ཀནྱཱ་ཀུབྫའི་ཡུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀ་བྷི་ཏའི་ཡུལ་དེ་ནས་ནུབ་བྱང་མཚམས་སུ་ལེ་དབར་ཉིས་བརྒྱ་ལྷག་ཙམ་ན་ཀནྱཱ་ཀུབྫའི་ཡུལ་ལོ།། དེའི་ཐ་གྲུ་ལེ་དབར་བཞི་སྟོང་ལྷག་ཡོད། དབུས་མཁར་གཡས་འགྲམ་གངྒཱ་དང་ཉེ་ཞིང་དཀྱུས་སུ་རྒྱང་གྲགས་ཉི་ཤུ་ལྷག་ཡོད་པ་དང་། མཁར་རག་སོགས་བརྟན་ཞིང་སྲ་བ་དང་ཁང་བརྩིགས་མང་བ། བཟའ་ཤིང་དང་མེ་ཏོག་གི་རིགས་དང་། མཚོ་དང་རྫིང་བུ་སོགས་ཤིན་ཏུ་མང་ངོ་། གནམ་གཤིས་དང་ས་གཞིའི་ཚ་གྲང་སྙོམ་པ། ཕྱི་ནང་གཉིས་ལ་དད་པ་མཉམ་པ། གཙུག་ལག་ཁང་བརྒྱ་ལྷག་ཡོད་པར་དགེ་འདུན་ཁྲི་ཕྲག་གཅིག་ལྷག་ཡོད་ཅིང་ཐེག་པ་ཆེ་ཆུང་གཉིས་ཀར་སློབ་བོ།། ཕྱི་པའི་ལྷ་ཁང་ཉིས་བརྒྱ་ལྷག་ཡོད་པར་མུ་སྟེགས་པ་སྟོང་ཕྲག་མང་པོ་གནས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
羯若鞠阇国
ཁོངས་གཏོགས་རྒྱལ་ཁབ།
རྒྱ་གར།
རིགས་དབྱེ།
གནའ་བོའི་རྒྱལ་ཁབ།
1 ​ངོ་སྤྲོད།

ཀ་བྷི་ཏའི་ཡུལ་དེ་ནས་ནུབ་བྱང་མཚམས་སུ་ལེ་དབར་ཉིས་བརྒྱ་ལྷག་ཙམ་ན་ཀནྱཱ་ཀུབྫའི་ཡུལ་ལོ།། དེའི་ཐ་གྲུ་ལེ་དབར་བཞི་སྟོང་ལྷག་ཡོད། དབུས་མཁར་གཡས་འགྲམ་གངྒཱ་དང་ཉེ་ཞིང་དཀྱུས་སུ་རྒྱང་གྲགས་ཉི་ཤུ་ལྷག་ཡོད་པ་དང་། མཁར་རག་སོགས་བརྟན་ཞིང་སྲ་བ་དང་ཁང་བརྩིགས་མང་བ། བཟའ་ཤིང་དང་མེ་ཏོག་གི་རིགས་དང་། མཚོ་དང་རྫིང་བུ་སོགས་ཤིན་ཏུ་མང་ངོ་། གནམ་གཤིས་དང་ས་གཞིའི་ཚ་གྲང་སྙོམ་པ། ཕྱི་ནང་གཉིས་ལ་དད་པ་མཉམ་པ། གཙུག་ལག་ཁང་བརྒྱ་ལྷག་ཡོད་པར་དགེ་འདུན་ཁྲི་ཕྲག་གཅིག་ལྷག་ཡོད་ཅིང་ཐེག་པ་ཆེ་ཆུང་གཉིས་ཀར་སློབ་བོ།། ཕྱི་པའི་ལྷ་ཁང་ཉིས་བརྒྱ་ལྷག་ཡོད་པར་མུ་སྟེགས་པ་སྟོང་ཕྲག་མང་པོ་གནས་སོ།།

2 མིང་འདོགས་ཚུལ།

སྤྱིར་ཡུལ་འདིའི་མི་རྣམས་ཚེ་རིང་བ་དང་། དེའི་རྒྱལ་པོའི་མཁར་རྙིང་ཀྱི་མིང་ལ་ཀུ་སུ་མ་པཱུ་ར་སྟེ་མེ་ཏོག་གི་གྲོང་ཁྱེར་ཟེར་རོ།། རྒྱལ་པོའི་མིང་ལ་ཚངས་སྦྱིན་ཟེར་བ་དང་རིག་བྱེད་དང་ཕོ་རྩལ་མཐའ་དག་ལ་མཁས་པ་ཞིག་ཡིན། རྒྱལ་པོར་སྲས་སྟོང་ཡོད་ལ་ཐམས་ཅད་ཤེས་པ་གསལ་ཞིང་མཁས་པའི་གྲགས་པས་འཛམ་གླིང་ཁྱབ་པའི་དུས་སུ། གངྒཱའི་འགྲམ་ན་དྲང་སྲོང་ཞིག་ཤིང་ལ་ཚང་བཅས་ཏེ་ལོ་ཁྲི་ཕྲག་དུ་མར་གནས་པ་དེ་ཤ་ལྤགས་སྐེམ་ཏེ་སྡོང་རྒན་ལྟར་གྱུར་པ་ཞིག་ཡོད་ལ། ལན་ཅིག་ཏིང་ངེ་འཛིན་ལས་ལངས་ཏེ་གངྒཱའི་འགྲམ་ན་འདུག་པ་ན། རྒྱལ་པོའི་བུ་མོ་རྣམས་མེ་ཏོག་འཐུ་བ་མཐོང་ནས་ཆགས་པ་སྐྱེས་ཏེ་རྒྱལ་པོའི་ཕོ་བྲང་དུ་འོངས་སོ།། རྒྱལ་པོ་ལ་ཞུས་པས་རྒྱལ་པོ་དགའ་སྟེ་བསུ་བ་དང་འདུད་པ་སྔོན་དུ་འགྲོ་བས་དྲང་སྲོང་ཆེན་པོ་ཅི་འདོད་དེ་ཕེབས་པ་ཡིན་ཞེས་དྲིས་པར། དྲང་སྲོང་གིས་རྒྱལ་པོའི་བུ་མོ་འདོད་དོ་ཞེས་སྨྲས་སོ།། རྒྱལ་པོ་མ་དགའ་ཡང་དྲང་སྲོང་གིས་དམོད་པ་བྱེད་པར་དོགས་ནས་ཁས་བླངས་ཤིང་། འཕྲོད་སྦྱོར་བརྟགས་ཏེ་འབུལ་བར་ཁས་བླངས་པ་ཡིན། དྲང་སྲོང་ཕྱིར་ལོག་པ་དང་རྒྱལ་པོས་བུ་མོ་རྣམས་ལ་རིམ་པ་ལྟར་དྲིས་པས་སུ་ཡང་འགྲོ་མི་འདོད་པས་རྒྱལ་པོ་མི་དགའ་བར་གྱུར་པ་དང་། བུ་མོ་ཐ་ཆུང་གིས་རྒྱུ་མཚན་དྲིས་པས་བུ་མོ་རྣམས་ཀྱིས་མི་འདོད་པས་དྲང་སྲོང་གི་འདོད་པ་མི་རྫོགས་པ་དང་བཀག་ན་དྲང་སྲོང་གི་དམོད་པ་ལ་འཇིགས་ཚུལ་སྨྲས་པས་བུ་མོ་ཐ་ཆུང་གིས་སྨྲས་པ་འོ་ན་བདག་ཕྱིན་མི་རུང་ངམ་ཟེར་པས། རྒྱལ་པོས་དྲང་སྲོང་ལ་ཞུའོ་ཟེར་ནས་ཚུལ་དེ་དྲང་སྲོང་ལ་བཤད་པས། དེ་ཁྲོས་པས་དམོད་པ་བོར་ཞིང་སྔགས་བགྲངས་པས་བུ་མོ་དགུ་བཅུ་རྩ་དགུ་བོ་དུས་གཅིག་ལ་སྒུར་པོར་བྱས་སོ།། དེ་ནས་བཟུང་བུ་མོ་སྒུར་པོའི་གྲོང་ཁྱེར་ཞེས་གྲགས་སོ།།

3 སྟོན་པའི་རྗེས་ཤུལ།

གྲོང་ཁྱེར་དེའི་ནུབ་བྱང་གི་མཚམས་སུ་རྒྱལ་པོ་ཨ་ཤོ་ཀས་བཞེངས་པའི་མཆོད་རྟེན་ཡོད་པ། དེ་ནི་སྔོན་སྟོན་པ་ཞག་བདུན་ལ་ཞབས་འཆགས་མཛད་དེ་ཆོས་གསུངས་པའི་གནས་ཡིན་ནོ།། དེའི་ལོགས་ན་སྟོན་པའི་ཕྱག་སེན་དང་དབུ་སྐྲ་བཞུགས་པའི་མཆོད་རྟེན་ཀྱང་ཡོད་དོ།། དེའི་ལྷོ་ངོས་སུ་གཙུག་ལག་ཁང་ཞིག་ཡོད་པར་བཟོ་བཀོད་ཁྱད་དུ་འཕགས་ཤིང་། དགེ་འདུན་རྣམ་པར་དག་པ་དང་། མངག་གཞུག་པ་དགེ་བསྙེན་གྱི་ཚོགས་བཅས་སྟོང་ཕྲག་དུ་མ་ཡོད། སྟོན་པའི་ཚེམས་སྲིད་དུ་ཚོན་གང་དང་ཕྱེད་དུ་རིང་བ། དུས་དུས་སུ་མདོག་འགྱུར་བ་རིན་པོ་ཆེའི་སྒྲོམ་དུ་བཞུགས་སོ།། ཐག་ཉེ་རིང་གི་ཡུལ་ནས་སྐྱེ་བོ་མཆོག་དམན་རིས་སུ་མ་ཆད་པར་བལྟ་བའི་ཕྱིར་རྒྱུན་དུ་འདུས་པ་དང་། དུས་བཟང་ལ་སྐྱེ་བོ་མང་པོ་ཚོགས་པ་ན་སྒྲོམ་ཁ་ཕྱེ་སྟེ་ཁྲི་མཐོན་པོའི་སྟེང་དུ་བཞག་ནས་སོ་སོའི་མཐོང་སྣང་མི་འདྲ་བ་སྣ་ཚོགས་སྟོན་པ། དེ་བལྟ་བ་ལ་གསེར་ཊམ་རེ་བླངས་ཀྱང་མི་སུན་པར་འདུག་གོ། དེ་ནས་ཤར་ལྷོའི་སར་གཙུག་ལག་ཁང་ཞིག་ན་སྟོན་པའི་སྐུ་བརྙན་དཔངས་སུ་ཁྲུ་སུམ་ཅུ་ལྷག་པ་ཞིག་ཡོད། དེའི་ཡང་ལྷོ་ངོས་སུ་ཕྱིན་པ་ན་ལྷ་ཁང་ཞིག་ཡོད་པ་དེར་ལྷ་དབང་ཕྱུག་ཆེན་པོའི་སྣང་བརྙན་ཨིནྡྲ་ནཱི་ལ་ལས་གྲུབ་པ་དང་། ཕྱག་དར་མཁན་དང་རྒྱུན་མཆོད་མཁན་རེ་ལྷ་འབངས་མི་ཁྱིམ་ཆིག་སྟོང་ལྷག་ཡོད་དོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-11

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།