བསླབ་བྱ་ནོར་བུའི་ཕྲེང་བ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།
  • མ་ཡིག
  • ལེགས་རྩོམ་ངོ་སྤྲོད།

བསླབ་བྱ་ནོར་བུའི་ཕྲེང་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ལེགས་རྩོམ་ངོ་སྤྲོད། )

བསླབ་བྱ་འདི་ནི། ཞང་སྟོན་བསྟན་པ་རྒྱ་མཚོ་མཆོག་གིས་འབྲོམ་སྟོན་པས་མཛད་པའི་མི་ཆོས་གནད་ཀྱི་ཕྲེང་བ་ཞེས་བྱ་བ་དེའི་དོན་འགྲེལ་གྱི་ཚུལ་དུ་དུས་དང་གནས་སྐབས་ཐམས་ཅད་དུ། རང་ཚུགས་མ་ཉམས་པར་གཞན་དང་བསྟུན་པ་མི་ཆོས་ཀྱི་རྩ་བར་བཟུང་སྟེ། གཞན་ལ་ཁྱད་གསོད་དང་ནོར་ལ་ཞེན་ཆགས་མེད་པར་སྤྱི་ཁྲིམས་བསྲུང་དགོས་ཚུལ་སོགས་བསླབ་བྱར་དྲངས་ནས་གདམས་པ་ཞིག་གོ །
གཞི་རྩའི་གནས་ཚུལ།

མཛད་པ་པོ།
ཞང་སྟོན་བསྟན་པ་རྒྱ་མཚོ།
ཡབ།
སྙིང་དཀར་འབུམ།
འཁྲུངས་འདས།
སྤྱི་ལོ1825ལོ-སྤྱི་ལོ1897ལོར།
ཡུམ།
ཚེ་རིང་སྒྲོལ་མ།
1 མཛད་པ་པོ།

ཞང་སྟོན་བསྟན་པ་རྒྱ་མཚོ་ནི། མདོ་སྨད་རྩེ་གཞུང་དུ་ཡབ་སྙིང་དཀར་འབུམ་དང་ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་བའི་ཤིང་བྱ་སྤྱི་ལོ1825ལོར་སྐུ་འཁྲུངས། འཇམ་བཞད་བླ་མ་སྐུ་ཕྲེང་གསུམ་པ་བློ་བཟང་ཐུབ་བསྟན་རྒྱ་མཚོ། དབལ་མང་དཀོན་མཆོག་རྒྱལ་མཚན་སོགས་བླ་མ་མང་བོ་ལས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་ཞིང་དེའི་དོན་ཉམས་བཞེས་སུ་བསྟར་བའི་སྙན་པ་མཐའ་དབུས་ཀྱི་ཡུལ་གྲུ་ཀུན་ཏུ་ཁྱབ། གསུང་ཆོས་ལ་བྱང་ཆུབ་ལམ་གྱི་རིམ་པའི་གདམས་ངག་རང་རྒྱུད་གླང་སྨྱོན་འདུལ་བའི་ལྩགས་ཀྱུ་སོགས་པོད་བཞི་བཞུགས། དགུང་གྲངས་བདུན་ཅུ་དོན་གསུམ་པར་རབ་བྱུང་བཅོ་བའི་མེ་བྱ་སྤྱི་ལོ1897ལོར་སྐུ་གཤེགས།

2 བསྟན་འཛིན་གྱི་བུ་སློབ་བསྐྱངས་པའི་ཚུལ།

འཇམ་བཞད་སྐུ་ཕྲེང་བཞི་བ་སྐལ་བཟང་ཐུབ་བསྟན་དབང་ཕྱུག ཐུའུ་བཀྭན་བློ་བཟང་བཤད་སྒྲུབ་རྒྱ་མཚོ། ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་སོགས་བསྟན་འཛིན་གྱི་སྐྱེས་ཆེན་མང་དུ་བསྐྱངས། 

3 བརྗོད་དོན་མདོར་བསྟན། 

བསླབ་བྱ་འདི་ནི། འབྲོམ་སྟོན་པས་མཛད་པའི་མི་ཆོས་གནད་ཀྱི་ཕྲེང་བ་ཞེས་བྱ་བ་དེའི་དོན་འགྲེལ་གྱི་ཚུལ་དུ་མཛད་པ་ཞིག་སྟེ། བརྗོད་དོན་གཙོ་བོ་ནི། ཡུལ་དུས་དང་བྱ་བའི་གནས་སྐབས་ཐམས་ཅད་དུ་རང་ཚུགས་མ་ཉམས་པར་གཞན་དང་བསྟུན་པ་མི་ཆོས་ཀྱི་རྩ་བར་བཟུང་ནས་གཞན་ལ་ཁྱད་གསོད་མེད་པ། ནོར་ལ་ཆགས་ཞེན་ཆུང་བ། སྤྱི་ཁྲིམས་བསྲུང་བ། ང་རྒྱལ་ཞི་བ། སྨྲ་བ་ཉུང་བ། རང་མཚང་འདོན་པ། གཞན་སྐྱོན་སྦ་བ། བརྟགས་ནས་འགྲོགས་པ། ཕྱི་ཐག་རིང་བ། འཕུང་བྱེད་གྲོགས་སུ་བསྒྱུར་བ། ཀུན་ལ་སྤྱི་སྙོམས་བསྟེན་པ། འཁོར་ལ་བློ་ཁོག་སྡོམ་པ། དོན་ལ་ལག་ལེན་སྐྱོང་བ། ཉེས་ན་ཕྱིས་འབྱུང་འགོག་པ། བློ་མང་བསྐྱུང་ཞིང་འདུན་མ་གཅིག་ལ་གཏོད་པ། གྲོགས་ངན་སྤངས་ཤིང་ཡུལ་ངན་འདོར་བ། གང་དུ་ཕྱིན་ཀྱང་ཆགས་སྡང་ཆུང་བ། ཇི་ལྟར་བགྱིས་ཀྱང་དམན་ཆ་བླངས་པ། ཡུལ་གྱི་ཁྱད་པར་ལྟར་གཟབ་གཟབ་བྱེད་པ། ཡི་དམ་བློ་འཁེལ་བ། མི་ལ་ཁྲེལ་གཞུང་ཆེ་བ། དམ་པའི་ཆོས་ལ་ཕྱི་བཤོལ་སྤངས་པ། བླ་མའི་ཕྱོགས་ལ་སྒོ་གསུམ་གུས་པ་སོགས་མཐོང་ཐོས་མྱོང་གསུམ་གྱི་གདམས་ངག་རྣམས་ནི་ཚིག་གི་སྙན་ཆ་དང་སྡེབ་སྦྱོར་གཙོ་བོར་མ་བཏོན་པར། གོ་སླ་བ་དང་སེམས་ལ་ཕན་པ་ཁོ་ནར་དམིགས་ནས་ཞིབ་རྒྱས་སུ་གདམས་པའོ།  །


བརྡ་འགྲེལ་གདོང་འཛར།

བསླབ་བྱ། གོ་སླ་བ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-27

གསར་སྤེལ་མཁན། :ཚེ་དོན།577

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།