པཎ་ཆེན་བསྟན་པའི་ཉི་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པཎ་ཆེན་བསྟན་པའི་ཉི་མ།
པཎ་ཆེན་བསྟན་པའི་ཉི་མ་ནི་རབ་བྱུང་བཅུ་གསུམ་པའི་ཆུ་སྟག་ལོར་ཡབ་དཔལ་ལྡན་དོན་གྲུབ་དང་ཡུམ་འཆི་མེད་རྒྱལ་མོ་གཉིས་ཀྱི་སྲས་སུ་གཙང་ཡུལ་དུ་འཁྲུངས། ལོ་དེར་རྒྱལ་དབང་བརྒྱད་པ་འཇམ་དཔལ་རྒྱལ་མཚོས་པཎ་ཆེན་སྐུ་གོང་མ་དཔལ་ལྡན་ཡེ་ཤེས་ཀྱི་སྤྲུལ་སྐུར་ངོས་འཛིན་མཛད། དགུང་ལོ་བདུན་པ་ས་སྤྲེལ་ལོ་བཀྲ་ཤིས་ལྷུན་པོའི་པཎ་ཆེན་གོང་མའི་ཁྲི་མཐོན་པོར་བཀོད། དགུང་ལ་བརྒྱད་པ་ས་བྱ་ལོར་རྒྱལ་དབང་འཇམ་དཔལ་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་བ་ལྕགས་ཕག་ལོར་གོརྵ་པས་བོད་ལྗོངས་སུ་དམག་བཏེགས་པས། དཔའ་བོ་ཨ་བན་ནས་པཎ་ཆེན་རིན་པོ་ཆེ་དབུས་སུ་ཕེབས་དགོས་ཞུས་པ་ལྟར་ལྷ་སའི་པོ་ཏ་ལར་ཕེབས་ཏེ་རྒྱལ་དབང་ཡབ་སྲས་གསེར་ཞལ་ལྷན་དུ་འཛོམས། དགུང་ལོ་ཉི་ཤུ་བ་ལྕགས་བྱ་ལོར་རྒྱལ་དབང་འཇམ་དཔལ་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རྒྱལ་དབང་དང་། ཡོངས་འཛིན་འབྲོང་རྩེ་བློ་བཟང་ཚུལ་ཁྲིམས། ཡོངས་འཛིན་གུ་གེ་བ་བློ་བཟང་བསྟན་འཛིན་བཅས་མཁས་གྲུབ་དམ་པ་རྣམས་ལས་མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས་ཤིང་བསྟན་འགྲོ་ལ་ཕན་པའི་དོན་མཛད་དོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
丹白尼玛
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1782-1853)
འཁྲུངས་ཡུལ།
བོད་རང་སྐྱོང་ལྗོངས་ཀྱི་གཙང་ཡུལ་ཕྱོགས་སུ་འཁྲུངས།
ཡབ།
དཔལ་ལྡན་དོན་གྲུབ།
ཡུམ།
ཡུམ་འཆི་མེད་རྒྱལ་མོ།
གྲུབ་མཐའ།
དགེ་ལུགས་པ།
1 ངོ་སྤྲོད།

པཎ་ཆེན་བསྟན་པའི་ཉི་མ་ནི་རབ་བྱུང་བཅུ་གསུམ་པའི་ཆུ་སྟག(སྤྱི་ལོ1782)ལོར་ཡབ་དཔལ་ལྡན་དོན་གྲུབ་དང་ཡུམ་འཆི་མེད་རྒྱལ་མོ་གཉིས་ཀྱི་སྲས་སུ་གཙང་ཡུལ་དུ་འཁྲུངས། ལོ་དེར་རྒྱལ་དབང་བརྒྱད་པ་འཇམ་དཔལ་རྒྱལ་མཚོས་པཎ་ཆེན་སྐུ་གོང་མ་དཔལ་ལྡན་ཡེ་ཤེས་ཀྱི་སྤྲུལ་སྐུར་ངོས་འཛིན་མཛད། དགུང་ལོ་བདུན་པ་ས་སྤྲེལ(སྤྱི་ལོ1788)ལོ་བཀྲ་ཤིས་ལྷུན་པོའི་པཎ་ཆེན་གོང་མའི་ཁྲི་མཐོན་པོར་བཀོད། དགུང་ལ་བརྒྱད་པ་ས་བྱ་ལོར་རྒྱལ་དབང་འཇམ་དཔལ་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་བ་ལྕགས་ཕག(སྤྱི་ལོ1891)ལོར(ཆན་ལུང་ཁྲི་ལོ་ང་ལྔ་བ)གོརྵ་པས་བོད་ལྗོངས་སུ་དམག་བཏེགས་པས། དཔའ་བོ་ཨ་བན་ནས་པཎ་ཆེན་རིན་པོ་ཆེ་དབུས་སུ་ཕེབས་དགོས་ཞུས་པ་ལྟར་ལྷ་སའི་པོ་ཏ་ལར་ཕེབས་ཏེ་རྒྱལ་དབང་ཡབ་སྲས་གསེར་ཞལ་ལྷན་དུ་འཛོམས། དགུང་ལོ་ཉི་ཤུ་བ་ལྕགས་བྱ(སྤྱི་ལོ1801)ལོར་རྒྱལ་དབང་འཇམ་དཔལ་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རྒྱལ་དབང་དང་། ཡོངས་འཛིན་འབྲོང་རྩེ་བློ་བཟང་ཚུལ་ཁྲིམས། ཡོངས་འཛིན་གུ་གེ་བ་བློ་བཟང་བསྟན་འཛིན་བཅས་མཁས་གྲུབ་དམ་པ་རྣམས་ལས་མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། བསྟན་འགྲོ་ལ་ཕན་པའི་དོན་མཛད། དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་བཞི་བའི་ཤིང་འབྲུག(སྤྱི་ལོ1844)ལོའི་ཟླ་བརྒྱད་པའི་ཚེས་དྲུག་ནས་ཕྱི་ལོའི་ཟླ་གསུམ་པའི་བར་གོང་མའི་བཀའ་སྲིད་སྐྱོང་ཚེ་སྨིན་གླིང་པ་འཇམ་དཔལ་ཚུལ་ཁྲིམས་སྲིད་ཁྲི་ལས་ཕབས། ཐག་མ་བླངས་ནས་པཎ་ཆེན་འདིར་ཕུལ། བོད་ཀྱི་སྲིད་སྐྱོང་གི་ཐུགས་འགན་བཞེས། དགུང་ལོ་དོན་གཉིས་པ་ཤིང་འབྲུག(སྤྱི་ལོ1853)ལོར་སྐུ་གཤེགས། བརྩམས་ཆོས《ཤམ་བྷ་ལའི་སྨོན་ལམ་གྱི་འགྲེལ་བ》དང《ཡོངས་འཛིན་བློ་བཟང་བྱམས་པའི་རྟོགས་བརྗོད》སོགས་པོད་དགུ་བཞུགས་སོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-08

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།