གླིང་གི་སྟོབས་ཆེན་རྣམ་གསུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལས་བྱུང་བའི་གླིང་ཡུལ་ན་སྙན་གྲགས་འབྲུག་སྒྲ་བཞིན་ལྡིར་བའི་མིང་ལ་སྟོབས་ཆེན་རྣམ་གསུམ་ཐོགས་པའི་བློན་གསུམ་སྟེ། སྟོབས་ཆེན་གླང་བོ་ཁྲ་འབར་དང་། སྟོབས་ཆེན་མུ་སྤྱང་སེང་གེ་རྔམ་ཆེན། སྟོབས་ཆེན་འབྲོང་གཡག་དར་མ་གསུམ་ངོ་སྤྲོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
岭国三大力士
ཁོངས་གཏོགས།
གེ་སར་སྒྲུང་།
1 ངོ་སྤྲོད།
1_1 སྟོབས་ཆེན་གླང་བོ་ཁྲ་འབར།

ཆེན་པོ་ཧོར་གྱི་སྡིག་གཅོད་སྤུན་ལྔའི་ཡ་གྱལ་ཏེ་སྤྱང་གྲུང་དཔའ་སྟོབས་གཉིས་ཀ་ལྡན་པས། གར་དཀར་རྒྱལ་པོའི་དམག་དཔོན་དྲག་ཤོས་ཡིན། ཧོར་གུར་དཀར་རྒྱལ་པོས་གླིང་ལ་བཙན་ཤེད་ཀྱིས་དཔུང་འཇུག་བྱེད་སྐབས། དཔའ་ངར་ལྡན་ཞིང་དྲག་རྩལ་ལ་མཁས་པའི་གླིང་གི་དམག་དཔོན་མང་པོ་ཞིག་གིས་ཁོ་དང་འཐབ་དུས་ཕམ་ཁ་ཁུར། གླིང་རྗེ་གེ་སར་རྒྱལ་པོས་ཧོར་གུར་དཀར་རྒྱལ་པོ་ཆམ་ལ་ཕབ་རྗེས་སུ། དྲག་པོའི་ཚུལ་གྱིས་སྟོབས་ཆེན་བཏུལ་བ་ཡིན་ནོ། །

1_2 སྟོབས་ཆེན་མུ་སྤྱང་སེང་གེ་རྔམ་ཆེན།

གླིང་གི་རྒྱལ་སྲས་དགྲ་ལྷ་རྩེ་རྒྱལ་གྱི་སྐུ་སྲུང་དཔོན་ཏེ། གླིང་དང་ལ་དྭགས་བར་ལ་དམག་འཁྲུག་བྱུང་དུས། སེང་གེ་རྔམ་ཆེན་ཡང་དགྲ་ལྷ་རྩེ་རྒྱལ་གྱི་རྗེས་སུ་འབྲངས་ནས་ལ་དྭགས་ལ་སོང་། རྒྱལ་སྲས་དགྲ་ལྷ་རྩེ་རྒྱལ་དང་གཞོན་ནུ་དགའ་བོ་གཉིས་ཀ་འཐབ་རེས་བྱེད་དུས། དགྲ་ལྷས་དགའ་བོ་མ་ཐུབ་པར་སེང་གེ་རྔམ་ཆེན་རོགས་རམ་བྱེད་དུ་བརྒྱུགས་པར་དགའ་བོས་གྲི་རིང་གཡུགས་སྟེ་སེང་གེ་རྔམ་ཆེན་རྟ་ཐོག་ཏུ་གཤགས་པ་རེད།

1_3 སྟོབས་ཆེན་འབྲོང་གཡག་དར་མ།

གེ་སར་རྒྱལ་པོའི་ཝེར་མ་བཅུ་གསུམ་གྱི་ཡ་གྱལ་ཏེ། རུ་ཐུར་ཅན་གྱི་དགྲ་བླ་ཞིག


བརྡ་འགྲེལ་གདོང་འཛར།

སྟོབས་ཆེན། གླིང་། སྒྲུང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-13

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།