རིག་རྩལ་དཔྱད་གཏམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རིག་རྩལ་དཔྱད་གཏམ་ཞེས་པ་དེ་ནི་རིག་རྩལ་སྣང་ཚུལ་དང་རིག་རྩལ་གྱི་དངོས་འབྲེལ་འཚོ་བའི་ཉམས་མྱོང་གང་ཡིན་པ་དེར་གཞུང་ལུགས་ཀྱིས་དཔྱད་བསྡུར་དང་དབྱེ་ཞིབ་བྱས་ཏེ་རང་ཉིད་ཀྱིས་གདེང་འཇོག་ངེས་ཅན་བྱེད་པའི་རྩོམ་རིགས་ཤིག་ལ་ཟེར་བ་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
རྩོམ་རིག
རིགས་དབྱེ།
རིག་རྩལ་དཔྱད་གཏམ།
1 གོ་དོན།

རིག་རྩལ་དཔྱད་གཏམ་ཞེས་པ་དེ་ནི་རིག་རྩལ་སྣང་ཚུལ་དང་རིག་རྩལ་གྱི་དངོས་འབྲེལ་འཚོ་བའི་ཉམས་མྱོང་གང་ཡིན་པ་དེར་གཞུང་ལུགས་ཀྱིས་དཔྱད་བསྡུར་དང་དབྱེ་ཞིབ་བྱས་ཏེ་རང་ཉིད་ཀྱིས་གདེང་འཇོག་ངེས་ཅན་བྱེད་པའི་རྩོམ་རིགས་ཤིག་ལ་ཟེར་བ་ཡིན་ཞིང་། དེར་རིག་རྩལ་གཞུང་ལུགས་དང་། རིག་རྩལ་བསམ་བློའི་རླབས་རྒྱུན། རིག་རྩལ་ལས་འགུལ་སོགས་འདུ་བར་མ་ཟད། རྩོམ་རིག་ལོ་རྒྱུས་ཀྱི་ཞིབ་འཇུག་དང་། རྩོམ་པ་པོ་དང་བརྩམས་ཆོས་ཀྱི་དཔྱད་གཏམ། ཟློས་གར་དང་གློག་བརྙན། སྒྲ་དབྱངས། བྲོ་གར། མཛེས་རྩལ། པར་ལེན་སྒྱུ་རྩལ་སོགས་ཀྱི་རོ་མྱོང་དང་སྤྱི་ཚོགས་མཛེས་དཔྱོད་བསམ་བློའི་དཔྱད་བསྡུར་སོགས་ཀྱང་འདུའོ།།

2 རིག་རྩལ་དཔྱད་གཏམ་གྱི་ལས་འགན།

མར་ཁེ་སི་རིང་ལུགས་ཀྱི་རིག་རྩལ་དཔྱད་གཏམ་དེ་རིག་རྩལ་བརྩམས་ཆོས་ཤིག་ལ་ཆ་མཚོན་ནས་བཤད་ན། “དེས་ངེས་པར་དུ་བརྩམས་ཆོས་གང་ཞིག་ལ་དབྱེ་ཞིབ་བྱས་ཏེ་དོན་སྙིང་གསལ་རྗེན་དུ་སྟོན་པ་དང་། བརྩམས་ཆོས་ཀྱི་རིན་ཐང(བསམ་བློའི་རིན་ཐང་དང་སྒྱུ་རྩལ་གྱི་རིན་ཐང)ལ་ལུང་རིགས་ཀྱིས་ཚད་འཇལ་ཡང་དག་བྱེད་པ། བརྩམས་ཆོས་ལ་འདུས་པའི་མཛེས་སྡུག་གང་ཞིག་རབ་སྤེལ་དང་བསྐྱར་བཞེངས་བྱེད་པ་བཅས་ཀྱི་ལས་འགན་ཐེག་དགོས།”ལས་འགན་དེ་གསུམ་ག་སོ་སོས་ནུས་པའང་གསུམ་འདོན་དགོས་ཏེ།

དང་པོ། འགྲེལ་བཤད་དང་གསལ་བརྗོད་ཀྱི་ནུས་པ་འདོན་དགོས།

རྩོམ་པ་པོའི་གསར་རྩོམ་གྱི་དགོངས་གཞི་དང་བརྩམས་ཆོས་ཀུན་འབྱུང་བའི་བསམ་བློ་གསལ་བོར་བརྗོད་ནས། རྩོམ་པ་པོ་དང་ཀློག་པ་པོ་གཉིས་བར་གྱི་ཟམ་པ་ལྟ་བུ་ཞིག་བྱེད་དགོས།

གཉིས་པ། ཞིབ་བཤེར་དང་བརྡར་ཤ་གཅོད་པའི་ནུས་པ་འདོན་དགོས། བརྩམས་ཆོས་དང་འཚོ་བའི་བར་གྱི་འབྲེལ་བ་གསལ་འབྱིན་བྱས་ནས། རྩོམ་པ་པོས་རང་གི་བརྗོད་བྱ་དེ་དག་ཇི་ལྟར་འཚོ་བའི་ཁྲོད་ནས་ཚུར་བླངས་ནས་དེས་འཚོ་བ་དངོས་ཇི་མ་ཇི་བཞིན་དུ་ཚུར་སྣང་བྱས་ཡོད་མེད་དང་། ཚུར་སྣང་བྱས་པའི་ཚད་ག་འདྲ་ཡིན་པ་བཅས་ལ་དཔྱད་དགོས་པར་མ་ཟད། དེས་འཚོ་བའི་ལམ་གནས་གང་ཞིག་ཏུ་ཁྲིད་བཞིན་པ་དང་ལམ་གནས་འདི་འཚོ་བའི་འཕེལ་འགྱུར་གྱི་ཆོས་ཉིད་དང་མཐུན་མིན་སོགས་ལ་བལྟོས་ཏེ། བརྩམས་ཆོས་དང་འཚོ་བའི་བར་གྱི་ཟམ་པ་ལྟ་བུ་ཞིག་བྱེད་དགོས།

གསུམ། མཛེས་དཔྱོད་རོ་མྱོང་དང་བསྐྱར་བཞེངས་ཀྱི་ནུས་པ་འདོན་དགོས། རང་གི་ཐུན་མོང་མ་ཡིན་པའི་གསར་བཟོའི་རང་བཞིན་ཅན་གྱི་ངལ་རྩོལ་ལ་བརྟེན་ནས་གཞན་གྱི་བརྩམས་ཆོས་ལ་གྲུབ་པའི་མཛེས་སྡུག་ཕྱིར་འབྱིན་བྱས་ཏེ། རྟོགས་སླ་ཞིང་རོ་མྱོང་བྱེད་སྐྱེན་པའི་མཛེས་སྡུག་ཞིག་ཏུ་བསྒྱུར་ནས་མཛེས་སྡུག་དང་མཛེས་དཔྱོད་རོ་མྱོང་བར་གྱི་ཟམ་པ་ལྟ་བུ་ཞིག་བྱེད་དགོས།


བརྡ་འགྲེལ་གདོང་འཛར།

རིག་རྩལ། དཔྱད་གཏམ། རྩོམ་རིག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-14

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།