གཟན་ཆས་ལས་སྣོན་ལག་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་ཕྱུགས་ཟོག་གི་གཟན་ཆས་ཞིབ་མོར་འཐག་པ་དང་། ཉུང་ངུར་གཏུབ་པ། རླངས་གནོན་བྱེད་པ། ད་དུང་རྫས་འགྱུར་རིགས་ཀྱི་ལས་སྣོན་བྱེད་ཐབས་ཀྱི་ལག་རྩལ་ངོ་སྤྲོད་གནང་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ཕྱུགས་ལས།
1 ​གཟན་ཆས་རགས་པ་ལས་སྣོན།

1.ཞིབ་མོར་འཐག་པ་དང་ཐུང་ངུར་གཏོང་བ། ཞིབ་འཐབ་བྱེད་པ་དང་བཙིར་གནོན་བྱེད་པ་སོགས་བརྒྱུད་ནས་གཟན་ཆས་ཀྱི་སྟུག་ཚད་མཐོ་རུ་འགྲོ་བཞིན་ཡོད། ཡིན་ནའང་ཞིབ་བཏགས་བྱས་པའི་གཟན་ཆས་སྒོ་ཕྱུགས་ཀྱི་འཇུ་ལམ་བརྒྱུད་པའི་དུས་ཐུང་དུ་འགྲོ་བས་འཇུ་ཚད་མཐོ་རུ་འགྲོ་མི་ཐུབ། ཤིན་ཏུ་ཞིབ་མོར་འཐག་ན་མ་གཞི་ཐཱན་ཆུའི་དངོས་སྦྱོར་འཇུ་ཚད་གང་ཙམ་མཐོ་རུ་གཏོང་ཐུབ་རུང་། སྒོ་ཕྱུགས་ལ་ཕན་ཐོགས་དེ་ཙམ་མེད་པ་སྟེ། ཞིབ་འཐག་བྱེད་པའི་མ་རྩ་མཐོ་བ་དང་འཇུ་ལམ་བརྒྱུད་མགྱོགས་པ་མ་ཟད་བྲོ་བའང་ཇེ་ཞེན་དུ་འགྱུར་འགྲོ། གཟན་ཆས་ཐུང་ངུར་གཏུབ་ན་ལྡད་རྒྱག་པའི་ནུས་ཚད་ཟད་གྲོན་དང་། གཟན་ཆས་འཕྲོ་བརླག་འགྲོ་ཚད་ཉུང་དུ་འགྲོ་ཐུབ་པ་མ་ཟད། སྦྱོར་བསྲེས་བྱ་བདེ་བ་དང་ཟ་ཚད་མཐོ་རུ་གཏོང་ཐུབ། གཟན་ཆས་གཏུབ་སྐབས་བ་གླང་ལ་སྟེར་བ་ཡིན་ཚེ་ལི་སྨི3-4དང་། རྟ་དྲིལ་བོང་གསུམ་ལ་སྟེར་ན་ལི་སྨི2-3 དང་། ར་ལུག་ལ་སྟེར་ན་ལི་སྨི1.5-2.5གཏུབ་དགོས། མདོར་ན་ཚི་སྣ་མང་བའི་གཟན་ཆས་ཞིབ་འཐག་དང་ཐུང་ངུར་གཏུབ་ན། གནོན་བཙིར་བྱས་པ་བརྒྱུད་ཟ་ཚད་མཐོ་རུ་ཕྱིན་པ་དང་འཇུ་བའི་རང་བཞིན་དམའ་རུ་ཕྱིན་ཡོད། 2.རླངས་པས་ཐག་གཅོད་བྱེད་པ། མཐོ་གནོན་རླངས་པས་ཚི་སྣ་མང་བའི་གཟན་ཆས་ཀྱི་འཇུ་ནུས་རང་བཞིན་མཐོ་རུ་གཏོང་ཐུབ།

རླངས་པས་ཐག་གཅོད་བྱེད་སྐབས་གནོན་ཤུགས་ལི་སྨི་གྲུ་བཞི་མ་རེར་སྤྱི་རྒྱ20-25བྱས་ན་ཕན་འབྲས་ལེགས་པོ་ཐོན་ཐུབ་པ་དང་། དེ་ལས་བརྒལ་ན་ཕན་ནུས་དེ་ཙམ་ལེགས་པོ་མི་ཐོན། ལི་སྨི་ངོས་སྙོམས་གྲུ་བཞི་མ་རེའི་གནོན་ཤུགས་སྤྱི་རྒྱ20-30འོག་གཟན་རྩྭ་སྐར་མ1-1.5ཐག་གཅོད་བྱས་ན་འཚམ། 3.ཐབས་གཞན་དག འཕྲུལ་ཆས་ཀྱིས་གཟན་ཆས་རགས་པ་ཐག་གཅོད་བྱ་ཐབས་ལ་ད་དུང་རྒྱུན་སྲོལ་གྱི་གཟན་ཆས་སྦོང་བ་དང་། རླངས་བཙོས་རྒྱག་པ་སོགས་ཡོད་ཀྱང་འདིར་རྒྱས་པར་ར་སྤྲོད་མི་བྱའོ། །

2 རྫས་འགྱུར་གྱི་ལས་སྣོན།

1.རློན་ཐབས་ཐག་གཅོད་བྱས་པའི་སོག་མའི་ནང་ནཱའམ་ཆིང་དབྱང་ནཱ་རྫས་ངེས་ཅན་ལྡན་ཡོད་སྟབས་སྐྱུར་གཤིས་གཟན་ཆས(དཔེར་ན་སྔོ་གཟན་བསྙལ་མའམ་གཟན་ཆས་སྤུས་ལེགས)མཉམ་སྟེར་བྱས་ན་བུལ་གཤིས་མེད་པ་བཟོ་ཐུབ། སོག་མ་འབོར་ཆེན་ཐག་གཅོད་བྱེད་སྐབས་སྤྱད་ཟིན་པའི་ཞུན་ཁུ་བསྐྱར་དུ་བེད་སྤྱོད་བྱས་ན་འགྲིག་རུང་། ཆིང་དབྱང་ནཱ་རྫས་ཞུན་ཁུའི་གར་ཚད་གཏན་ཁེལ་ལྟར་ཧ་ལམ་བརྒྱ་ཆ1.5ལ་གོ་སྒྲིག་བྱ་དགོས། 2.སྐམ་ཐབས་འདིར་ཆུས་འཁྲུད་པའི་བརྒྱུད་རིམ་གང་ཡང་མེད་པས་བརྒྱབ་པའི་ཆིང་ཡཱང་ནཱ་རྫས་སོག་མའི་ནང་སྔར་བཞིན་ལུས་ཡོད། བུལ་འགྱུར་ཐག་གཅོད་བྱས་པའི་སོག་མའི་འཇུ་བའི་རང་བཞིན་དང་ནུས་ཚད་མཐོ་རུ་འགྲོ་བཞིན་ཡོད། སྐྱེ་ལྡན་དངོས་པའི་འཇུ་ཚད་བརྒྱ་ཆ45-50ནས་བརྒྱ་ཆ60-70བར་ལ་འཕར་ཡོད། བུལ་འགྱུར་ཐག་གཅོད་བྱས་པའི་གཟན་རྩྭའི་ནུས་ཚད་མཐོ་རུ་ཕྱིན་ཡོད་པས་བཞོན་མའི་གཟན་འབྲུ་བརྒྱ་ཆ38འདི་བེད་སྤྱོད་པ་ཡིན། བུལ་འགྱུར་སོག་མ་འདི་རིགས་རིལ་བུ་བཟོས་ནས་སྒོ་ཕྱུགས་ལ་ཐད་ཀར་སྟེར་བའམ་ཕྱེ་མར་འཐག་ནས་སྤུལ་ལེགས་གཟན་ཆས་དང་བསྲེས་ཏེ་འཚོ་བཅུད་ཆ་ཚང་བའི་མཉམ་བསྲེས་གཟན་ཆས་སྦྱོར་བཟོ་བྱེད་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-15

གསར་སྤེལ་མཁན། :ཚེ་དོན།577

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།