གདོད་མའི་སྙན་ངག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གདོད་མའི་སྙན་ངག་ནི་བོད་ཀྱི་གདོད་མའི་རྩོམ་རིག་གི་རྣམ་པ་གལ་ཆེན་ཞིག་ཡིན་པར་མ་ཟད། བོད་ཀྱི་སྙན་ངག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་དུ་གོ་གནས་གལ་ཆེན་ཞིག་བཟུང་ཡོད། ཕྱིས་ཀྱི་མགུར་གླུ་དང་སྙན་ངག་ལ་མཚོན་ནའང་རྩོམ་ལུས་ཀྱི་ཆ་ནས་ཤུགས་རྐྱེན་ཟབ་མོ་བཞག་ཡོད།
1 ​ངོ་སྤྲོད།

དེ་ཡང་མིའི་རིགས་བྱུང་འཕེལ་གྱི་སྤྱི་འགྲོས་གོ་རིམ་ལྟར་ན་ངལ་རྩོལ་གྱིས་མིའི་རིགས་གསར་བསྐྲུན་དང་། ངལ་རྩོལ་ལ་བརྟེན་ནས་སྐད་ཆ་གསར་བསྐྲུན། ངལ་རྩོལ་ལ་བརྟེན་ནས་དངོས་བོ་དང་བསམ་བློའི་རྒྱུ་ནོར་གསར་བསྐྲུན་བྱས་པ་ཡིན་ཕྱིར། རང་རེའི་བོད་ལའང་གདོད་མའི་དུས་ཀྱི་རྩོམ་རིག་ཡོད་པ་ནི་སྨོས་མ་དགོས། གདོད་མའི་སྙན་ངག་ནི་བོད་ཀྱི་གདོད་མའི་རྩོམ་རིག་གི་རྣམ་པ་གལ་ཆེན་ཞིག་ཡིན་པར་མ་ཟད། བོད་ཀྱི་སྙན་ངག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་དུ་གོ་གནས་གལ་ཆེན་ཞིག་བཟུང་ཡོད། ཕྱིས་ཀྱི་མགུར་གླུ་དང་སྙན་ངག་ལ་མཚོན་ནའང་རྩོམ་ལུས་ཀྱི་ཆ་ནས་ཤུགས་རྐྱེན་ཟབ་མོ་བཞག་ཡོད།

གདོད་མའི་སྤྱི་ཚོགས་སུ་བྱུང་བའི་ལྷ་སྒྲུང་གི་རྣམ་པ་ལྡན་པའི་ངག་རྩོམ《སྲིད་པ་ཆགས་གླུ》དང《སྲིད་པའི་བ་ཆུང་བཤའ་གླུ》《ཨ་མཚར་མཚར་དགུ》《ཨ་ཆགས་ཆགས་དགུ》སོགས་ནི་གདོད་མའི་མི་རྣམས་ཀྱིས་ཐོན་སྐྱེད་ངལ་རྩོལ་བྱེད་པའི་གོ་རིམ་ཁྲོད་དང་། རང་བྱུང་ཁམས་ལ་འཐབ་རྩོད་བྱེད་པའི་གོ་རིམ་ཁྲོད་དུ་ཐུན་མོང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་ཞིང་ཐུན་མོང་གིས་བསྐྲུན་པའི་ངག་ཐོག་སྙན་ངག་ཀྱང་ཡིན།

ངག་ཐོག་སྙན་ངག་དེ་དག་གིས་གདོད་མའི་མི་རྣམས་ཀྱིས་ཁ་ཆར་བུ་ཡུག་དང་འབྲུག་སྒྲ་གློག་འཁྱུག རི་མཐོ་ལམ་ཀྱོག བྲག་གཟར་ཆུ་བྲུབ་སོགས་རང་བྱུང་ཁམས་ཆེན་པོའི་གསང་བ་རྟོག་ཞིབ་དང་ཚོད་དཔག་བྱས་པའི་བློ་གྲོས་མཚོན་ལ། རང་བྱུང་ཁམས་ཀྱི་སྣང་ཚུལ་གཞིར་བཞག་བྱས་སྟེ། འཆར་ཡན་གྱི་བསམ་བློ་དང་རྩེད་མཚར་གྱི་ཉམས་ལ་བརྟེན་ནས་གདོད་མའི་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་ཀྱང་མཚོན་པར་བྱས་ཡོད། གདོད་མའི་མི་རྣམས་ཀྱི་བསམ་གཞིགས་ཀྱི་ཆུ་ཚད་དམའ་བའམ“བློ་གྲོས་ནར་མ་སོན་པའི་གདོད་མའི་མིའི་བྱིས་བློ་ཁོ་ནར་གནས”པ་ཡིན་པས། རང་བྱུང་ཁམས་ཆེན་པོའི་སྣང་ཚུལ་ལ་རྟོག་ཞིབ་དང་འགྲེལ་བཤད་བྱས་པ་དེ་དགོད་བྲོ་ཞིང་ད་ལྟའི་ཚན་རིག་གི་ལྟ་བ་དང་འགྲིག་མཐུན་མིན་ཡང་། ཁོ་ཚོས་རང་བྱུང་ཁམས་ལ་རྟོག་ཞིབ་བྱས་པ་ཁྱབ་ཆེ་བ་སྟེ། ཆེ་བ་གནམ་ས་རི་ཆུ་དང་། ཆུང་བ་འདབས་ཆགས་སོགས་ལའང་སྤྲོ་སེམས་འཁོལ་བའི་ངང་ནས་རྟོག་ཞིབ་བྱས་པའི་སྤོབས་པ་དང་། མཚར་སྣང་ལྡན་ལ་དཔེ་དོན་མཚུངས་པའི་སྒྱུ་རྩལ་གྱི་ཆ་དེ་ནི་ང་ཚོས་ཡི་རངས་བྱེད་དགོས་པའི་གནས་ཤིག་ཏུ་མཐོང་། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-09

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།