རང་གི་སློབ་ཁྲིད་བྱས་པའི་མི་ལ་སློབ་མ་ཟེར།
1 ལོ་ཙཱ།

རྒྱ་ཡིག 弟子,学生

དབྱིན་ཡིག student

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  དགེ་རྒན་གྱིས་རང་གི་སློབ་ཁྲིད་བྱས་པའི་མི་ལ་སློབ་མ་ཟེར་ཏེ། སློབ་དཔོན་དང་སློབ་མ་ཞེས་པ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  དགེ་ཕྲུག  弟子,学生。

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  བསླབ་བྱ་ཚུལ་བཞིན་དུ་ལེན་མཁན་དགེ་ཕྲུག 名词。学生,弟子。如理接受教诲的徒弟:བླ་སློབ། 上师和弟子。དཔོན་སློབ། 师长和学生。དགེ་སློབ། 师徒。དངོས་སློབ། 亲炙弟子。ཞལ་སློབ། 口传弟子。ཡང་སློབ། 再传弟子。སློབ་མ་སྐྱ་བོ། 在家弟子。སློབ་མ་རབ་ཏུ་བྱུང་བ། 出家弟子。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ①སློབ་གྲྭ་སོགས་ནས་ཤེས་ཡོན་སློབ་གཉེར་བྱེད་མཁན་གྱི་གང་ཟག དཔེར་ན། སློབ་མས་སློབ་སྦྱོང་བྱས། སློབ་གྲྭའི་སློབ་མ་ལྟ་བུ། ②ཆོས་ལུགས། སྔགས། རྫོགས་ཆེན། རྙིང་མ། གསང་སྔགས་ཀྱི་རྒྱུད་རྣམས་ལས་བྱུང་བའི་སློབ་མ་སྟེ། རིག་པ་རང་ཤར་གྱི་རྒྱུད་ལས། སློབ་མའི་ངེས་ཚིག་འདི་ལྟ་སྟེ། །མ་ཡེངས་ཚུལ་གྱིས་ཉན་པས་སློབ། ། མན་ངག་སྣོད་དུ་གྱུར་པས་མ། ། དེ་ལྟར་དོན་ལྡན་དཔོན་སློབ་ནི། །ཡང་དག་ས་ལ་མཉམ་པོར་གནས། ། དམ་ཚིག་ལྡན་ན་དེ་བཞིན་ནོ། ། ཞེས་གསུངས། ③རྒྱན་སློབ་མར་བཞག་པ་ཞེས་པའི་སློབ་མ་ནི། སྤང་ལེབ་བམ་ལྕུག་མ་ཕྲ་མོ་སོགས་ལས་བྱས་པའི་ཡོ་བྱད་འཇོག་པའི་སྣོད་གྲུ་བཞི་དང་སྒོར་མོ་སོགས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-14

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།