རུས་ཆེན་བཞིའི་བླ་ཟོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁ་བ་ཅན་གྱི་ཡུལ་འདིར་རུས་རྒྱུད་ཀྱི་སྤྱི་ཚོགས་སུ་སླེབས་རྗེས་ཡུལ་གྲུ་སོ་སོར་རུས་རྒྱུད་དང་ཕ་ཚན་བརྩི་སྲོལ་མི་འདྲ་བ་མང་པོ་ཡོད་ལ། དེ་ལའང་རུས་རྒྱུད་སོ་སོའི་བླ་ཟོག་དང་འབྱུང་ཁམས་བརྩི་སྲོལ་ཡང་ཡོད། འདིར་རུས་ཆེན་བཞིའི་བླ་ཟོག་དང་འབྱུང་ཁམས་གང་ཡིན་པ་གསལ་བོར་བཀོད་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས་ཤེས་བྱ།
1 ​ངོ་སྤྲོད།

བོད་མིའི་རུས་ཆེན་བཞིའི་བླ་ཟོག་གང་དག་ཡིན་པ་དང་དེའི་འབྱུང་ཁམས་བརྩི་ཚུལ་ནི། སྒ་ནི་ཤིང་ཁམས་ལུག་ལ་བླ། སྒ་ནི་མེ་ཁམས་ར་ལ་བླ། ལྡོང་ནི་ས་ཁམས་ཤྭ་བར་བླ། སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། འབྲི་ནི་ཆུ་ཁམས་གཡག་ལ་བླ། རུས་པར་གཙང་མར་མ་ཤེས་ན། དེ་ཡང་ལྡོང་ལ་བསྡུ་ཞེས་ཟེར། ཡང་མི་ཉག་རུས་ནི་ལྡོང་དང་། སུམ་བྷ་འབྲི། ཞང་ཞུང་ནི་སྦྲ། འ་ཞ་ནི་སྒ་ཞེས་འཁོད་ཡོད་དོ། ། གོང་དུ་བཀོད་པ་འདིའི་ཐོག་ནས་ཁ་བ་ཅན་གྱི་ཡུལ་དེ་རུས་རྒྱུད་ཀྱི་སྤྱི་ཚོགས་སུ་སླེབས་རྗེས། ཡུལ་གྲུ་སོ་སོར་རུས་རྒྱུད་རུས་རྒྱུད་ཚན་པ་བརྩི་སྲོལ་མི་འདྲ་བ་མང་པོ་ཡོད་པར་མ་ཟད། དེ་དག་ལའང་འབྱུངས་ཁམས་བརྩི་ཚུལ་དང་བླ་ཟོག་རེ་ཡོད་པ་ནི་དུས་ཡུན་རིང་པོའི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཁྲོད་ནས་བྱུང་བ་དང་། རུས་རྒྱུས་དེ་དག་ལས་གྱེས་པ་དག་ལའང་བསྟེན་བྱའི་ཟླ་ཟོག་གི་ཁྱད་པར་ཡང་ཡོད། 


བརྡ་འགྲེལ་གདོང་འཛར།

རུས། བླ་ཟོག འབྱུང་ཁམས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-14

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།