ཟློས་གར་གྱི་བྱུང་རིམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཟློས་གར་ནི་དོན་བརྗོད་རྩོམ་རིག་གི་ཡ་གྱལ་ཞིག་ཡིན་ལ། མི་སྣའི་བར་གྱི་ཁ་བརྡ་འམ་གླུ་ཚིག་ལ་བརྟེན་ནས་གཏམ་རྒྱུད་བརྗོད་པའི་སྒྱུ་རྩལ་ཞིག་ཀྱང་ཡིན་པས་དེའི་བྱུང་རིམ་གྱི་ནུས་པ་ནི་ཆེས་འབུར་དུ་ཐོན་ཡོད་པ་ཞིག་རེད། ཟློས་གར་གྱི་བྱུང་རིམ་དེ“ཉམས་དམས་ཅན”དུ་བཟོས་ཆོག་ཀྱང་ཡེ་ནས་མེད་པར་གཏོང་མི་རིགས། བྱུང་རིམ་རྩ་བ་ནས་མེད་པའི་ཟློས་གར་ཞིག་མི་ཞིག་གི་རྟོག་ཡུལ་དུའང་མ་གྱུར་པའི་ཕྱིར་རོ།། དེ་དང་མཚུངས་པར་ཡ་ལེ་སུ་ཏོ་ཏི་ཡིས་ཀྱང་ཟློས་གར་གྱི་སྐོར་ལ་དཔྱད་གཏམ་གཏོང་སྐབས་བཤད་རྒྱུར། “གྲུབ་ཆ་དྲུག་པོའི(བྱུང་རིམ་དང་། གཤིས་ཀ སྐད་བརྡ། བསམ་བློ་དང་བཟོ་ལྟ། རོལ་དབྱངས)ནང་ནས་ཀྱང་གཙོ་གལ་ཆེ་བ་ནི་བྱུང་རིམ་དང་དོན་རྐྱེན་གྱི་བཀོད་སྒྲིག་ཡིན”ཞེས་དང་། སྐྱོ་གར་སྒྱུ་རྩལ་གྱི་དམིགས་ཡུལ་ནི་བྱུང་རིམ་བཀོད་སྒྲིག་བྱེད་རྒྱུ་དེའོ།།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
རྩོམ་རིག
རིགས་དབྱེ།
ཟློས་གར་གྱི་བྱུང་རིམ།
1 གོ་དོན།

ཟློས་གར་ནི་དོན་བརྗོད་རྩོམ་རིག་གི་ཡ་གྱལ་ཞིག་ཡིན་ལ། མི་སྣའི་བར་གྱི་ཁ་བརྡ་འམ་གླུ་ཚིག་ལ་བརྟེན་ནས་གཏམ་རྒྱུད་བརྗོད་པའི་སྒྱུ་རྩལ་ཞིག་ཀྱང་ཡིན་པས་དེའི་བྱུང་རིམ་གྱི་ནུས་པ་ནི་ཆེས་འབུར་དུ་ཐོན་ཡོད་པ་ཞིག་རེད། ཟློས་གར་གྱི་བྱུང་རིམ་དེ“ཉམས་དམས་ཅན”དུ་བཟོས་ཆོག་ཀྱང་ཡེ་ནས་མེད་པར་གཏོང་མི་རིགས། བྱུང་རིམ་རྩ་བ་ནས་མེད་པའི་ཟློས་གར་ཞིག་མི་ཞིག་གི་རྟོག་ཡུལ་དུའང་མ་གྱུར་པའི་ཕྱིར་རོ།། དེ་དང་མཚུངས་པར་ཡ་ལེ་སུ་ཏོ་ཏི་ཡིས་ཀྱང་ཟློས་གར་གྱི་སྐོར་ལ་དཔྱད་གཏམ་གཏོང་སྐབས་བཤད་རྒྱུར། “གྲུབ་ཆ་དྲུག་པོའི(བྱུང་རིམ་དང་། གཤིས་ཀ སྐད་བརྡ། བསམ་བློ་དང་བཟོ་ལྟ། རོལ་དབྱངས)ནང་ནས་ཀྱང་གཙོ་གལ་ཆེ་བ་ནི་བྱུང་རིམ་དང་དོན་རྐྱེན་གྱི་བཀོད་སྒྲིག་ཡིན”ཞེས་དང་། སྐྱོ་གར་སྒྱུ་རྩལ་གྱི་དམིགས་ཡུལ་ནི་བྱུང་རིམ་བཀོད་སྒྲིག་བྱེད་རྒྱུ་དེའོ།།

2 བྱུང་རིམ་གྱི་ཁྱད་ཆོས།

སྤྱིར་བཏང་དུ་ཟློས་གར་གྱི་བྱུང་རིམ་ལ་གཤམ་གྱི་ཁྱད་ཆོས་འདི་དག་ལྡན་ཏེ། གཅིག བྱུང་རིམ་ནི་མི་སྣའི་བར་དང་། མི་སྣ་དང་ཁོར་ཡུག་བར་གྱི་འབྲེལ་བ་ལ་བརྟེན་ནས་བྱུང་བའི་རྒྱུན་ཆགས་ཀྱི་འཚོ་བའི་དོན་རྐྱེན་མང་པོ་ཞིག་འདུས་པ་ལས་གྲུབ་པ་དང་། དེ་དག་གི་བར་དུ་ཅུང་རྣོ་ངར་གྱི་འགལ་འདུའི་ཕོག་ཐུག་ཡོད་པས། ཕུན་སུམ་ཚོགས་པའི་མི་སྣའི་གཤིས་ཀའང་གསར་བཟོ་བྱེད་ཐུབ་པ་རེད། གཉིས། དོན་རྐྱེན་ཁྲོད་ཀྱི་མི་སྣ་ལ་འགུལ་སྟངས་རང་བཞིན་གསལ་བོ་ཞིག་ཡོད་པ་དང(འདིར་མི་སྣའི་འགུལ་སྟངས་དང་མི་སྣའི་བར་གྱི་འབྲེལ་བའི་འགུལ་སྐྱོད་རང་བཞིན་ཡང་འདུ)མི་སྣའི་འབྲེལ་བ་དེ་ནམ་ཡང་རྒྱུ་དང་འབྲས་བུའི་དར་སྐུད་ཞིག་ལ་བརྒྱུས་ཡོད་པས། འདི་དང་སྒྲུང་གཏམ་གྱི་བྱུང་རིམ་གཉིས་མི་མཚུངས། སྒྲུང་གཏམ་ལས་མི་སྣའི་གཤིས་ཀ་ལ་ལྷོད་འཇགས་ཀྱི་སེམས་ཁམས་ཞིབ་འབྲི་དབ་དབྱེ་ཞིབ་བྱས་ཆོག་པ་དང་། ཟློས་གར་ལ་སེམས་ཁམས་ཆིག་ལབ་ཀྱི་སྐོར་ཡོད་ནའང་། གཙོ་བོ་གར་སྟེགས་སྟེང་གི་མི་སྣའི་བར་གྱི་ཕོག་ཐུག་དང་དོན་རྐྱེན་རྐྱོང་བ་ལ་བརྟེན་ནས་མི་སྣ་གསར་བཟོ་བྱེད་པ་དང་འཁྲབ་གཞུང་གི་བསམ་བློའི་དོན་སྙིང་ཡང་དེས་མཚོན་པར་བྱེད་པ་ཞིག་གོ།

3 བྱུང་རིམ་གྱི་དཔེ་མཚོན་ཅན།

གཅིག བྱུང་རིམ་ལ་བསྲེག་བཅད་བརྡར་གསུམ་བྱས་ནས་བརྗོད་བྱ་གཙོ་བོ་གཏིང་ཇེ་ཟབ་ཏུ་གཏོང་བ། ཟློས་གར་ནི་བྲོ་བ་ལྡན་པའི་གཏམ་རྒྱུད་ཙམ་དང་སེམས་འགུལ་ཐེབས་པའི་བྱུང་རིམ་ཙམ་ཁོ་ནར་བརྟེན་པ་མ་ཡིན་ལ། བྱུང་རིམ་གྱི་རྒྱུ་འབྲས་འབྲེལ་བ་དེས་ངེས་པར་དུ་བརྗོད་བྱ་གཙོ་བོ་ཤུགས་བསྟན་བྱ་དགོས་པ་དང་། གཏིང་ཟབ་པའི་བརྗོད་བྱ་གཙོ་བོ་ཞིག་མེད་ཚེ་དཔེ་མཚོན་ཅན་གྱི་ཟློས་གར་གྱི་བྱུང་རིམ་ཡང་ཡོད་མི་སྲིད་དོ།།

གཉིས། བྱུང་རིམ་ལ་སྲེག་བཅད་བརྡར་གསུམ་བྱེད་ན་ངེས་པར་དུ་མི་སྣ་རང་གཤིས་ཅན་ཏུ་བསྒྱུར་དགོས། མིའི་འགུལ་སྐྱོད་དེ་རང་ངོས་དང་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་གྱིས་ཚོད་འཛིན་བྱེད་མོད། འོན་ཀྱང་རྩོམ་རིག་བརྩམས་ཆོས་ནང་དུ་མི་སྣ་རང་ངོས་ཀྱི་ཆ་རྐྱེན་ཏེ། གཤིས་ཀ་ལ་ནུས་པ་ཁྱད་པར་ལྡན། ཕྱི་རོལ་གྱི་ཁོར་ཡུག་ཇི་འདྲ་ཞིག་ཡིན་རུང་། མི་སྣའི་གཤིས་ཀ་ལ་ཁྱད་པར་ཅུང་ཙམ་ཞིག་ཡོད་ཙ་ན་ཁོ་ཚོའི་འགུལ་སྐྱོད་བྱེད་སྟངས་ཀྱང་རྣམ་པ་སྣ་ཚོགས་འབྱུང་བ་དང་། མི་སྣའི་འགུལ་སྐྱོད་ཀྱིས་གྲུབ་པའི་བྱུང་རིང་ཡང་དེ་ལས་ཀྱང་ཕུན་སུམ་ཚོགས་ཤིང་ཉམས་འགྱུར་འབུམ་གྱིས་སྤུད་པས། བྱུང་རིམ་གྱིས་མི་སྣའི་རང་གཤིས་མཚོན་པར་བྱེད་པ་ལའང་ཀུན་ལས་ལྷག་པའི་མཐུན་རྐྱེན་བསྐྲུན་པ་རེད། ཀོར་ཅིས་བཤད་པ་ལྟར་བྱུང་རིམ་ནི“གཤིས་ཀ་གང་ཞིག་དང་དཔེ་མཚོན་གང་ཞིག་གི་ཆེར་བསྐྱེད་དང་དེ་གྲུབ་པའི་ལོ་རྒྱུས་ཡིན་ནོ།།”


བརྡ་འགྲེལ་གདོང་འཛར།

ཟློས་གར། བྱུང་རིམ། ཁྱད་ཆོས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-14

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།