དངོས་འབྲི་རྩོམ་རིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དངོས་འབྲི་རྩོམ་རིག་ནི་ཉེ་རབས་བྱུང་བའི་མི་དོན་དངོས་སུ་མཚོན་པའི་རྩོམ་ལུས་གསར་པ་ཞིག་ཡིན་ལ། སྒྲུང་གཏམ་དང་། སྙན་ངག ལྷུག་རྩོམ། ཟློས་གར། གློག་བརྙན། བརྙན་འཕྲིན་རྩོམ་རིག་སོགས་ཀྱི་རྩོམ་ལུས་སྣ་ཚོགས་དང་འདྲ་བར་རང་རྐྱ་ཐུབ་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
རྩོམ་རིག
རིགས་དབྱེ།
དངོས་འབྲི་རྩོམ་རིག
1 ངོ་བོ།

དངོས་འབྲི་རྩོམ་རིག་ནི་ཉེ་རབས་བྱུང་བའི་མི་དོན་དངོས་སུ་མཚོན་པའི་རྩོམ་ལུས་གསར་པ་ཞིག་ཡིན་ལ། སྒྲུང་གཏམ་དང་། སྙན་ངག ལྷུག་རྩོམ། ཟློས་གར། གློག་བརྙན། བརྙན་འཕྲིན་རྩོམ་རིག་སོགས་ཀྱི་རྩོམ་ལུས་སྣ་ཚོགས་དང་འདྲ་བར་རང་རྐྱ་ཐུབ་པའི་རྩོམ་རིག་གི་རྣམ་པ་ཞིག་ཀྱང་ཡིན། དངོས་འབྲི་རྩོམ་རིག་ལ་རང་ཉིད་ཀྱི་འཕེལ་རྒྱས་དང་གསར་རྩོམ་ཁྲོད་མི་སྣ་ཞིབ་འབྲི་དང་། རྩོམ་སྟངས་ཀྱི་སྒྲིག་གཞི། སྐད་བརྡའི་བཀོལ་སྤྱོད། སྒྱུ་རྩལ་མཚོན་ཐབས་བཅས་ཀྱི་ཐད་ནས་རང་གི་ཁྱད་ཆོས་གྲུབ་ཅིང་། དངོས་ཡོད་ཀྱི་འཚོ་བ་དང་བསམ་བློའི་བརྩེ་དུངས་མཚོན་པའི་ཕྱོགས་ནས་ཀྱང་ཐུན་མོང་མ་ཡིན་པའི་བྱེད་སྟངས་ཕན་ནུས་ལྡན། དེ་ལ་གསར་འགྱུར་དང་རྩོམ་རིག་ཟུང་གི་ཁྱད་ཆོས་ལྡན་ཡང་གསར་འགྱུར་འགོད་པ་དང་མི་མཚུངས་ལ་རྩོམ་ལུས་གཞན་དང་བསྡུར་ནའང་མི་མཐུན་པའི་ཁྱད་པར་གསལ་བོ་ཡོད།

2 རྩ་བའི་ཁྱད་ཆོས།
2_1 གསར་འགྱུར་གྱི་རང་བཞིན།

དངོས་འབྲི་རྩོམ་རིག་ནི་ཉེ་རབས་གསར་འགྱུར་ལས་རིགས་འཕེལ་རྒྱས་ཀྱི་རྨང་གཞིའི་སྟེང་གསར་འགྱུར་འགོད་རྩོམ་ལས་བྱུང་བ་ཞིག་ཡིན་པས། དེར་གསར་འགྱུར་གྱི་ཁྱད་ཆོས་མངོན་གསལ་ལྡན། དངོས་འབྲི་རྩོམ་རིག་གི་གསར་འགྱུར་རང་བཞིན་ནི་དང་ཐོག་དེའི་དངོས་ཡོད་རང་བཞིན་གྱི་རྩ་དོན་སྟེང་མཚོན་པ་ཡིན། གསལ་བོར་བཤད་ན། དེས་ངེས་པར་དུ་མི་སྣ་དང་དོན་དག་ངོ་མ་དངོས་སུ་མཚོན་དགོས་པ་དང་། དངོས་ཡོད་འཚོ་བའི་གནས་ཚུལ་དངོས་མཚོན་དགོས་པས། དོན་དངོས་ནི་དངོས་འབྲི་རྩོམ་རིག་གི་ཚེ་སྲོག་ཡིན།

2_2 རྩོམ་རིག་གི་རང་བཞིན༎

དངོས་འབྲི་རྩོམ་རིག་ནི་རྩོམ་རིག་དོ་རའི་ཁྲོད་བཞད་པའི་མཚར་སྡུག་ལྡན་པའི་མེ་ཏོག་ཅིག་ཡིན་ལ། དེར་རྩོམ་རིག་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པ་ཡིན། ངོ་བོའི་ཐད་ནས་བལྟས་ན་རྩོམ་རིག་སྒྱུ་རྩལ་གྱི་བརྩམས་ཆོས་གཞན་དག་དང་མཚུངས་པར་མིའི་རིགས་དང་འཇིག་རྟེན་མཛེས་འཛིན་གཉིས་ཀྱི་འབྲེལ་བའི་དངོས་པོར་གྱུར་པའི་རྣམ་པ་ཞིག་ཡིན་ཞིང་དེ་ནི་མཛེས་འཛིན་གྱི་ཤེས་རྟོགས་དང་། མཛེས་འཛིན་ལ་གདེང་འཇོག་མཛེས་འཛིན་མཚོན་པ་བཅས་ཀྱི་གཅིག་བསྡུས་ཀྱི་རང་གཟུགས་ཡིན།

2_3 དཔྱད་གཏམ་གྱི་རང་བཞིན།

སེར་པེ་ཡའི་རྩོམ་པ་པོ་པ་ཁེས“སྒྲུང་གཏམ་གྱི་ནང་དུ་མི་ཚེ་ནི་མི་སྣའི་འདུ་ཤེས་སྟེང་མཚོན་དགོས། དངོས་འབྲི་རྩོམ་རིག་གི་ནང་དུ་མི་ཚེ་ནི་དངོས་འབྲི་བའི་འདུ་ཤེས་སྟེང་མཚོན་དགོས།”ཞེས་གསུངས། དངོས་འབྲི་རྩོམ་རིག་གི་རྩོམ་པ་པོའི་དངོས་འབྲི་ནི་ཁོའི་བསམ་གཞིག་གི་རྒྱུད་རིམ་དང་མཛེས་འཛིན་གྱི་ལྟ་བས་འཚོ་བའི་གནས་ཚུལ་ངོ་མ་བརྗོད་སྐབས་དྲང་བདེན་གྱི་ལངས་ཕྱོགས་ནས་བསྡད་དེ་ལོ་རྒྱུས་དང་སྔོན་ཐོན་གྱི་མིག་ཞགས་ཀྱིས་བལྟས་ཏེ་འཚོ་བའི་ལེགས་ཉེས་བརྗོད་པ་དང་། བདེན་རྫུན་དབྱེ་འབྱེད་བྱེད་པ། མི་སྣའི་བཟང་ངན་བཅས་ལ་བརྟག་པའི་དབང་གིས“དངོས་འབྲི”རྒྱུད་རིམ་ཁྲོད་དུས་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་ལྟ་ཚུལ་དང་། རང་གི་མྱོང་ཚོར་རམ་བརྩེ་དུངས་མཚོན་པས། དངོས་འབྲི་རྩོམ་རིག་གིས་ཤུགས་དྲག་ཏུ་མཚོན་པའི་སྒྱུ་རྩལ་གྱི་ཡིད་འགུག་ནུས་པ་དང་དྲང་ནན་གྱི་གཏན་ཚིགས་ཀྱི་དབྱེ་ཞིབ་བྱེད་ནུས་གཉིས་ཟུང་དུ་འབྲེལ་བ་ཡིན། དེའི་ནང་དོན་ཐད་ཡང་སྤྱི་ཚོགས་གཏམ་གླེང་དང་། བསམ་བློའི་གཏམ་གླེང་། ཀུན་སྤྱོད་གཏམ་གླེང་སོགས་ཀྱི་གྲུབ་ཆ་རང་ཤུགས་ཀྱིས་འདུས་པ་ཡིན། དེར་བརྟེན་དངོས་འབྲི་རྩོམ་རིག་ལ་དཔྱད་གཏམ་རང་བཞིན་གྱི་ཁྱད་ཆོས་ལྡན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-14

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།