ཀ་པ་ལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀ་པ་ལའི་སྒྲ་བོད་སྐད་དུ་བསྒྱུར་ན་བདེ་སྐྱོང་ཞེས་བདེ་བ་ཆེན་པོའི་རྟོགས་པའི་རྒྱུན་སྐྱོང་བར་བྱེད་པས་དེ་ལྟར་ཐོགས་པར་གསུངས། རྒྱུ་ཐོད་རུས་ཀྱི་ཕོར་བ་ཡིན་པས་འདི་ལ་ཐོད་ཕོར་དང་། ནང་གསང་སྔགས་ཀྱི་ཉམས་ལེན་མཁན་གྱི་འཐུང་སྣོད་ཡིན་པས་ནང་གི་ལྷུང་བཟེད་ཀྱང་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
颅器
ཁོངས་གཏོགས།
ནང་བསྟན་གྱི་བརྡ་ཆད།
མིང་གཞན།
ཐོད་ཕོར།   ནང་གི་ལྷུང་བཟེད།
1 ངོ་སྤྲོད།

ཀ་པ་ལའི་སྒྲ་བོད་སྐད་དུ་བསྒྱུར་ན་བདེ་སྐྱོང་ཞེས་བདེ་བ་ཆེན་པོའི་རྟོགས་པའི་རྒྱུན་སྐྱོང་བར་བྱེད་པས་དེ་ལྟར་ཐོགས་པར་གསུངས། རྒྱུ་ཐོད་རུས་ཀྱི་ཕོར་བ་ཡིན་པས་འདི་ལ་ཐོད་ཕོར་དང་། ནང་གསང་སྔགས་ཀྱི་ཉམས་ལེན་མཁན་གྱི་འཐུང་སྣོད་ཡིན་པས་ནང་གི་ལྷུང་བཟེད་ཀྱང་ཟེར། འདི་ནི་རབ་བྱུང་དང་རྣལ་འབྱོར་བ་སོགས་ཀྱི་འཐུང་སྣོད་མིན་ལ། སྔགས་པས་རྒྱུན་སྤྱོད་ཀྱི་འཐུང་སྣོད་ཡིན་རུང་། ཁྲོམ་སོགས་སུ་གང་བྱུང་དུ་སྤྱོད་མི་རུང་། རྟེན་རྫས་དང་དབང་རྫས་ཀྱི་ཀ་པ་ལ་ནི། ཐོད་པ་མཚན་ལྡན་དུམ་བུ་གཅིག་ནས་བརྒྱད་བར་གྱི་དབྱིབས་དང་། ཁ་དོག་བཟང་ངན་བརྟག་ནས་སྤྱོད་དགོས་པར་རྒྱུད་སྡེ་རྣམས་ནས་གསུངས། འདི་ཡང་གསེར་དངུལ་སོགས་གཙང་བ་དང་ཐོད་ཕོར་བཙོག་པ་དམེ་བའི་རྣམ་རྟོག་འཇོམས་པའི་ཐབས་ཡིན་པས། དེ་འདྲའི་རྣམ་རྟོག་མ་བཟློག་ན། ཐོད་ཕོར་ནང་འཐུང་ཡང་སྨྱོན་པའི་བྱེད་སྟངས་ལྟ་བུ་ལས་རབ་རྒྱུད་ལ་ཕན་ཐོགས་གང་ཡང་མེད་པར་གསུངས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-18

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།