ཙུ་ཊ་ལི་ནའི་ཡུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་ངྷ་ནི་ཥ་བྷ་རའི་ཡུལ་དེ་ནས་བྱང་ཤར་མཚམས་སུ་རྒྱང་གྲགས་བཞི་བརྒྱ་ལྷག་ཙམ་ཕྱིན་པ་ན་ཙུ་ཊ་ལི་ནའི་ཡུལ་ཡིན། དེའི་མཐའ་སྐོར་དུ་རྒྱང་གྲགས་དྲུག་སྟོང་ལྷག་ཡོད་པ་དང་། ཤར་དུ་ཆུ་བོ་གངྒཱ་ལ་ཐུག་པ། རྒྱབ་རི་རྒྱུད་ཆེན་པོ་ལ་བརྟེན་པ། ཆུ་བོ་ཡ་མ་ན་ཡུལ་གྱི་གཞུང་གཤགས་ཏེ་འབབ་པ་དང་། ལྟེ་བའི་མཁར་ཆེན་གྱི་ཁོར་ཡུག་ཏུ་ལེ་དབར་ཉི་ཤུ་ལྷག་ཡོད། ཆུ་བོ་ཡ་མུ་ན་ལ་ཉེ་ཡང་རྨང་ཤིན་ཏུ་བརྟན་པས་ཆུའི་འཇིགས་པ་མེད་དོ།། གནམ་གཤིས་ནི་ས་ཏ་ནི་བཾྷ་རའི་ཡུལ་དང་འདྲ་ཤས་ཆེ་བ། མིའི་རང་བཞིན་དྲང་ཞིང་ཡོན་ཏན་སློབ་པ་ལ་མོས་པ་ཡིན་ཀྱང་ཕྱི་རོལ་ལ་ཞེན་ཆེ་བ། གཙུག་ལག་ཁང་ལྔ་ཙམ་ཡོད་པར་དགེ་འདུན་ཆིག་སྟོང་ལྷག་ཡོད་པ་དང་ཐེག་དམན་ལ་སློབ་གཉེར་བྱེད་དོ།། ཕྱི་རོལ་བའི་ལྷ་ཁང་བརྒྱ་ཕྲག་གཅིག་ཡོད་པར་གསང་ཚིག་སྨྲ་བ་མང་པོ་དག་གནས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
窣禄勤那国
ཁོངས་གཏོགས་རྒྱལ་ཁབ།
རྒྱ་གར།
རིགས་དབྱེ།
གནའ་བོའི་རྒྱལ་ཁབ།
1 ངོ་སྤྲོད།

ས་ངྷ་ནི་ཥ་བྷ་རའི་ཡུལ་དེ་ནས་བྱང་ཤར་མཚམས་སུ་རྒྱང་གྲགས་བཞི་བརྒྱ་ལྷག་ཙམ་ཕྱིན་པ་ན་ཙུ་ཊ་ལི་ནའི་ཡུལ་ཡིན། དེའི་མཐའ་སྐོར་དུ་རྒྱང་གྲགས་དྲུག་སྟོང་ལྷག་ཡོད་པ་དང་། ཤར་དུ་ཆུ་བོ་གངྒཱ་ལ་ཐུག་པ། རྒྱབ་རི་རྒྱུད་ཆེན་པོ་ལ་བརྟེན་པ། ཆུ་བོ་ཡ་མ་ན་ཡུལ་གྱི་གཞུང་གཤགས་ཏེ་འབབ་པ་དང་། ལྟེ་བའི་མཁར་ཆེན་གྱི་ཁོར་ཡུག་ཏུ་ལེ་དབར་ཉི་ཤུ་ལྷག་ཡོད། ཆུ་བོ་ཡ་མུ་ན་ལ་ཉེ་ཡང་རྨང་ཤིན་ཏུ་བརྟན་པས་ཆུའི་འཇིགས་པ་མེད་དོ།། ནམ་གཤིས་ནི་ས་ཏ་ནི་བཾྷ་རའི་ཡུལ་དང་འདྲ་ཤས་ཆེ་བ། མིའི་རང་བཞིན་དྲང་ཞིང་ཡོན་ཏན་སློབ་པ་ལ་མོས་པ་ཡིན་ཀྱང་ཕྱི་རོལ་ལ་ཞེན་ཆེ་བ།  གཙུག་ལག་ཁང་ལྔ་ཙམ་ཡོད་པར་དགེ་འདུན་ཆིག་སྟོང་ལྷག་ཡོད་པ་དང་ཐེག་དམན་ལ་སློབ་གཉེར་བྱེད་དོ།། ཕྱི་རོལ་བའི་ལྷ་ཁང་བརྒྱ་ཕྲག་གཅིག་ཡོད་པར་གསང་ཚིག་སྨྲ་བ་མང་པོ་དག་གནས་སོ།།

2 མཆོད་རྟེན།

གྲོང་ཁྱེར་དེའི་ཤར་ལྷོའི་མཚམས་ཀྱི་ཡ་མུ་ནའི་ནུབ་ལོགས་སུ་གཙུག་ལག་ཁང་ཆེན་པོ་ཞིག་ཡོད་པའི་ཤར་སྒོའི་འགྲམ་དུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་ཞིག་དང་། སྔོན་སྟོན་པ་གཤེགས་བཞུད་མཛད་པའི་ཕྱག་རྗེས་རྣམས་དང་། སྟོན་པའི་དབུ་ལོ་དང་ཕྱག་སེན་བཞུགས་པའི་མཆོད་རྟེན། མཆོག་ཟུང་སོགས་དགྲ་བཅོམ་པ་ཆེན་པོ་དག་གི་དབུ་སྐྲ་དང་ཕྱག་སེན་བཞུགས་པའི་མཆོད་རྟེན་བཅུ་ཕྲག་དུ་མ་ལོགས་གཡས་གཡོན་གཉིས་སུ་བསྒྲིགས་ཡོད། སྟོན་པ་མྱ་ངན་ལས་འདས་རྗེས་ཕྱི་རོལ་པ་རྣམས་ཀྱིས་བསླུས་ནས་ཕྱི་རོལ་པར་བསྒྱུར་རོ་ཞེས་ཟེར་ཏེ། ད་ལྟ་གཙུག་ལག་ཁང་ལྔ་ཡོད་ཀྱང་ཚང་མ་བྲམ་ཟེ་ཕྱི་པ་གསང་ཚིག་སྨྲ་བ་དག་གིས་གང་སྟེ་གནས་སོ།།

3 ཆུ་ཀླུང་གངྒཱ།

ཆུ་བོ་མུ་ན་ལས་ཤར་དུ་རྒྱང་གྲགས་བརྒྱད་བརྒྱ་ཙམ་སོང་བ་ན། ཆུ་ཀླུང་གངྒཱ་སྟེ་ཞེང་དུ་ལེ་དབར་བཞི་ལྔ་ཙམ། མཐར་རྒྱ་མཚོར་འབབ་པ་དང་ཉེ་བ་ན་ཞེང་དུ་རྒྱང་གྲགས་བཅུ་ལྷག་པ་མདོག་སྔོ་ཞིང་ནག་པ་རྦ་ཀློང་དང་ཀླུ་རིགས་ཀྱི་ཆོ་འཕྲུལ་ཆེ་ཡང་གནོད་པ་མེད་པ། རོ་མངར་ལ་བསིལ་བ་རྡུལ་དང་འདྲེས་མར་རྒྱུ་བས་ཅུང་ཟད་སྙོག་པ། གཏམ་རྒྱུད་རྙིང་པ་ན་ཆུ་བོ་འདིར་ལུས་དང་ཡན་ལག་བཀྲུས་པས་སྡིག་སྒྲིབ་འདག་པ་དང་། ལྕེབ་སྟེ་མཆོང་ན་ལྷའི་བདེ་བ་མྱོང་བར་འགྱུར་བའི་སྐྱེ་བ་ལེན་པར་གྲགས་པས་སྐྱེ་བོ་བླུན་རྨོངས་འགའ་གངྒཱར་མཆོང་ལྕེབས་མང་པོ་བྱུང་ངོ་།། སྔོན་སློབ་དཔོན་ཨརྱ་དེ་བས་རྨོངས་པ་དག་འདུལ་བའི་ཕྱིར་དུ་ས་ཕྱོགས་དེར་ཕེབས་ཏེ། སྙུག་མ་རིང་པོ་ཞིག་གཤགས་ཏེ་ཝ་བྱས་ནས་ཆུ་འགྲོ་བར་མཛད་པས། མུ་སྟེགས་པ་འགས་ཅི་བྱེད་ཟེར། འཕགས་པ་ལྷས་བདག་གི་ཕ་མ་དང་སློབ་དཔོན་སིངྒྷ་གླིང་ན་ཡོད་པས། གངྒཱའི་ཆུ་མི་རྙེད་པས་ཁོ་བོས་རྒྱང་རིང་པོ་འདི་ནས་ཆུ་བླངས་ཏེ་རྫོངས་པ་ཡིན་ཞེས་པས། ཕྱི་རོལ་པས་སྨྲས་པ། བཞིན་བཟང་ཁྱོད་ཆུར་འཁྲུལ་ལམ། སིགྔྷ་ལ་འདི་ནས་དཔག་ཚད་མང་པོ་རི་ཀླུང་ཐང་གྲོང་ཇི་སྙེད་ཀྱི་བར་ཆོད་པ་ལགས་ན་ཆུ་དེར་སླེབས་པར་མི་ནུས་པས་ཕན་ཐོགས་པར་མི་འགྱུར་རོ་ཟེར་བས། སློབ་དཔོན་གྱིས་འོ་ན་ཤི་གསོན་གཉིས་འཇིག་རྟེན་ཐ་དད་པ་ལགས་པ་དགེ་སྡིག་གི་རྣམ་སྨིན་ཀྱང་དངོས་པ་རགས་པ་མིན་པས། འདིར་ལྕེབས་ནས་ཤི་བ་འཇིག་རྟེན་ཕ་རོལ་ན་ལྷའི་བདེ་བ་ཇི་ལྟར་འཐོབ་ཅེས་གསུངས་པས། ཕྱི་རོལ་པ་ལན་གྱི་སྤོབས་པ་མེད་པར་གྱུར་ཏེ་རང་གི་གྲུབ་མཐའ་བཏང་སྟེ་ནང་བའི་གྲུབ་མཐའ་ལ་ཞུགས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-11

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།