ཁའེ་རཱའེ•ཨུར་ཝུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁའེ་རཱའེ•ཨུར་ཝུན།
​ཁའེ་རའེ•ཨོའུ་ཝུན་ནི་སྤྱི་ལོ1992ལོའི་ཟླ3པའི་ཚེས26ཉིན་ཨའོ་ཏཱ་ལི་ཡཱ་མོ་ཨེར་པུན་གྲོང་ཁྱེར་དུ་སྐྱེས། ད་ལྟ་ཁའེ་ཨེར་ཐུ་མི་རུ་ཁག་གི་རྒྱབ་སྲུང་སྐར་ལེན་པ་དང་རྒྱབ་སྲུང་བཀོད་འདོམས་པ། རུ་ཁག་གི་རུ་གཙོ་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
凯里·安德鲁·欧文
ཕྱི་ཡིག་གི་མིང་།
Kyrie Andrew Irving
རྒྱལ་ཁབ།
ཨ་རི།
སྐྱེས་ལོ།
སྤྱི་ལོ1992ལོའི་ཟླ3པའི་ཚེས26ཉིན།
སྐྱེས་ཡུལ།
ཨའོ་ཏཱ་ལི་ཡཱ་མོ་ཨེར་པུན་གྲོང་ཁྱེར།
གཟུགས་པོའི་རིང་ཚད།
སྨི1.91
ལུས་པོའི་ལྗིད་ཚད།
སྤྱི་རྒྱ88
ཨང་རྟགས།
11
ལུས་རྩལ་རྣམ་གྲངས།
གཟེབ་གྲུག།
གྲུབ་འབྲས།
NBAརྟིང་རྩོད་འགྲན་སྡུར་གྱི་ཨང་དང་པོ་གཅིགNBAཡི་གཟེབ་གྲུག་རྩེད་མཁན་གྲགས་ཅན་ཡོངས་ཀྱི་དཔུང་ཤུགས་སུ་ཐེངས་ལྔ།2014ལོར་འཛམ་གླིང་གཟེབ་དྲུག་སྤོ་ལོའི་གསེར་གྱི་རྟགས་མ།
1 ​ངོ་སྤྲོད་མདོར་བསྡུས།

ཁའེ་རའེ•ཨོའུ་ཝུན་ནི་སྤྱི་ལོ1992ལོའི་ཟླ3པའི་ཚེས26ཉིན་ཨའོ་ཏཱ་ལི་ཡཱ་མོ་ཨེར་པུན་གྲོང་ཁྱེར་དུ་སྐྱེས། ཁོང་གི་ཨ་ཕའང་སྐད་གྲགས་ཅན་གྱི་གཟེབ་གྲུག་ལུས་རྩལ་པ་ཞིག་ཡིན་པ་དང་ཆུང་དུས་སུ་ཕ་རྒན་དང་ལྷན་དུ་གཟེབ་གྲུག་ཕྱོགས་ལ་སྦྱང་བ་བྱས། སློབ་འབྲིང་སྐབས་ནས་བཟུང་སྐད་གྲགས་ཅན་གྱི་གཟེབ་གྲུག་ལུས་རྩལ་པར་གྱུར། སྤྱི་ལོ2010ལོར་ཨ་རིའི་ཏུའུ་ཁུ་སློབ་ཆེན་དུ་ཞུགས་པ་དང་སློབ་གྲྭ་དེ་གའི་གཟེབ་གྲུག་རུ་ཁག་གི་རྒྱབ་སྲུང་སྐར་ལེན་པ་དང་རྒྱབ་སྲུང་བཀོད་འདོམས་པ་གཙོ་བོར་གྱུར། སྤྱི་ལོ2012ལོའིNBAཡི་ལུས་རྩལ་བ་གསར་བ་འདེམས་པའི་ཚོགས་འདུའི་སྟེང་ཁོ་རང་ཨང་རིམ་དང་པོའི་ཐོབ་ཐང་གིས་ཁུ་ལེ་ཧྥུའུ་ལན་སྐྱ་དམག་རུ་ཁག་གིས་བདམས། ཁོང་གིསNBAམནའ་འབྲེལ་དུ་སྒེར་གྱི་ངོས་ཐད་དུ་གྲུབ་འབྲས་ཆེན་པོ་བླངས་པ་ཡིན་ཡང་རུ་ཁག་གི་གྲུབ་འབྲས་དེ་འདྲ་ལེགས་པོ་མ་བྱུང་སྟབས་སྤྱི་ལོ2014ལོར་ཨ་རིའི་སྐད་གྲགས་ཅན་གྱི་གཟེབ་དྲུག་ལུས་རྩལ་པ་ལུ་པུའུ་ལང•ཀྲན་མུའུ་སི་དང་མཉམ་འབྲེལ་བྱས་སྟེ་སྤྱི་ལོ2015ལོརNBAརྟིང་རྩོད་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་བླངས། ཡིན་ཡང་རྐྱེན་དབང་གིས་ཁོ་རང2017ལོར་རང་འགུལ་སྒོས་རུ་ཁག་དང་གྲོས་བསྡུར་བྱས་ནས་པོ་ཧྲི་ཏུན་ཁའེ་ཨེར་ཐུ་མི་རུ་ཁག་ཏུ་ཞུགས་པ་དང་ད་ལྟ་རུ་ཁག་དེའི་རྒྱབ་སྲུང་སྐར་ལེན་པ་དང་རྒྱབ་སྲུང་བཀོད་འདོམས་པ། རུ་ཁག་གི་རུ་གཙོ་བཅས་ཀྱི་འགན་བཞེས་ཡོད། 

2 གྲུབ་འབྲས་གཙོ་བོ།

སྤྱི་ལོ2015ལོའིNBAརྟིང་རྩོད་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ།  NBAཡི་གཟེབ་གྲུག་རྩེད་མཁན་གྲགས་ཅན་ཡོངས་ཀྱི་དཔུང་ཤུགས་སུ་ཐེངས་ལྔ་ལ་བདམས་ཤིང་འགྲན་སྡུར་དེ་ཡི་ཆེས་རིན་ཐང་ལྡན་པའི་སྤོ་ལོ་རྩེད་མཁན་གྱི་རྟགས་མ་ཐེངས་གཅིག་ལ་ཐོབ། 2014ལོར་འཛམ་གླིང་གཟེབ་གྲུག་སྤོ་ལོའི་འགྲན་བསྡུར་སྟེང་ཨ་རིའི་རུ་ཁག་ནང་ཞུགས་ཏེ་གསེར་གྱི་རྟགས་མ་བླངས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-07

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།