ཧིན་ངྷུའི་ཆོས་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧིན་ངྷུའི་ཆོས་ལུགས་ནི་དུས་རབས8པའི་ནང་རྒྱ་གར་རང་ས་ནས་དར་ཁྱབ་ཏུ་སོང་བའི་ཆོས་ལུགས་ཤིག་ཡིན་ལ། དེ་ནི་རྒྱ་གར་རིག་གནས་འཁོར་རྒྱ་སྟེང་གི་ཆོས་ལུགས་དང་། རིག་གནས། སྤྱི་ཚོགས་ཀྱི་གོམས་སྲོལ་བཅས་ལས་བྱུང་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
印度教
ཕྱི་ཡིག་གི་མིང་།
हिन्दू धर्म(印地语)、Hinduism(英文)
འབྱུང་གནས།
ཧིན་ངྷུ།
ཁྱབ་ཡུལ།
ཧིན་ངྷུ། ཕ་ཁི་སི་ཐན། ནེ་པ་ལ།
1 ངོ་སྤྲོད།

ཧིན་ངྷུའི་ཆོས་ལུགས་ནི་དུས་རབས8པའི་ནང་རྒྱ་གར་རང་ས་ནས་དར་ཁྱབ་ཏུ་སོང་བའི་ཆོས་ལུགས་ཤིག་ཡིན་ལ། དེ་ནི་རྒྱ་གར་རིག་གནས་འཁོར་རྒྱ་སྟེང་གི་ཆོས་ལུགས་དང་། རིགས་གནས། སྤྱི་ཚོགས་ཀྱི་གོམས་སྲོལ་བཅས་ལས་བྱུང་བ་དང། འཛམ་གླིང་ཆོས་ལུགས་གཙོ་བོའི་གྲས་ཤིག་ཡིན།

2 ཁྱས་ཆོས།

རྒྱ་གར་དུ་ཕོ་ལོ་མུན་ཟེར་བའི་ཆེས་གནའ་བོའི་ཆོས་ལུགས་དེ་དང་སངས་རྒྱས་ཆོས་ལུགས་གཉིས་ལས་ཧིན་ངྷུའི་ཆོས་ལུགས་བྱུང་བ་ཡིན། ཆོས་ལུགས་འདི་ལའང་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་ཡོད་པར་འཛིན་པར་མ་ཟད། བྱ་བ་བཟང་སྒྲུབ་ངན་སྤང་གི་སྲོལ་ཡང་དག་ཀྱང་ཡོད། ད་དུང་མི་རྣམས་ཀྱིས་ལྷ་ཆེན་པོ་གསུམ་སྟེ་ཧྥན་ཐེན་དང་ཧྲི་ཕོ། ཕེས་ཧྲི་ནེ་ཟེར་བ་གསུམ་སྐྱབས་གནས་ཀྱི་ལྷ་ཡིན་པར་འདོད། དེའི་ཕྱིར་རྒྱ་གར་དུ་བྲམ་ཟེའི་རིགས་སོགས་ནི་ལྷ་དེ་དག་གི་རིགས་ཡིན་པས་དེ་ལས་སྐྱེས་པའི་མི་རྣམས་ཤིན་ཏུ་བཟང་པོར་འདོད་པ་དང་། གདོལ་བ་ཤན་པའི་རིགས་སོགས་དེ་ལས་ལྡོག་སྟེ་དམན་པར་འཛིན་པའི་ལྟ་བ་ཧ་ཅང་ཛ་དྲག་ཆེ། ཡ་མཚན་པ་ཞིག་ལ་བ་ལང་དཀར་པོ་སོགས་ནི་ལྷ་གང་དེའི་བཞོན་པ་ཡིན་པས་དད་གུས་ཚད་མེད་ངང་མཆོད་འབུལ་ཡང་ཡང་གནང་བ་དང་། ར་ལུག་ནག་པོ་སོགས་སྲོག་ཆགས་གཞན་པ་འགའ་རེ་ནི་ལྷ་མོའི་དུས་ཚིགས་ལ་བསླེབས་པ་ན་གྲངས་མང་པོར་དམར་གསོད་དུ་བཏང་ནས་ལྷ་མོར་ཤ་ཁྲག་གི་མཆོད་འབུལ་བྱེད་པའི་ལུགས་སྲོལ་ཡོད། དེང་སྐབས་ཡང་ས་ཁུལ་མི་ཉུང་བ་ཞིག་ན་ར་ལུག་དང་རྔ་མོང་ཆུ་གླང་ནག་པོ་སོགས་གསོད་པའི་བྱ་འགུལ་རྒྱ་ཆེན་པོ་སྤེལ་ཏེ། མི་རྣམས་ཀྱིས་ཉིན་དེར་ར་ལུག་གསོན་པོའི་སྐེ་བཅད་དེ་ལྷ་མོ་ལ་མཆོད་འབུལ་བྱེད་པ་སོགས་ནི་ཁོ་ཚོའི་འཚོ་བའི་ནང་མེད་ཐབས་མེད་པའི་བག་ཆགས་མཐུག་པོ་ཞིག་ཏུ་ཆགས་ཡོད། 

3 དད་གུས་བྱེད་མཁན།

རྒྱ་གར་རང་གནས་ཀྱི་མི་བརྒྱ་ཆའི80ཆོས་ལུགསའདིར་དད་གུས་ཡོད་པ་དང་། ད་ཆའི་འཛམ་གླིང་མི་གྲངས་ལ་གཞིགས་ན་དད་གུས་བྱེད་མཁན་དུང་ཕྱུར8ཙམ་དང་མིའི་རིགས་ཀྱི་བརྒྱ་ཆའི13ཟིན་ཡོད་པས་མི་གྲངས་ཀྱི་ཆ་ནས་འཛམ་གླིང་སྟེང་གི་ཆོས་ལུགས་ཨང་གསུམ་པར་རང་བཞིན་གྱིས་འཕགས་ཡོད།

4 ཆོས་ལུགས་ཀྱི་མཚོན་རྟགས།

འཛམ་གླིང་གི་ཆོས་ལུགས་ཆེན་པོ་བཞི་ལས་ཧིན་ངྷུ་ཆོས་ལུགས་མཚོན་བྱེད་ཀྱི་ཉི་ཟླ་དང་ཡིག་འབྲུའི་དབྱིབས་ཅན་གྱི་རྟགས་འདི་ནི་འཛམ་གླིང་གཅིག་གྱུར་གྱི་ཧིན་ངྷུའི་ཆོས་ལུགས་མཚོན་བྱེད་ཡིན་པར་ངོས་འཛིན་གནང་གིན་ཡོད། རྟགས་འདི་ནི་མ་གཞི་རྒྱ་གར་གྱི་གནའ་བོའི་ཡིག་འབྲུ་གསུམ་ཡིན་པར་མ་ཟད་ཆོས་ལུགས་དེ་གའི་ལྷ་གསུམ་གྱི་སྲོག་ཡིག་ཡིན་པ་མཚོན། དོན་དུ་ཡིག་འབྲུAUMའདི་གསུམ་ཡིན་ལ་འདི་གསུམ་གྱིས་ཧིན་ངྷུའི་ཆོས་ལུགས་ཀྱི་ལྷ་ལྷ་མོ་གཙོ་བོ་གསུམ་པོ་དེ་སོ་སོ་མཚོན་གྱིན་ཡོད། དེའི་ཕྱིར་རྟགས་འདི་ནི་ཧིན་ངྷུའི་ཆོས་ལུགས་ཀྱི་མཚོན་རྟགས་གཅིག་པུ་དེ་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-14

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།