མི་སྣ་སྒྲུབ་བཞེངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་སྣ་སྒྲུབ་བཞེངས་བྱེད་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཟློས་གར་གསར་རྩོམ་གྱི་སྙིང་བོ་ཡིན། ཕུལ་དུ་བྱུང་བའི་འཁྲབ་གཞུང་གང་གི་ནང་དུའང་ཟློས་གར་གྱི་གྲུབ་ཆ་དོར་བ་ནི་མི་སྣ་མངོན་པ་ལས་དམིགས་ཡུལ་ཅི་ཡང་མེད། ཟློས་གར་གྱི་འདུ་ཤེས་དང་ཁྱད་ཆོས་བརྒྱུད་ལུགས། འཁྲབ་སྟོན་མ་ལག་ཧེ་བག་ཇི་འདྲ་ཆེ་རུང་རང་ཚུགས་ཀྱི་མི་སྣའི་གཤིས་ཀ་ཞིག་སྒྲུབ་བཞེངས་བྱེད་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་མཛེས་རིག་པའི་ཐུན་མོང་གི་འཚོལ་སྙེགས་བྱེད་ས་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
རྩོམ་རིག
རིགས་དབྱེ།
མི་སྣ་སྒྲུབ་བཞེངས།
1 གོ་དོན།

མི་སྣ་སྒྲུབ་བཞེངས་བྱེད་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཟློས་གར་གསར་རྩོམ་གྱི་སྙིང་བོ་ཡིན། ཕུལ་དུ་བྱུང་བའི་འཁྲབ་གཞུང་གང་གི་ནང་དུའང་ཟློས་གར་གྱི་གྲུབ་ཆ་དོར་བ་ནི་མི་སྣ་མངོན་པ་ལས་དམིགས་ཡུལ་ཅི་ཡང་མེད། ཟློས་གར་གྱི་འདུ་ཤེས་དང་ཁྱད་ཆོས་བརྒྱུད་ལུགས། འཁྲབ་སྟོན་མ་ལག་ཧེ་བག་ཇི་འདྲ་ཆེ་རུང་རང་ཚུགས་ཀྱི་མི་སྣའི་གཤིས་ཀ་ཞིག་སྒྲུབ་བཞེངས་བྱེད་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་མཛེས་རིག་པའི་ཐུན་མོང་གི་འཚོལ་སྙེགས་བྱེད་ས་ཡིན།

2 ཁྱད་ཆོས།

གཅིག ཕྱི་ལུས་ཀྱི་འགུལ་སྟངས་བརྒྱུད་ནས་ནང་སེམས་ཀྱི་འགུལ་སྐྱོད་མཚོན་པ།

ཟློས་གར་རྩོམ་རིག་འཚོ་གནས་བྱེད་ཡུལ་ནི་གེ་སྟེགས་ཡིན་ཞིང་། ཟློས་གར་ཁྲོད་ཀྱི་མི་སྣ་དེ་འཁྲབ་མཁན་གྱི་འཁྲབ་སྟོན་ཁོ་ན་ལ་བརྟེན་ན་ད་གཟོད་ལྟད་མོ་བའི་སྣང་ངོར་གསོན་ཉམས་ལྡན་ངེས། དེ་བས་ཟློས་གར་གྱི་མི་སྣ་སྒྲུབ་བཞེངས་དེ་ནི་མི་སྣ་དེའི་ལུས་སྟེང་གི་མཐོང་ཐུབ་རང་བཞིན་ཅན་གྱི་ཉམས་འགྱུར་ཁོ་ནར་བརྟེན་དགོས། ཉམས་འགྱུར་ནི་ཇི་བཞིན་བརྗོད་པའི་རྩོམ་རིག་གི་མེད་དུ་མི་རུང་བའི་བརྗོད་བྱ་ཡིན། ཟློས་གར་མང་ཆེ་ནི་གཏམ་རྒྱུད་དང་། གཤིས་རྒྱུད། ནང་སེམས་ཀྱི་འགྱུར་བ་བཅས་གསལ་འདོན་བྱེད་རྒྱུ་གཙོ་བོར་བཟུང་ནས་འཕེལ་རིམ་སྟོན་པའི་བྱ་རིམ་ཞིག་ཡིན། འགལ་ཟླ་ཅན་གྱི་མི་སྣའི་ཕྱི་ནང་གི་གཤིས་རྒྱུད་བྲིས་ཏེ། མངོན་མཚོན་བྱེད་ཡུལ་གྱི་གྲུབ་ཆ་གཙོ་བོའི་ངོ་བོ་གཉིས་ལྡན་གྱི་གཤིས་རྒྱུད་མཚོན་པ་དང་མི་སྣའི་ལྐོག་གྱུར་གྱི་རྣམ་ཤེས་བཤགས་བཅོས་བྱེད་རྒྱུ་དེ་ནི་དེང་རབས་ཟློས་གར་གྱི་ཚད་མཐོན་པོའི་མཛེས་རིག་གི་འཚོལ་སྙེག་ཡིན་ཞེས་བཤད་ཆོག

གཉིས། ཡིད་འགུག་གི་ནུས་པ་ཕུན་སུམ་ཚོགས་པའི་གཤིས་རྒྱུད་ཞིབ་ཕྲ་ཚོལ་བ།

འདིར་བརྗོད་པའི་ཞིབ་ཕྲ་ནི་སྒྲུང་གཏམ་ནང་གི་བྱུང་རིམ་ཞིབ་ཕྲ་བཤུ་འབྲི་དང་གཏན་ནས་མི་འདྲ། དེ་ནི་ཆུང་ཕྱོགས་ནས་ཆེ་ཕྱོགས་མཐོང་ཐུབ་པ་དང་བརྗོད་དོན་གབ་ནས་སྟོན་པ། ལྟད་མོ་བར་མཛེས་རིག་གི་བརྩེ་དུངས་སྟེར་ཐུབ་པའི་མི་སྣའི་རང་གཤིས་མཚོན་པའི་གར་སྟེགས་སྟེང་གི་ཉམས་འགྱུར་དེ་དག་ཡིན།

3 རྒྱུན་བཀོལ་བྱེད་ཐབས་འགའ།
3_1 མངོན་གསལ་དོད་པའི་བསྡུར་ཐབས།

ཟློས་གར་ནི་མི་སྣའི་ཚོགས་གསར་བཞེངས་བྱེད་པའི་སྒྱུ་རྩལ་ཞིག་ཡིན་ཞིང་། ཚིག་ཉུང་བསྡུས་ཤིག་གིས་མི་སྣའི་གཟུགས་བརྙན་ཚོགས་པ་གསར་བཞེངས་བྱེད་འདོད་ན། ངེས་པར་དུ་མི་སྣའི་གཤིས་རྒྱུད་བར་གཤིབ་བསྡུར་མངོན་གསལ་དོད་པ་ཞིག་ཆགས་འཇུག་དགོས།

3_2 ཕན་ཚུན་མཛེས་པར་བརྒྱན་པ།

ཟློས་གར་ནི་སྣ་འཛོམས་རང་བཞིན་གྱི་སྒྱུ་རྩལ་ཞིག་ཡིན་པས་གར་སྟེགས་སུ་འཁྲབ་སྟོན་བྱེད་དུས་ང་ཚོས་རྩོམ་རིག་ཡོད་ཚད་དང་རྩོམ་རིག་ལ་མི་གཏོགས་པའི་མཛེས་རྩལ་དང་། གློག་འོད། རོལ་དབྱངས། ཞབས་བྲོ། འཁྲབ་ཆས་སོགས་ཟློས་གར་གྱི་རྒྱུ་ཆ་ཕུན་སུམ་ཚོགས་པ་བེད་སྤྱད་ནས་ཕན་ཚུན་མཛེས་པར་བརྒྱན་ཏེ་མི་སྣ་གསར་བཞེངས་བྱེད་དགོས་པ་དང་། དེ་ནི་ཟློས་གར་གྱི་མཚོན་ཐབས་ཁེར་རྐྱང་དང་བྲོ་བ་མེད་པ་བཅས་ཀྱི་ཞན་ཆ་ཐག་གཅོད་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཡིན།

3_3 ལུགས་མཐུན་སྒོས་མི་སྣ་སྡེབ་སྒྲིག་བྱེད་པ།

འཁྲབ་གཞུང་འབྲི་བར་བློས་བསླངས་བྱེད་སྐབས། རྩོམ་མཁན་གྱིས་བརྗོད་བྱ་གཙོ་བོ་དང་བྱུང་རིམ་གྱི་དགོས་མཁོ་ལ་དམིགས་ནས་མི་སྣ་ལ་གཙོ་ཕལ་དུ་འོས་མཐུན་གྱིས་སྡེབ་སྒྲིག་བྱེད་པ་དང་ཁོ་ཚོའི་འབྲེལ་བ་གཏན་ཁེལ་དང་ལས་འགན་བཀོད་སྒྲིག་ལེགས་པོ་བྱེད་དགོས། སྤྱིར་དཏང་དུ་མི་སྣ་གཙོ་བོ་ལ་རྙོག་འཛིང་ལྡན་པའི་གཤིས་ཀ་དང་ཕུན་སུམ་ཚོགས་པའི་ཞིབ་ཕྲའི་སེམས་ཁམས་བྲིས་ཏེ་མི་སྣ་གཙོ་བོ་དེ་གཤིས་ཀ་ཅན་གྱི་མི་སྣ་ཞིག་ཏུ་འགྱུར་དུ་འཇུག་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-14

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།