གསར་འགྱུར་གྱི་སྒྲིག་གཞི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསར་འགྱུར་ནི་རྩོམ་ལུས་གཞན་དག་དང་འདྲ་བར་སྒྲིག་གཞི་བཀོད་སྒྲིག་བྱེད་པར་རྩ་དོན་གཙོ་བོ་གཉིས་ཡོད་དེ། གཅིག་ནི་ནང་དོན་གྱི་ཐད་ནས་དོན་དངོས་ལ་གཞིར་འཛིན་པ་དང་། གཅིག་ཤོས་དེ་བརྗོད་དོན་གཙོ་བོ་མཚོན་པའི་དགོས་མཁོ་ལྟར་གཞི་འཛིན་དགོས། རྣམ་པ་ནི་ནང་དོན་ལ་བརྟེན་ནས་ཐག་གཅོད་དགོས་ཤིང་དེས་ནང་དོན་དང་བརྗོད་བྱ་གཙོ་བོར་ཞབས་འདེགས་ཞུ་དགོས།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
རྩོམ་རིག
རིགས་དབྱེ།
གསར་འགྱུར་གྱི་སྒྲིག་གཞི།
1 གོ་དོན།

གསར་འགྱུར་ནི་རྩོམ་ལུས་གཞན་དག་དང་འདྲ་བར་སྒྲིག་གཞི་བཀོད་སྒྲིག་བྱེད་པར་རྩ་དོན་གཙོ་བོ་གཉིས་ཡོད་དེ། གཅིག་ནི་ནང་དོན་གྱི་ཐད་ནས་དོན་དངོས་ལ་གཞིར་འཛིན་པ་དང་། གཅིག་ཤོས་དེ་བརྗོད་དོན་གཙོ་བོ་མཚོན་པའི་དགོས་མཁོ་ལྟར་གཞི་འཛིན་དགོས། རྣམ་པ་ནི་ནང་དོན་ལ་བརྟེན་ནས་ཐག་གཅོད་དགོས་ཤིང་དེས་ནང་དོན་དང་བརྗོད་བྱ་གཙོ་བོར་ཞབས་འདེགས་ཞུ་དགོས།

2 སྒྲིག་གཞིའི་དབྱེ་བ།
2_1 མགོ་མཇུག་ལྡོག་པའི་སྒྲིག་གཞི།

དེ་ནི་གསར་འགྱུར་གྱི་དོན་དངོས་རང་བཞིན་གལ་ཆེ་ཚད་ཀྱིས་གསར་འགྱུར་གྱི་མགོ་མཇུག་ཐག་བཅད་པའི་སྒྲིག་གཞིའི་རྣམ་པ་ཞིག་ཡིན། ཐོག་མར་ཆེས་གལ་ཆེ་བའི་དོན་དངོས་དེ་འགོ་བརྗོད་དུ་བཀོད་ནས་བརྗོད་པ་དང་རྗེས་སུ་གལ་ཆེ་ཞིང་དོན་དངོས་ཕལ་བའི་རྒྱུ་ཆ་བརྗོད་པ་ཞིག་རེད། སྒྲིག་གཞི་འདིའི་བཟང་ཆ་ནི་གསར་འགྱུར་བྲིས་པ་མགྱོགས་ཤིང་གལ་ཆེ་བ་དང་རིན་ཐང་ཡོད་པའི་གསར་འགྱུར་འབུར་དུ་ཐོན་པ་དང་། ཀློག་མཁན་དང་ཉན་མཁན་ལྟ་མཁན་གྱི་ཡིད་འཛིན་ནུས་པ་འགུག་ཐུབ་པར་མ་ཟད། ད་དུང་ཀློག་མཁན་གྱིས་བལྟ་བདེ་ཞིང་གོ་སླ་བ་ཞིག་ཀྱང་ཡིན་ལ། རྩོམ་སྒྲིག་པས་ཀྱང་རྩོམ་སྒྲིག་འདེམ་གསེས་དང་བཟོ་བཅོས་བྱེད་བདེ་བ་ཞིག་ཡིན་པས་དེ་ནི་ཅུང་གལ་ཆེ་བའི་དོན་རྐྱེན་རང་བཞིན་ཀྱི་གསར་འགྱུར་ཐད་བཀོད་འོས་པ་ཞིག་ཡིན།

2_2 དུས་ཚོད་ལྟར་བསྒྲིགས་པའི་སྒྲིག་གཞི།

དུས་ཚོད་ལྟར་བསྒྲིགས་པ་ཞེས་པ་ནི་དོན་རྐྱེན་བྱུང་བའི་འཕེལ་རིམ་གྱི་དུས་ཚོད་ལྟར་རྒྱུ་ཆ་བསྒྲིགས་པ་ཞིག་ཡིན། དོན་རྐྱེན་བྱུང་བའི་འགོ་ནི་གསར་འགྱུར་གྱི་འགོའང་ཡིན་ལ་དོན་རྐྱེན་གྱི་མཇུག་འབྲས་ནི་གསར་འགྱུར་གྱི་མཇུག་འབྲས་ཀྱང་ཡིན་ནོ།། དེ་ལྟ་བུའི་སྒྲིག་སྟངས་ཀྱི་བཟང་ཆ་ནི་དོན་གསལ་ཞིང་བརྗོད་དོན་ཡང་ཅུང་རང་དབང་ལྡན་པ་ཞིག་རེད་མོད། འོན་ཀྱང་དེ་ནི་གཏམ་རྒྱུད་རང་བཞིན་གྱི་ཤུགས་ཅུང་ཆེ་བའི་ནང་དོན་མཚོན་པར་འཚམ་པ་ལས་བཀོད་སྤྱོད་ཀྱི་ཁྱབ་དེ་འདྲ་མི་ཆེའོ།།

2_3 མཉམ་བསྲེས་རང་བཞིན་གྱི་སྒྲིག་གཞི།

མཉམ་བསྲེས་རང་བཞིན་ནི་འགོ་མཇུག་ལྡོག་པ་དང་དུས་ཚོད་ལྟར་བསྒྲིགས་པ་གཉིས་མཉམ་དུ་བསྲེས་པའི་རྣམ་པ་ཞིག་ཡིན་ལ། ཆེས་འགངས་རྩ་ཆེ་ཞིང་གསར་དུ་བྱུང་བའི་དོན་དངོས་དེ་འགོ་བརྗོད་དུ་བྱེད་ཅིང་ཁག་དེ་ནི་འགོ་མཇུག་ལྡོག་པའི་སྒྲིག་གཞི་ཡིན་པ་དང་། དེའི་རྗེས་ཀྱི་གྲུབ་ཆ་གཙོ་བོ་རྣམས་དུས་ཚོད་བརྗོད་པ་ཞིག་ཡིན་པས། དེའང་དུས་ཚོད་ལྟར་བསྒྲིགས་པའི་སྒྲིག་གཞི་དང་འདྲ་བ་རེད།

2_4 ལུང་འདྲེན་རང་བཞིན་གྱི་སྒྲིག་གཞི།

ལུང་འདྲེན་རང་བཞིན་གྱི་སྒྲིག་གཞི་ནི་གསར་འགྱུར་ནང་མི་གཞན་པའི་སྐད་ཆ་འདྲེན་པ་ཞིག་རེད། སྒྲིག་གཞི་འདི་རྒྱུན་པར་གནས་ཚུལ་རིགས་གཉིས་ཀྱི་ཐད་དུ་བཀོལ་བཞིན་ཡོད་དེ། གཅིག་ནི་མི་ཆེ་གེ་མོ་ཞིག་གི་སྐད་ཆ་དྲངས་ནས་དོན་དངོས་ཤིག་གམ་ཡང་ན་མི་རྣམས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པསི་གནད་དོན་ཞིག་ལྷུག་བརྗོད་དང་འགྲེལ་བཤད་བྱེད་པ་དང་། གཅིག་ཤོས་དེ་བཅར་འདྲི་བྱེད་ཡུལ་གྱི་མིའི་སྐད་ཆ་དྲངས་ནས་དོན་རྐྱེན་གལ་ཆེན་ནམ་མི་རྣམས་སྤྲོ་སྣང་སྐྱེས་པའི་དོན་དག་མཚོན་པར་བྱེད་པའོ།། སྔ་མ་དེས་མི་ཆེ་ག་གེ་མོ་ཞིག་གིས་བཤད་པའི་སྐད་ཆ་དང་སྙན་ཞུ་མང་དུ་བཀོད་པ་དང་། ཕྱི་མ་དེས་རྟག་ཏུ་མི་གཅིག་མ་ཡིན་པར་དུ་མའི་སྐད་ཆ་འགོད་པར་བྱེད། སྒྲིག་གཞིའི་རྣམ་པའི་གནད་དོན་ལ་བསམ་བློ་གཏོང་སྐབས། གསར་འགྱུར་གྱི་སྒྲིག་གཞིའི་ཁྱད་ཆོས་གཙོ་བོ་ཞིག་ལ་མཉམ་འཇོག་བྱེད་དགོས་ཏེ། དེ་ནི་དེང་རབས་ཀྱི་གསར་འགྱུར་ནི་སྤྱིར་བཏང་གི་རྩོམ་ཡིག་སྒྲིག་གཞི་དང་དེ་སྔོན་གྱི་གསར་འགྱུར་སྒྲིག་གཞི་དང་མི་མཚུངས་ཤིང་། སྤྱིར་བཏང་གི་རྩོམ་ལ་འགོ་བརྗོད་དང་བརྗོད་དོན་གཙོ་བོ། མཇུག་འབྲས་བཅས་ཁག་གསུམ་ཡོད་མོད། འོན་ཀྱང་དེང་རབས་ཀྱི་གསར་འགྱུར་ལ་རྟག་ཏུ་འགོ་བརྗོད་དང་བརྗོད་དོན་དངོས་གཉིས་ལས་མེད། མི་སྣའི་གསར་འགྱུར་དང་ཆེད་བྲིས་གསར་འགྱུར་ཉུང་ཤས་ཤིག་ལས་གཞན། གསར་འགྱུར་མང་པོ་ཞིག་གིས་བརྗོད་དོན་དངོས་བརྗོད་ཚར་རྗེས་རང་ཤུགས་སུ་མཇུག་བསྡུས་པས། སླར་ཡང་མཇུག་བྱང་གཞན་ཞིག་བཀོད་དགོས་དོན་མེད། དེའི་ཕྱིར་མཇུག་བྱང་ནི་གསར་འགྱུར་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་མིན་ནོ།།


བརྡ་འགྲེལ་གདོང་འཛར།

གསར་འགྱུར། སྒྲིག་གཞི། དབྱེ་བ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-14

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།