སྙན་ངག་གི་ཡིད་ཡུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྙན་ངག་གི་ཡིད་ཡུལ་ཞེས་པ་འདི་རུ། ཡིད་ཡུལ་གྱི་ཐ་སྙད་འདི་ཐོག་མར་གནའ་བོའི་ནང་བསྟན་དུ་བཀོད་པ་དང་། རིམ་བཞིན་འཕེལ་འགྱུར་གྱིས་སྒྱུ་རྩལ་རྩོམ་རིག་ཏུ་ཕྱག་ལེན་གནང་སྟེ། རྒྱའི་རྩོམ་གཞུང་དང་སྙན་ཚིག་གི་གཞུང་སོགས་སུ་གོ་བ་ཇི་ལྟར་བླངས་ཚུལ་ངོ་སྤྲོད་གནང་བ་ཞིག་གོ། །
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
སྙན་ངག
1 ​གོ་དོན།

སྤྱིར་ཡིད་ཡུལ་ཞེས་པ་ནི་གནའ་བོའི་ནང་བསྟན་རིག་པའི་ཁྲོད་དུ་བཀོད་ཤས་ཆེ་བའི་ཐ་སྙད་ཅིག་ཡིན་ལ། སྒྱུ་རྩལ་མཛེས་རིག་གི་ཐད་ནས་ཞིབ་འཇུག་དང་བཀོལ་སྤྱོད་བྱས་པ་ནས་བཟུང་སྒྱུ་རྩལ་པས་ཕྱི་རོལ་འཇིག་རྟེན་གྱི་མཛེས་དཔྱོད་མྱོང་གྲུབ་དང་ཉམས་རྟོགས་སྤྲོ་ཤུགས་ལ་ཞུན་བརྡར་དང་ལས་སྣོན་བྱས་ནས་གྲུབ་པའི་རང་གཞན་ངོས་གཉིས་གཅིག་གྱུར་ལེགས་པོ་བྱུང་བའི་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་ལ་རྟོགས་ཤིང་། སྒྱུ་རྩལ་ཡོད་དོ་ཅོག་གི་མཛེས་དཔྱོད་ཀྱི་ཚད་གཞི་ལྟ་བུར་གྱུར་ཡོད། སྙན་ངག་ལ་མཚོན་ནའང་སྙན་ངག་གསར་རྩོམ་དང་མྱོང་རོལ་བྱེད་པའི་མཛེས་རིག་གི་ཚད་གཞི་གཙོ་བོ་ཡིན། མདོར་ན་ཡིད་ཡུལ་ཞེས་པའི་ཡིད་ནི་དངོས་ཡོད་འཚོ་བ་ལས་ཐོན་པའི་བསམ་བློའི་ཚོར་འདུ་ཡིན་པ་དང་། ཡུལ་ཞེས་པའི་ཡུལ་ནི་ཕྱི་རོལ་ཡུལ་ནས་ཚོར་འདུ་བསྐྱེད་ཐུབ་པའི་ཡུལ་ལྗོངས་དངོས་བརྙན་ཞིག་ལ་གོ་དགོས།

2 འགྲེལ་ཚུལ་གཞན།

ཙི་ནའི་སྙན་གཞུང་ལྟར་ན། ཡིད་ཡུལ(意境)ཞེས་པའི་ཐ་སྙད་འདི་ཆེས་ཐོག་མར་ནང་བསྟན་གྱི་གཞུང་ལས་བྱུང་བར་བསྟན་ཡོད་དེ། 《སྙན་ངག་གི་ཐབས་རྩལ》ལས་ནང་བསྟན་པའི་ལྟ་ཚུལ་ལ། བློའི་འཇུག་ཡུལ་དང་བློས་ཤེས་ཤིང་རྟོགས་རུང་བ་རྣམས་དང་མཐོང་སྣང་དུ་གྱུར་པའི་དངོས་ལུགས་ཐམས་ཅད་ནི་ཡུལ་ཡིན་པར་འདོད་པ་དང་། ཡུལ་ཤེས་པའི་ཆ་ནས་བཞག་པའི་རྣམ་ཤེས་ཏེ་སེམས་ཡིན་པར་འདོད། འདིར་བརྗོད་པའི་ཡིད་དང་ཡུལ་ནི་རྩོམ་རིག་ཐད་ནས་ཡིད་ཡུལ་དུ་གྲུབ་ཅེས་བསྟན་པ་དང་། “ནང་བའི་ཆོས་ལུགས་དང་ཀྲུང་གོའི་གནའ་རབས་རྩོམ་རིག་བར་གྱི་འབྲེལ་བ”ལས་ཀྱང་གནའ་བོའི་སྙན་གཞུང་ཁྲོད་ཀྱི་གཟུགས་ནི་ཡུལ་དང་ཡིད་ནི་རྣམ་པར་ཤེས་པ་ཡིན་པ་དང་། གཟུགས་ནི་བྱ་དངོས་དང་ཡིད་ནི་འདུ་ཤེས་ཡིན་ལ། རྩོམ་པ་ནི་སྣང་སྟོང་དབུ་གསུམ(空假中三谛)གྱི་ཁྲོད་དུ་བྱུང་བའི་འགྲེལ་ཚུལ་དག་ཀྱང་རྒྱ་ནག་ཏུ་དར་བའི་དབུ་མ《中伦》དང་སེམས་ཙམ་པའི《成唯识论》བསྟན་བཅོས་སོགས་ཀྱི་དགོངས་དོན་གཞི་བཟུང་ནས་སྙན་ངག་འགྲེལ་བ་ཡིན་ཚུལ། 《ཤར་ཕྱོགས་ཞིབ་བསྡུར་རྩོམ་རིག་གི་དཔྱད་རྩོམ་ཕྱོགས་བསྒྲིགས》སུ་གསལ་ལོ། །

ཐང་སུང་ནས་བྱུང་བའི་སྙན་འགྲེལ་སྣ་ཚོགས་ཁྲོད་དུ་ཡུལ(意)དང་ཞིང་ཁམས(境界)ཞེས་པ་དག་ཀྱང་ནང་བསྟན་རིག་པའི་ཐ་སྙད་ལས་བྱུང་བ་སོགས་ལུང་དང་རིགས་པའི་སྒྲུབ་བྱེད་མང་པོ་བཀོད་ཡོད། གང་ལྟར་ཀྱང་ཐ་སྙད་འདི་དག་རྩོམ་གཞུང་ཁྲོད་དུ་བྱུང་བ་ནས་ད་ལྟའི་བར་འཕྲོས་དོན་དང་འཕོ་འགྱུར་སྣ་ཚོགས་བྱུང་ཡོད་པ་དང་། ཡིད་ཡུལ་ཞེས་པའི་མིང་ངེས་གཏན་དུ་བྱུང་བ་ནས་ཀྱང་བྱེ་བྲག་ཏུ་གོ་ཚུལ་མང་ཙམ་སྣང་། དཔེར་ན། ལ་ལས་སྒྱུ་རྩལ་གྱི་སྣང་བརྙན་དུ་གོ་དགོས་པར་སེམས་པ་དང་། ལ་ལས་མཚོན་དཔེར་འོས་པའི་སྒྱུ་རྩལ་གྱི་སྣང་བརྙན་དུ་འདོད་པ་དང་། ལ་ལས་སྤྱི་བམ་གྱི་ཚུལ་དུ་སྙན་ངག་རོ་ཉམས་ལ་གོ་ཞིང་། ལ་ལས་ཡིད་ཡུལ་གཉིས་འདྲེས་ཀྱིས་གྲུབ་པའི་སྣང་བརྙན་ལ་གོ་བ་སོགས་སྣང་།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-28

གསར་སྤེལ་མཁན། :ཚེ་དོན།577

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།