སྒོ་ཕྱུགས་ལ་ངེས་མཁོའི་འཚོ་བཅུད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྲི་དཀར་དང་། ཐན་ཆུའི་འདྲེས་སྦྱོར་རྫས། ཚིལ། ཀལ་དང་ལིང་། བཟའ་ཚྭ། ཆུ་བཅས་ནི་སྒོ་ཕྱུགས་ཀྱི་རིགས་ལ་མེད་དུ་མི་རུང་བའི་ངེས་མཁོའི་འཚོ་བཅུད་འབའ་ཞིག་གོ། །
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
སྨན་བཅོས་བདེ་སྲུང་།
1 སྤྲི་དཀར།

སྤྲི་དཀར་ནི་སྒོ་ཕྱུགས་ཀྱི་ཚེ་སྲོག་རྒྱུན་འཁྱོངས་དང་། སྐྱེ་འཚར། སྐྱེ་འཕེལ་བཅས་ལ་མེད་དུ་མི་རུང་བའི་དངོས་རྫས་ཤིག་རེད། སྤྲི་དཀར་ཕྱུགས་ཀྱི་ལུས་སྟེང་དུ་ཚ་ཚད་ལ་འགྱུར་ནས་ཕྱུགས་ཀྱི་ཚེ་སྲོག་རྒྱུན་འཁྱོངས་དང་། ཤ པགས་པ། སྤུ་སྐྱེ་འཚར་སོགས་ཀྱི་དགོས་མཁོ་སྐོང་ཐུབ།

2 ཐན་ཆུའི་འདྲེས་སྦྱོར་རྫས།

གཟན་ཆས་ནང་གི་ཐན་ཆུའི་འདྲེས་སྦྱོར་དངོས་རྫས་ནི་སྒོ་ཕྱུགས་ལ་མཁོ་བའི་ནུས་ཚད་ཀྱི་འབྱུང་ཁུངས་ཤིག་ཡིན། དེ་ཕྱུགས་ཀྱི་ལུས་པོའི་དབུགས་འབྱིན་རྔུབ་དང་འགུལ་སྐྱོད། འཇུ་ལེན། དེ་མིན་ལུས་པོའི་དྲོད་ཚད་རྒྱུན་འཁྱོངས་སོགས་ཚེ་སྲོག་འགུལ་སྐྱོད་ཀྱི་ནུས་ཁུངས་སྣ་ཚོགས་ཆགས་ཀྱི་ཡོད། གཞན་ཐན་ཆུའི་འདྲེས་སྦྱོར་དངོས་རྫས་དེ་དག་ཕྱུགས་ཀྱི་ལུས་པོའི་ནང་ཚིལ་ལ་འགྱུར་བ་དང་། ཉར་ཚགས་ཀྱིས་ནུས་ཚད་གསོག་འཇོག་གིས་ལྟོགས་པའི་དུས་སུ་བེད་སྤྱོད་གཏོང་གི་ཡོད།

3 ཚིལ།

ཚིལ་གྱིས་ཕྱུགས་ཀྱི་ནུས་ཚད་མཁོ་བ་དང་ལུས་པོའི་ནུས་ཚད་ཉར་ཚགས་བྱེད་པའི་བྱ་ཐབས་ཡག་ཤོས་ཤིག་ཡིན་པ་དང་། ཚལ་དེ་བཞུར་བདེའི་འཚོ་རྒྱུའི་བཞུར་སྨན་ཡིན་ཅིང་། ཚིལ་མི་འདང་བའི་སྐབས་འཚོ་རྒྱུ་དེ་རིགས་འཇུ་ལེན་དང་། བེད་སྤྱོད་བྱེད་པར་ཤུགས་རྐྱེན་ཐོན་གྱི་ཡོད།

4 ཀལ་དང་ལིང་།

ཕྱུགས་ལུས་སྟེང་དུ་ཀལ་དང་ལིང་ནི་རུས་སྒྲོམ་གྱི་གཙོ་བོའི་གྲུབ་ཆ་ཞིག་རེད། གལ་ཏེ་དུས་ཡུན་རིང་པོ་ཀལ་དང་ལིང་མི་ལྡེང་བའམ་ཀལ་དང་ལིང་གི་བསྡུར་ཚད་མ་འཚམ་ན་ཕྱུགས་ཀྱི་ཤ་ཤེད་ཇེ་ཞན་དུ་འགྲོ་བ་དང་། སྐྱེ་འཕེལ་རྒྱུན་མི་གཏན་པ། དྲོས་རྩ་མི་ལངས་པ། མངལ་མི་འཁོར་བ་བཅས་ཀྱི་གནོད་སྐྱོན་ཐེབས་བཞིན་ཡོད།

5 བཟའ་ཚྭ།

བཟའ་ཚྭ་ནི་བྲོ་བ་སྙོམ་རྫས་ཤིག་ཡིན་ལ། འཚོ་བཅུད་ཀྱི་དངོས་རྫས་ཤིག་ཀྱང་ཡིན་ནོ། ། ཚྭས་གཟན་ཆས་ཟ་བདེ་ཞིང་ཟས་འཇུ་བར་རོགས་སྐྱོར་བྱེད་པ། གཟན་ཆས་བེད་སྤྱོད་བྱ་ཚད་མཐོ་རུ་གཏོང་བཞིན་ཡོད། ཕྱུགས་ལ་ཚྭ་མི་ལྡེང་བའི་སྐབས་ཡི་ག་ཉམས་ཤིང་། སྒལ་སྤུ་རྩུབ་ཅིང་གཟེངས་པ། མིག་ལ་འོད་མདངས་མི་ལྡན་པ། སྐྱེ་འཚར་འགོར་བ། ལུས་པོའི་ལྗིད་ཚད་དང་འོ་མ་ཐོན་ཚད་དམའ་རུ་འགྲོ་བ་ཡིན།

6 ཆུ།

སྒོ་ཕྱུགས་ལ་འཐུང་ཆུ་འདང་ངེས་མ་བྱུང་ན་ལུས་ཤ་ཤེད་རྒྱས་པར་ཐད་ཀར་ཤུགས་རྐྱེན་ཐེབས་པ་མ་ཟད། ཚེ་སྲོག་ལའང་ཉིན་ཁ་ཡོད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-07

གསར་སྤེལ་མཁན། :ཚེ་དོན།577

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།