བསྐལ་བཟང་ཕོ་བྲང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བསྐལ་བཟང་ཕོ་བྲང་།
བསྐལ་བཟང་ཕོ་བྲང་ནི་བོད་རབ་བྱུང་བཅུ་གསུམ་པའི་ཤིང་ཕག(སྤྱི་ལོ1755)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོ་མཆོག་ནས་ཕྱག་བཏབ་པ་དང་། ནོར་བུ་གླིང་གའི་ཕོ་བྲང་སྔ་ཤོས་ཀྱི་གྲས་ཤིག་ཡིན་ལ། ཕོ་བྲང་འདི་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་མཆོག་ཆབ་ཞུགས་འཕྲོད་བསྟེན་དུ་ཕེབས་སྐབས་བཞུགས་སྒར་ཕྱི་མ་དང་ནང་མ་གསར་སྐྲུན་གནང་བའི་བཞུགས་སྒར་ཕྱི་མ་དེ་བསྐལ་བཟང་ཕོ་བྲང་ཡིན་པར་གྲགས། དེ་རྗེས་རིམ་པར་ཏཱ་ལའི་བླ་མའི་མཚན་དེ་ཕོ་བྲང་ལ་ཐོགས་པ་ཡིན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
格桑颇章
བཞེངས་ལོ།
བོད་རབ་བྱུང་བཅུ་གསུམ་པའི་ཤིང་ཕག(སྤྱི་ལོ1755)ལོ།
ཁོངས་གཏོགས།
བཟོ་སྐྲུན།
1 ངོ་སྤྲོད་མདོར་བསྡུས།

བསྐལ་བཟང་ཕོ་བྲང་ནི་བོད་རབ་བྱུང་བཅུ་གསུམ་པའི་ཤིང་ཕག(སྤྱི་ལོ1755)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོ་མཆོག་ནས་ཕྱག་བཏབ་པ་དང་། ནོར་བུ་གླིང་གའི་ཕོ་བྲང་སྔ་ཤོས་ཀྱི་གྲས་ཤིག་ཡིན་ལ། ཕོ་བྲང་འདི་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་མཆོག་ཆབ་ཞུགས་འཕྲོད་བསྟེན་དུ་ཕེབས་སྐབས་བཞུགས་སྒར་ཕྱི་མ་དང་ནང་མ་གསར་སྐྲུན་གནང་བའི་བཞུགས་སྒར་ཕྱི་མ་དེ་བསྐལ་བཟང་ཕོ་བྲང་ཡིན་པར་གྲགས། དེ་རྗེས་རིམ་པར་ཏཱ་ལའི་བླ་མའི་མཚན་དེ་ཕོ་བྲང་ལ་ཐོགས་པ་ཡིན་ནོ། །

བསྐལ་བཟང་ཕོ་བྲང་ཐོག་བརྩེགས་གསུམ་ལྡན་གྱི་རྩེ་མོར་རྒྱལ་མཚན། གཉྫིར། སྤེན་བད་ཀྱི་རྒྱན་ལ་བཀྲ་ཤིས་རྫས་རྟགས་བརྒྱད་སོགས་ཀྱི་བཀོད་པ་སྤྲས་པ་དེ་དག་ནི། སངས་རྒྱས་ཆོས་ལུགས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། སེམས་ཅན་ལ་བཀྲ་ཤིས་ཡོང་བ་སོགས་ཀྱི་མཚོན་བྱེད་དུ་སྦྱར་བ་ཞིག་ཡིན། 

ཚོམས་ཆེན་ཉི་འོད་ནང་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་ནས་སྐུ་ཕྲེང་རིམ་བྱོན་གྱི་སྐུ་དུས་སུ་དབྱར་གྱི་དུས་ལ་གལ་ཆེའི་ཆོས་སྲིད་མཛད་སྒོ་ཚུགས་ས་དང་། དྲུང་རིགས་སེར་སྐྱ་དཔོན་རིགས་དང་། དགོན་ཁག་གི་བླ་མ་ལས་སྣེ་སོགས་བསྐོ་བཞག་དང་། གསར་མཇལ། འཕོ་འགྱུར། ཕྱིར་འཐེན་བྱེད་པ་སོགས་བོད་ཀྱི་གང་ཅིའི་བཀའ་ལུང་བསྒྱུར་ས་ཡིན། ཚོམས་ཆེན་ནང་དུ་ལོ་ལྟར་སེ་འབྲས་གཉིས་དབྱར་གནས་ལེགས་པར་གྲོལ་བའི་དགའ་སྟོན་ལྗོངས་རྒྱུ་མཇལ་ཁ་ཚུགས་སྐབས་དགའ་ལྡན་ཁྲི་རིན་པོ་ཆེ། ཧོ་ཐོག་ཐུ། སྤྲུལ་སྐུ་ཆེ་ཆུང་། ལས་སྣེ་གྲྭ་དམངས་བཅས་ལ་མཇལ་ཁ་དང་ཞབས་བརྟན་བརྟན་བཞུགས་འབུལ་བཞེས། ལྷ་རམས་དགེ་བཤེས་རྩོད་རྒྱུགས་འབུལ་བཞེས། བླ་སྤྲུལ་ཁག་ལ་མཇལ་ཁ། གནས་ཆུང་དང་ཚངས་པ་དུང་ཐོད་ཅན། བསམ་ཡས་ཀྱི་ལི་བྱིན་ཧ་ར་ཙིའུ་དམར་པོ་བཅས་གཟིམ་ཆུང་སྤྱན་འདྲེན། དྲུང་སྤྱི་དང་བོད་མི་དམངས་ཀྱིས་ཞབས་བརྟན་བརྟན་བཞུགས་འབུལ་བཞེས་གནང་ས་བཅས་ཡིན་ནོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-06

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།