རྒྱལ་སྲས་རྒྱལ་རབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་སྲས་རྒྱལ་རབས།
གནམ་ལྡེ་འོད་སྲུང་གི་རྒྱུད་ལས་མཆེད་པ་སྨད་ཀྱི་ལྡེ་གསུམ་ལས་འོད་ལྡེའི་སྲས་གཞོན་པ་ཁྲི་ལྡེ(སྤྱི་ལོ997-1065)མདོ་ཁམས་སུ་བྱོན་ཏེ་ཙོང་ཁའི་འགོ་པ་ཀླུ་བཙུན་དང་། གྲོ་ཚང་འགོ་པ་བོན་པོ་ཆེ་གཉིས་ཀྱིས་ཁྲི་དཔོན་དུ་བཀུར་ནས་སྤྱི་ལོ1015ལོར་ཙོང་ཁའི་རྒྱལ་རབས་བཙུགས་ཏེ་ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་སོགས་མདོ་སྨད་ཕལ་ཆེར་ལ་མངའ་མཛད་པས་སྨད་ཀྱི་རྒྱལ་ཁྲིམས་ལྷམ་ཙམ་ཆགས་ཞེས་གྲགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宗喀或唃厮啰王系
1 ​ངོ་སྤྲོད།

གནམ་ལྡེ་འོད་སྲུང་གི་རྒྱུད་ལས་མཆེད་པ་སྨད་ཀྱི་ལྡེ་གསུམ་ལས་འོད་ལྡེའི་སྲས་གཞོན་པ་ཁྲི་ལྡེ(སྤྱི་ལོ997-1065)མདོ་ཁམས་སུ་བྱོན་ཏེ་ཙོང་ཁའི་འགོ་པ་ཀླུ་བཙུན་དང་། གྲོ་ཚང་འགོ་པ་བོན་པོ་ཆེ་གཉིས་ཀྱིས་ཁྲི་དཔོན་དུ་བཀུར་ནས་སྤྱི་ལོ1015ལོར་ཙོང་ཁའི་རྒྱལ་རབས་བཙུགས་ཏེ་ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་སོགས་མདོ་སྨད་ཕལ་ཆེར་ལ་མངའ་མཛད་པས་སྨད་ཀྱི་རྒྱལ་ཁྲིམས་ལྷམ་ཙམ་ཆགས་ཞེས་གྲགས་ཤིང་། རྒྱལ་སྲས་ཞེས་རྒྱའི་ཡིག་ཚང་དུ་འཁོད། སྤྱི་ལོ1032ལོར་རྒྱ་ས་ཟི་ལིང་མཁར་དུ་སྤོས། ཁྲི་ལྡེས་སྲིད་བསྐྱངས་རྗེས་མངའ་ཐང་རྒྱ་ཆེར་སོང་ཞིང་། འབངས་མི་སེར་ཁྲི་ཚོ་བརྒྱ་སྐོར་དང་། དམག་ཁྲི་ཚོ་བཅུ་གྲངས་ཡོད་པར་གྲགས། ཁྲི་ལྡེར་སྲས་གསུམ་ལས། སྤྱི་ལོ1058ལོར་སྲས་གཞོན་པ་ཞང་བཙན་དང་མང་བཙན་གཉིས་ཀྱིས་གྱེན་ལོག་བྱས་པ་ལྷིང་འཇགས་སུ་བཏང་། སྤྱི་ལོ1065ལོར་ཁྲི་ལྡེ་གཤེགས་པས། དེའི་སྲས་བགྲེས་པ་ལྡོང་བཙན་ཁྲིར་གསོལ། དེའི་སྐུ་རིང་ལ་མི་ཉག་གིས་དྲག་པོའི་དཔུང་འཇུག་བྱས་པར་སུང་རྒྱལ་རབས་དང་མཉམ་འབྲེལ་ཐོག་ལན་ཀྲུའུ་སོགས་ཕྱིར་བླངས་ཤིང་། ཆི་ཏིན་རིགས་ཀྱི་བཙུན་མོ་ཞིག་ཀྱང་ཁབ་ཏུ་བསུས་ཏེ། ཁྱིམ་མཚེས་རྒྱལ་ཁག་བར་གྱི་འབྲེལ་ལམ་བསྐྱངས། སྤྱི་ལོ1086ལོར་ལྡོང་བཙན་འདས། ཨ་ལི་གུས་སྲིད་ལོ་བཅུ་བསྐྱངས་རྗེས་འདས། དེའི་སྲས་ཞ་འབྲིང་གིས་སྲིད་འཕྲོ་བསྐྱངས། འོན་ཀྱང་ཞ་འབྲིང(夏郑བོད་མིང་འབྲི་སྲོལ་མ་རྙེད)གི་ཕ་ཨ་ལི་གུ་ནི་ཁྲི་ལྡེའི་གདུང་རྒྱུད་ངོ་མ་མིན་པའི་གླེང་ལོག་བྱུང་སྟེ་ནང་འཁྲུག་ལངས། ཞིག་པ་བོན(溪巴温བོད་མིང་འབྲི་སྲོལ་མ་རྙེད)གྱིས་གོ་སྐབས་སྤྱད་ནས་སྲིད་འཕྲོག སྤྱི་ལོ1227ལོར་ཧོར་གྱིས་བརླགས། དེ་མུར་སུང་གོང་མས་རུས་མིང་ཀྲའོ་ཞེས་བསྩལ་རྗེས། སྔ་རྗེས་སུ་ཧོར་དང་། མིང་། ཆིང་། གོ་མིན་བར་ས་གནས་འགོ་པའི་ཐོབ་དང་གོ་ས་བཟུང་ནས། སྔ་ཕྱིར་མི་ལོ་ལྔ་བརྒྱ་དང་ལྔ་བཅུ་ང་བདུན་རིང་མདོ་སྨད་ཁུལ་དུ་སྲིད་བསྐྱངས་ཞིང་། རྒྱ་ནག་གོང་མ་རིམ་བྱུང་གི་ཝང་དང་། གུང་། ཧའོ། བའོ་སོགས་ཀྱི་ཆོ་ལོ་བསྩལ་མྱོང་། 

2 ཙོང་ཁའམ་རྒྱལ་སྲས་གདུང་རབས།

.png

3 ཙོང་ཁའམ་རྒྱལ་སྲས་རིམ་བྱོན།

.png

གསལ་བཤད། རྒྱལ་སྲས་རྒྱལ་པོ་རིམ་བྱོན་གྱི་མཚན་ཐོ་རྒྱའི་ཡིག་ཚང་དུ་མཐོང་བ་ལས་བོད་ཀྱི་ཡིག་ཆ་དཀོན་པས་རྒྱ་ཡིག་གི་འབྲི་སྲོལ་རང་བཞག་པའོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-13

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།