ཟློས་གར་གྱི་སྒྲིག་གཞིའི་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རིགས་མི་འདྲ་བའི་ཟློས་གར་གྱི་སྒྲིག་གཞི་ནི་འཁྲབ་གཞུང་གི་རྒྱུ་ཆ་དུ་མས་ཕན་ཚུན་ནུས་པ་བཏོན་པ་ལས་གྲུབ་ཅིང་། སྒྲིག་གཞིའི་རིགས་གང་གི་འཁྲབ་གཞུང་ཡིན་ཡང་དེའི་སྒྲིག་གཞིའི་རྒྱུ་ཆ་ཚང་མ་གཅིག་མཐུན་ཡིན་པ་རེད། ཡིན་ནའང་། དེ་ལས་རྒྱུ་ཆ་ག་གེ་མོས་སྒྲིག་གཞིའི་ནང་ཟིན་པའི་གོ་གནས་དང་བསྡུར་ཚད་ཧ་ཅང་འབུར་ཐོན་ཡིན་པས། རྒྱུ་ཆའི་བར་གྱི་སྒྲིག་གཞིའི་འབྲེལ་བ་ལ་འགྱུར་ལྡོག་བྱུང་བ་དང་། དུས་མཚུངས་སུ་རིགས་མི་འདྲ་བའི་ཟློས་གར་གྱི་སྒྲིག་གཞི་སྣ་ཚོགས་བྱུང་བ་རེད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
རྩོམ་རིག
རིགས་དབྱེ།
ཟློས་གར་གྱི་སྒྲིག་གཞིའི་རིགས།
1 གོ་དོན།

རིགས་མི་འདྲ་བའི་ཟློས་གར་གྱི་སྒྲིག་གཞི་ནི་འཁྲབ་གཞུང་གི་རྒྱུ་ཆ་དུ་མས་ཕན་ཚུན་ནུས་པ་བཏོན་པ་ལས་གྲུབ་ཅིང་། སྒྲིག་གཞིའི་རིགས་གང་གི་འཁྲབ་གཞུང་ཡིན་ཡང་དེའི་སྒྲིག་གཞིའི་རྒྱུ་ཆ་ཚང་མ་གཅིག་མཐུན་ཡིན་པ་རེད། ཡིན་ནའང་། དེ་ལས་རྒྱུ་ཆ་ག་གེ་མོས་སྒྲིག་གཞིའི་ནང་ཟིན་པའི་གོ་གནས་དང་བསྡུར་ཚད་ཧ་ཅང་འབུར་ཐོན་ཡིན་པས། རྒྱུ་ཆའི་བར་གྱི་སྒྲིག་གཞིའི་འབྲེལ་བ་ལ་འགྱུར་ལྡོག་བྱུང་བ་དང་། དུས་མཚུངས་སུ་རིགས་མི་འདྲ་བའི་ཟློས་གར་གྱི་སྒྲིག་གཞི་སྣ་ཚོགས་བྱུང་བ་རེད།

2 གྲོལ་བའི་རྣམ་པ་ཅན།

འཁྲབ་གཞུང་འདིའི་རིགས་ཀྱི་ཁྱད་ཆོས་ནི། རྒྱུན་པར་བྱུང་རིམ་དེའི་འཁྲབ་གཞུང་ཡོངས་ཀྱི་སྒྲིག་གཞིའི་སྲོག་སྙིང་དུ་གྱུར་པའི་སྟེང་གནས་ཡོད་པ་དང་། བྱུང་རིམ་གྱིས་ཟིན་པའི་བསྡུར་ཚད་ཅུང་མཐོ་བས་གཏམ་རྒྱུད་ཀྱི་བྱུང་རིམ་མང་ཆེ་བར་མགོ་མཇུག་ཚང་བར་མ་ཟད། ལྟེ་སྙིང་དུ་གྱུར་པའི་དོན་རྐྱེན་ཡོད་པ་དང་། ཡུལ་དང་དུས་ཀྱི་བར་ཐག་རིང་དུ་ཕྱེ་བས་ཕྱི་ངོས་ཀྱི་འགུལ་སྐྱོད་ཅུང་ཕུན་སུམ་ཚོགས་པ་ཡིན། འདིའི་རིགས་ཀྱི་འཁྲབ་གཞུང་མང་ཆེ་བ་ནི་གཏམ་རྒྱུད་འཕེལ་རྒྱས་ལས་གྲུབ་པའམ་ཡང་ན་རྩོམ་པ་པོའི་གསར་རྩོམ་གྱི་ཚོར་རྣོན་འདྲེན་པའི་དངོས་པོ་ཞིག་ཡིན་ཀྱང་སྲིད། དཔེར་ན། ཧྲ་ཧྲི་པིས་ཡའི་བརྩམས་ཆོས་ནང《ཧ་མི་ལ་ཐི》མ་གཏོགས། མང་ཆེ་བ་རིགས་འདི་ལ་གཏོགས་པ་ཡིན།

3 འཆིང་བའི་རྣམ་པ་ཅན།

སྒྲིག་གཞི་རིགས་འདིའི་ནང་མི་སྣའི་གཤིས་ཀའི་བསྡུར་ཚད་ཅུང་ཆེ་བ་དང་། མི་སྣ་དེ་ནམ་ཡང་ཟློས་གར་ཧྲིལ་བོའི་སྒྲིག་གཞིའི་གཙོ་ཁྲིད་ཀྱི་གནས་སུ་ཡོད་པ་ཡིན། འཁྲབ་གཞུང་རིགས་འདི་གྲུབ་པའི་གསར་རྩོམ་གྱི་སྒུལ་ཤུགས་ཕལ་མོ་ཆེ་ནི་མི་སེམས་འགུལ་བའི་མི་སྣའི་གཤིས་ཀ་དང་ལས་དབང་ཡིན་པ་ལས། བྱུང་རིམ་ནི་ཕལ་བའི་གནས་སུ་མཆིས། གཅིག་བསྡུས་སྒོས་མི་སྣ་འབྲི་བཞེངས་བྱེད་ཆེད་འཁྲབ་གཞུང་འདིའི་རིགས་ལ་མི་སྣ་ཅུང་ཉུང་ཞིང་གཤིས་ཀ་གཏིང་སྔོག་བྱེད་པར་བརྟེན། སྒྲིག་གཞི་འབུབས་སྟངས་འདི་བསྟེན་པའི་རྩོམ་པ་པོས་རྒྱུན་པར་གཏམ་རྒྱུད་ཇི་མ་ཇི་བཞིན་འགོ་ནས་མཇུག་བར་བརྗོད་མི་སྲིད་པར། སྒྲུང་གཏམ་ཐུང་གྲས་ལྟར་འཚོ་བའི་ངོས་ཞེང་དག་འཕྲེད་བཅད་ཀྱིས་མཐོ་རླབས་ནས་འགོ་བརྩམས་ཏེ་མཇུག་བར་དུ་འབྲི་བར་མ་ཟད། རྣམ་ཀུན་ཁོ་ཚོས་རང་འགུལ་གྱིས་ཟློས་གར་གྱི་ཡུལ་དང་དུས་ཀྱི་སྒྲིག་སྲོལ་ལ་བརྩི་སྲུང་བྱས་ཏེ“གསུམ་གཅིག་ཆོས་ཉིད”གཞི་འཛིན་ས་བྱེད་པ་རེད། གནའ་རབས་ཞི་ལའི་སྐྱོ་གར་དང་། 《ཧ་མི་ལ་ཐི》ཡེ་ཕུའུ་ཧྲིན་གྱི་ཚེ་མཇུག་གི་བརྩམས་ཆོས་དཔེར་ན《བན་ཨའོ་ཡུལ》སོགས་ཚང་མ་འདིའི་རིགས་སུ་གཏོགས་ཤིང་། འཁྲབ་གཞུང་འདིའི་རིགས་ཀྱི་མི་སྣར་སྤྱིར་བཏང་དུ་ཟབ་ཚད་ཡོད་ཅིང་ཟློས་གར་གྱི་ནང་དོན་ཡང་ཛ་དྲག་ཆེ་བ་རེད།

4 མི་གཟུགས་འགྲེམ་སྟོན་གྱི་རྣམ་པ་ཅན།

སྒྲིག་གཞིའི་རྣམ་པ་ནི་རྒྱུན་པར་ཟློས་གར་ཡོངས་ཀྱི་བྱུང་རིམ་དང་དཀྱིལ་སྙིང་དུ་གྱུར་པའི་དོན་རྐྱེན་ཕྲེང་བར་བརྒྱུས་པའི་དགོས་པ་མེད་ཅིང་། བྱུང་རིམ་ཧ་ཅང་སླ་བ་དང་སྟབས་བདེ་ཡིན་པ་མ་ཟད། མི་སྣ་མང་ཆེ་བར་ནམ་རྒྱུན་ཐུན་མོང་གི་དམིགས་ཡུལ་དང་གཅིག་གྱུར་ཀྱི་འགུལ་སྐྱོད་མེད་པས་མི་སྣར་ཟློས་གར་གྱི་ཕོག་ཐུག་དང་འགལ་བ་གྲུབ་བྱེད་ཀྱི་འདོད་བློ་བརྟན་པོ་ནི་ནམ་མཁའི་པད་མའི་རྗེས་སུ་སོང་འདུག སྒྲིག་གཞི་ཧྲིལ་བོར་བལྟས་ཚེ་ཤིན་ཏུ་ལྷོད་པས། ཕལ་ཆེར་རྩོམ་པ་པོས་ལྟ་མཁན་རྣམས་ལ་འཚོ་བ་དངོས་ཀྱི་རི་མོ་བྱེ་བྲག་པ་ཞིག་དང་མི་སྣ་འདྲ་མིན་སྣ་ཚོགས་པ་འགྲེམ་སྟོན་བྱེད་པ་དང་མཚུངས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-14

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།