《ང་ཡི་ཆང་གསོལ་རོགས》
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

《ང་ཡི་ཆང་གསོལ་རོགས》
《ང་ཡི་ཆང་གསོལ་རོགས》ཞེས་པའི་གློག་བརྙན་འདི་ནི་བོད་ཀྱི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་འཁྲབ་ཁྲིད་བྱས་ཤིང་གླུ་བ་སྐད་གྲགས་ཅན་གཡང་དྲུང་རྒྱལ་དང་ཉི་མ་སྲུང་སྲུང་། སྲས་མཆོག་རྒྱལ་གསུམ་གྱིས་འཁྲབ་སྟོན་བྱས་པའི་རྒྱལ་རོང་ཡུལ་སྐད་ཀྱིས་གློག་བརྙན་བརྩམས་ཆོས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿拉姜色
ཕྱི་ཡིག་གི་མིང་།
Ala Changso
འཁྲབ་གཞུང་རྩོམ་པ་པོ།
བཀྲ་ཤིས་ཟླ་བ། ཟོན་ཐར་རྒྱལ།
འཁྲབ་ཁྲིད་པ།
ཟོན་ཐར་རྒྱལ།
འཁྲབ་སྟོན་པ།
གཡང་དྲུང་རྒྱལ། ཉི་མ་སྲུང་སྲུང་། སྲས་མཆོག་རྒྱལ།
སྐད་ཆ།
བོད་སྐད།
གཟིགས་འབུལ་དུས་ཚོད།
སྤྱི་ལོ2018ལོའི་ཟླ10པའི་ཚེས26ཉིན
1 ​ནང་དོན་མདོར་བསྡུས།

《ང་ཡི་ཆང་གསོལ་རོགས》ཞེས་པའི་གློག་བརྙན་འདི་ནི་རྒྱལ་རོང་ཡུལ་སྐད་ཀྱི་གློག་བརྙན་བརྩམས་ཆོས་ཆེས་ཐོག་མ་དེ་ཡིན་ཡིན་ལ། གློག་བརྙན་འདིའི་ནང་གཙོ་བོ་མི་གཤིས་བཟང་པོ་མངོན་པར་མཚོན་པའི་གཏམ་རྒྱུད་ཅིག་བརྗོད་པ་བརྒྱུད་དེ། ཆུང་མའི་སེམས་སུ་ཡུན་རིང་ཏུ་སྦས་པའི་གསང་བ་དེའི་རྐྱེན་གྱིས། ཁོ་མོ་སེམས་སྡུག་གི་གནས་སུ་ལྷུང་ཡོད་ལ། རང་ཉིད་ཀྱི་སྐྱེས་པ་ལའང་རྒྱུ་རྐྱེན་ཅི་ཡང་མ་བཤད། ཐེངས་ཤིག་གི་གློ་བུར་བའི་དོན་རྐྱེན་ཁྲོད། ཆུང་མས་ལྷ་སར་གོམ་བགྲོད་བྱེད་པའི་སེམས་ཐག་བཅད། དཀའ་སྡུག་གི་བརྒྱུད་རིམ་ཁྲོད། ཆུང་མ་དང་སྐྱེས་པ། བྱིས་པ་བཅས་ཀྱིས་གོམ་བཞུད་ཀྱི་དཀའ་སྡུག་ཁྲོད། ནང་སེམས་ལ་མི་འདྲ་བའི་འགྱུར་བ་བྱུང་བ་བརྗོད་ཡོད། 《ང་ཡི་ཆང་གསོལ་རོགས》ཞེས་པར་སྔ་རྗེས་སུ་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་ནས་དཔྱད་འདེམས་ཚོགས་པའི་བྱ་དགའ་དང་འཁྲབ་གཞུང་རྩེ་གྲས་ཀྱི་བྱ་དགའ་སོགས་ཐོབ་མྱོང་།

2 གཟིགས་འབུལ་གནས་ཚུལ།

སྤྱི་ལོ2018ལོའི་ཟླ10བའི་ཚེས11ཉིན་གྱི་ཕྱི་དྲོའི་ཆུ་ཚོད3:30སྟེང་། བོད་རིགས་གློག་བརྙན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་འཁྲབ་ཁྲིད་བྱས་པའི་བོད་སྐད་གློག་བརྙན《ང་ཡི་ཆང་གསོལ་རོགས》ཞེས་པ་ཟི་ལིང་ཚོང་དཔོན་ནོར་བཟང་ནས་ཐོག་མའི་གཟིགས་འབུལ་བྱས། སྤྱི་ལོ2018ལོའི་ཟླ10པའི་ཚེས26ཉིན་རང་རྒྱལ་གྱི་གློག་བརྙན་ཁང་སོ་སོ་ནས་གཟིགས་འབུལ་བྱས།

3 འཁྲབ་ཁྲིད་པ།

ཟོན་ཐར་རྒྱལ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་སྐྱེས་པ་རེད། ཁོ་རང་པར་ལེན་དང་མཛེས་རྩལ་ལ་བརྟེན་ནས་གློག་བརྙན་བརྩམས་ཆོས《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》དང་། 《དྲི་མེད་ཀུན་ལྡན་འཚོལ་བ》《ཁྱི་རྒན》སོགས་ཀྱི་བརྙན་ཕབ་ལ་ཞུགས་མྱོང་། 2011ལོར་འཁྲབ་ཁྲིད་པ་དང་སྒྲིག་སྦྱོར་གྱི་ཐོབ་ཐང་སྤྱད་དེ་གཏམ་རྒྱུད་རང་བཞིན་གྱི་གློག་བརྙན་ཕབ་སྐྲུན་གྱི་ལས་ལ་དངོས་སུ་ཞུགས།ཁོའི་ཐོག་མའི་བརྩམས་ཆོས《དབུས་ལམ་གྱི་ཉི་མ》དང《གཙང་བོ》ལ་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་བྱ་དགའ་མང་པོ་ཐོབ་མྱོང་ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-28

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།