《ཚལ་གུང་ཐང་གཙུག་ལག་ཁང་གི་དཀར་ཆག》
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

《ཚལ་གུང་ཐང་གཙུག་ལག་ཁང་གི་དཀར་ཆག》
《ཚལ་གུང་ཐང་གཙུག་ལག་ཁང་གི་དཀར་ཆག་སྐྱིད་ཆུའི་རང་མདངས》ནི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་པའི་བོད་ལྗོངས་གནའ་ཤུལ་གནས་མཆོག་དཔེ་ཚོགས་ཀྱི་དེབ་ཕྲེང་ཞིག་ཡིན་ཞིང་། 2011ལོའི་ཟླ6པར་ལྷ་ས་རུ་དངོས་སུ་འགྲེམ་སྤེལ་བྱས།
གཞི་རྩའི་གནས་ཚུལ།

དེབ་མིང་།
《ཚལ་གུང་ཐང་གཙུག་ལག་ཁང་གི་དཀར་ཆག》
རྩོམ་པ་པོ།
གྲ་བཞི་མིག་དམར་ཚེ་རིང་།
དཔེ་སྐྲུན་ཁང་།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
དེབ་ཕྲེང་།
བོད་ལྗོངས་གནའ་ཤུལ་གནས་མཆོག་དཔེ་ཚོགས་ཀྱི་དེབ་ཕྲེང་།
འགྲེམ་སྤེལ་དུས་ཚོད།
2011ལོའི་ཟླ6པ།
1 ​མཚམས་སྦྱོར་མདོར་བསྡུས།

《ཚལ་གུང་ཐང་གཙུག་ལག་ཁང་གི་དཀར་ཆག་སྐྱིད་ཆུའི་རང་མདངས》ནི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་པའི་བོད་ལྗོངས་གནའ་ཤུལ་གནས་མཆོག་དཔེ་ཚོགས་ཀྱི་དེབ་ཕྲེང་ཞིག་ཡིན་ཞིང་།  2011ལོའི་ཟླ6པར་ལྷ་ས་རུ་དངོས་སུ་འགྲེམ་སྤེལ་བྱས།

དཔེ་དེབ་འདི་ནི་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཆོས་ལུགས་ཞིབ་འཇུག་ཚན་ཁག་གི་ཞིབ་འཇུག་རམ་འདེགས་པ་གྲ་བཞི་མིག་དམར་ཚེ་རིང་ལགས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ཤར་ངོས་སུ་ཆགས་པའི་ཚལ་པ་བཀའ་བརྒྱུད་ཀྱི་མ་དགོན་ཚལ་གུང་ཐང་གཙུག་ལག་ཁང་གི་ལོ་རྒྱུས་དང་རིག་གནས་སྐོར་ལ་ཞིབ་འཇུག་བྱས་པའི་འབྲས་བུ་ཐོག་མ་ཡིན་ཞིང་།  ཁོང་གིས་བོད་ཡིག་གི་དཔྱད་གཞིའི་ཡིག་ཆ་དུ་མ་བེད་སྤྱོད་བྱས་པའི་རྨང་གཞིའི་ཐོག་དགོན་པའི་ཡུལ་དངོས་སུ་བརྟག་དཔྱད་ཐེངས་མང་བྱས་ཏེ་ལོ་རྒྱུས་དང་གནས་བབ་ཟུང་འབྲེལ་བྱས་ནས་སྤེལ་བའི་དཔྱད་འབྲས་ཤིག་ལགས།  

2 ནང་དོན་མདོར་བསྡུས།

དཔེ་དེབ་འདིའི་ནང་དུ་ཐོག་མར་ཚལ་པ་བཀའ་བརྒྱུད་ཀྱི་བྱུང་བ་དང་།  ཚལ་གུང་ཐང་གཙུག་ལག་ཁང་གི་ལོ་རྒྱུས།  གུང་ཐང་བླ་མ་ཞང་འགྲོ་བའི་མགོན་པོའི་མཛད་རྣམ།  དགོན་པའི་མཁན་རབས་རིམ་བྱོན་གྱི་མཛད་རྣམ།  ཚལ་པ་ཁྲི་དཔོན་རིམ་བྱོན་གྱི་ལོ་རྒྱུས།  གནའ་དེང་དགོན་པར་བཞུགས་པའི་སྐུ་གསུང་ཐུགས་རྟེན།  དགོན་པའི་སྒྲིག་གཞི་དང་།  དཔལ་འབྱོར།  ཆོ་ག་ཕྱག་ལེན།  དུས་མཆོད།  བསྟན་སྲུང་སོགས་ནང་དོན་ཁག་བཅོ་ལྔ་འདུས་པ་དང་ཚལ་པ་བཀའ་བརྒྱུད་དང་ཚལ་གུང་ཐང་གཙུག་ལག་ཁང་།  དེ་བཞིན་ཚལ་པ་ཁྲི་སྐོར་དང་འབྲེལ་བའི་ལོ་རྒྱུས་དང་རིག་གནས་སྐོར་ལ་དོ་སྣང་དང་རྒྱུས་མངའ་བར་བྱ་བའི་དཔྱད་གཞི་གལ་ཆེན་ཞིག་ཡིན།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-06

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།