ལུག་གསོ་བའི་ལག་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུག་གསོ་བའི་ལས་རིགས་དེ་འབྲོག་ཁུལ་ནས་ཞིང་ཁུལ་དུ་རིམ་པར་འགྱུར་བཞིན་ཡོད་པས། འོན་ཀྱང་ཞིང་ཁུལ་གྱི་སྲོལ་རྒྱུན་དོ་དམ་བྱེད་སྟངས་ལ་དཔལ་འབྱོར་གྱི་ཁ་ཕན་འབྲས་ཆེན་པོ་ཐོབ་དཀའ། རིགས་རྒྱུད་སྤུས་ལེགས་ནང་འདྲེན་བྱེད་པ་དང་ཟུང་འབྲེལ་གྱིས་གཞི་རྩའི་ལག་རྩལ་ཁོང་དུ་ཆུད་ཚེ་ལུག་གསོ་བའི་དཔལ་འབྱོར་གྱི་ཁེ་ཕན་མཐོ་རུ་གཏོང་ཐུབ།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ཕྱུགས་ལས།
1 ​ངོ་སྤྲོད།

ལུག་གསོ་བའི་ལས་རིགས་དེ་འབྲོག་ཁུལ་ནས་ཞིང་ཁུལ་དུ་རིམ་པར་འགྱུར་བཞིན་ཡོད་པས། འོན་ཀྱང་ཞིང་ཁུལ་གྱི་སྲོལ་རྒྱུན་དོ་དམ་བྱེད་སྟངས་ལ་དཔལ་འབྱོར་གྱི་ཁ་ཕན་འབྲས་ཆེན་པོ་ཐོབ་དཀའ། རིགས་རྒྱུད་སྤུས་ལེགས་ནང་འདྲེན་བྱེད་པ་དང་ཟུང་འབྲེལ་གྱིས་གཞི་རྩའི་ལག་རྩལ་ཁོང་དུ་ཆུད་ཚེ་ལུག་གསོ་བའི་དཔལ་འབྱོར་གྱི་ཁེ་ཕན་མཐོ་རུ་གཏོང་ཐུབ།

2 མངལ་ཆགས་སུ་འཇུག་པ།

མས་ཐབས་ལ་བརྟེན་ནས་མངལ་ཆགས་སུ་འཇུག་པ། ལག་རྩལ་དེ་ཁྱབ་གདལ་བཏང་ཚེ་ལུག་ཐུག་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་ཐུབ་ལ། ཁྲོམ་གསོ་བའི་གྲངས་ཉུང་དུ་གཏོང་ཐུབ་པ་མ་ཟད་གསོ་ཚགས་ཀྱི་དངུལ་གྲོན་ཆུང་དང་ཁྲོམ་སྤུས་ལེགས་ཉོ་སྒྲུབ་ཀྱི་དངུལ་ཡང་གྲོན་ཆུན་བྱེད་ཐུབ་བོ། །

3 ལུ་གུར་གཟན་ཆས་སྟེར་བ།

ལུ་གུ་བཙས་ནས་གཟའ་འཁོར་འགའ་འགོར་རྗེས་མ་མོས་ལུག་གུའི་འཚོ་བཅུད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད། དེར་བརྟེན་ལུ་གུ་ལ་རྩྭ་ཟ་བ་དང་། གཟན་ཆས་ཟ་བའི་སྦྱོང་བརྡར་གང་ལེགས་མཁོ་སྤྲོད་ཀྱིས་གཟན་ཆས་ཁ་གསབ་བྱེད་དགོས། སྤྱིར་ན་ལུ་གུ་སྐྱེས་ནས་ཉིན7-10བར་སོང་བའི་ལུག་ཕྲུག་ལ་ཟས་ཀྱིས་གཟན་ཆས་སྟེར་འགོ་འཛུགས་དགོས་པ་དང་། སྐྱེས་ནས་ཉིན15-30བར་གྱི་ལུ་གུ་ལ་ཉིན་ལྟར་གཟན་ཆས་ཁེ50-70བར་སྟེར་དགོས། སྐྱེས་ནས་ཉིན30-60བར་སོང་བའི་ལུ་གུར་གཟན་ཆས་ཁེ100སྟེར་དགོས། སྐྱེས་ནས་ཉིན60-90བར་སོང་བའི་ལུ་གུར་གཟན་ཆས་ཁེ200སྦྱིན་ནས་ལུ་གུ་བདེ་ཐང་ངང་འཚར་ལོངས་བྱུང་བར་བྱེད་དགོས། ལུ་གུ་མ་མོ་དང་ཁ་བྲལ་ནས་འོ་མ་བཅད་དེ་ལུ་གུ་གསོ་བར་རྨང་གཞི་ཡག་པོ་འདིང་ཆེད་ལུ་གུ་སྐྱེས་ནས་ཉིན100སོང་མཚམས་སུ་མ་མོ་དང་ཁ་བྲལ་ནས་འོ་མ་གཅོད་དགོས་ཤིང་། འཕྱི་ཤོས་ལའང་ཟླ་བ4ལས་བརྒལ་མི་རུང་ངོ་། །

4 ལས་སྣོན་གཟན་ཆས་སྟེར་བ།

སྲོལ་རྒྱུན་གྱི་ལུག་གསོ་སྐབས་ལས་སྣོན་གང་ཡང་མ་བྱས་པར་རྩྭའམ་མ་རྨོས་ལོ་ཏོག་ཐད་ཀར་སྟེར་གྱི་ཡོད། དེ་ལྟར་བྱས་ཚེ་ལུག་གིས་འཇུ་དཀའ་བ་མ་ཟད་གཟན་རྩྭའི་ཐོན་ཁུངས་འཕྲོ་བརླག་མང་པོ་འགྲོ་བ་དང་། ལུག་གི་ཤ་ཤེད་ལ་དེ་འདྲའི་ཕན་ཐོགས་ཀྱི་མི་འདུག  དེར་བརྟེན་སྔོ་གཟན་སྙོལ་བ་དང་། ཨན་འགྱུར། སྐྱུར་བསྙལ་རྒྱག་པ་སོགས་གཟན་ཆས་ལས་སྣོན་ལག་རྩལ་ཁྱབ་གདལ་གཏོང་བ་བརྒྱུད་ལུག་གསོ་བའི་དཔལ་འབྱོར་ཁེ་ཕན་མཐོ་རུ་གཏོང་དགོས།

5 ལུག་བལ་འོས་འཚམས་འཇོག་པ།

སྔོན་ཆད་ལུག་བལ་རྩ་བ་ནས་འབྲེག་པའི་སྲོལ་ཡོད་སྟབས། མཐོ་སྒང་གི་གནམ་ཟླ་ཧ་ཅང་འཁྱག་པའི་རྒྱུ་མཚན་གྱིས་ལུག་ལ་ཤ་ཤེད་རྒྱས་པ་གནོད་པ་ཐེབས་ཀྱི་ཡོད། དེའི་ཕྱིར་ལུག་བལ་འོས་འཚམས་བཞག་ཚེ། དབྱར་དུས་ལུས་སྟོབས་རྒྱས་པ། སྟོན་དུས་ལུས་ཤ་རྒྱགས་པ། དགུན་ཁར་ཟུངས་ཤུགས་མི་ཤོར་བ་བཅས་ཀྱི་དགེ་མཚན་ཡོད།

6 རིམས་ནད་འགོག་སྨན་རྒྱག་པ།

རིམས་ནད་ཕྱོགས་བསྡུས་ཀྱི་འགོག་བཅོས་བྱེད་པའི་ལག་རྩལ་ཁོང་དུ་ཆུད་པར་བྱེད་དགོས། རིམས་ནད་ནི་ལུག་ཐོན་སྐྱེད་བྱེད་པའི་ཉེན་ཁ་ཆེ་ཤོས་ཡིན་པས་འགོ་ནད་སྔོན་འགོག་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་སྔོན་འགོག་བྱ་རྒྱུ་གཙོ་གནད་དུ་འཛིན་དགོས། དུས་ལྟར་དུ་ལུག་གི་ལུས་སྟེང་གི་སྲིན་འབུ་ཕྱིར་འབུད་གཏོང་དགོས་པ་དང་། ལུག་རའི་གཙང་སྦྲ་དང་དོད་བྱེད་པ་དང་དུག་སེལ་ཡང་ཡང་བྱེད་དགོས། རྟག་ཏུ་ལུག་གི་བཟའ་འཐུང་དང་རིལ་མ་སོགས་རྒྱུན་ལྡན་ཡིན་མིན་ལ་བརྟག་དཔྱད་བྱེད་དགོས།

7 རྒྱུད་འདྲེས་བྱེད་པ།

རྒྱུད་འདྲེས་ཀྱིས་ལུག་གསོ་སྤེལ་བྱེད་དགོས། ལུག་ཐུག་སྤུས་ལེགས་དང་རང་ས་གནས་ཀྱི་མ་མོར་རྒྱུད་འདྲེས་བྱེད་དགོས། རྒྱུད་འདྲེས་ལུག་ཕྲུག་སྐྱེ་འཚར་མགྱོགས་པ་མ་ཟད། ཤ་སྤུས་དག་ལ་རིན་གོང་མཐོ་བའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-15

གསར་སྤེལ་མཁན། :ཚེ་དོན།577

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།