སྒྲུང་གཏམ་གྱི་བྱུང་རིམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྒྲུང་གཏམ་ཁྲོད་ཀྱི་བྱུང་རིམ་ཞེས་པ་དེ་ནི་བརྗོད་བྱའི་བྱུང་རིམ་ཡིན་ཏེ། དོན་རྐྱེན་མང་པོའི་ནང་ངོས་ཀྱི་ཁྲག་རྩ་དང་རྒྱུ་དང་འབྲས་བུའི་འབྲེལ་བ་སྟོན་ལ་མི་སྣ་དང་མི་སྣའི་བར་དང་། མི་སྣ་དང་ཁོར་ཡུག་བར་གྱི་འབྲེལ་བའི་དངོས་ཡོད་བྱ་སྤྱོད་འགལ་ཟླ་ལས་གྲུབ། མི་སྣའི་འཚོ་བ་དང་ལག་ལེན་རིམ་དུ་འགྱུར་བའི་བརྒྱུད་རིམ་ཡིན་ལ་སྒྲུང་གི་གྲུབ་ཆའི་རྒྱུ་ཆ་ཡང་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
རྩོམ་རིག
རིགས་དབྱེ།
སྒྲུང་གཏམ་གྱི་བྱུང་རིམ།
1 གོ་དོན།

སྒྲུང་གཏམ་ཁྲོད་ཀྱི་བྱུང་རིམ་ཞེས་པ་དེ་ནི་བརྗོད་བྱའི་བྱུང་རིམ་ཡིན་ཏེ། དོན་རྐྱེན་མང་པོའི་ནང་ངོས་ཀྱི་ཁྲག་རྩ་དང་རྒྱུ་དང་འབྲས་བུའི་འབྲེལ་བ་སྟོན་ལ་མི་སྣ་དང་མི་སྣའི་བར་དང་། མི་སྣ་དང་ཁོར་ཡུག་བར་གྱི་འབྲེལ་བའི་དངོས་ཡོད་བྱ་སྤྱོད་འགལ་ཟླ་ལས་གྲུབ། མི་སྣའི་འཚོ་བ་དང་ལག་ལེན་རིམ་དུ་འགྱུར་བའི་བརྒྱུད་རིམ་ཡིན་ལ་སྒྲུང་གི་གྲུབ་ཆའི་རྒྱུ་ཆ་ཡང་ཡིན། བྱུང་གྱིས་མི་སྣའི་བྱ་སྤྱོད་དང་སྒྲུང་གཏམ་གྱི་བརྗོད་བྱའི་སྙིང་བོ་འཕེལ་རྒྱས་སུ་བཏང་བ་ཡིན། མདོར་ན་བྱུང་རིམ་ནི་མི་སྣའི་བྱ་འགུལ་དང་འཚོ་བའི་དོན་རྐྱེན་ལ་འབྲེལ་ཡོད་པས་མི་སྣའི་བྱ་འགུལ་དང་འཚོ་བའི་དོན་རྐྱེན་མེད་ཚེ་བྱུང་རིམ་ཡོད་མི་སྲིད་དེ། ཡ་ལིས་ཧྲི་ཏོ་ཏེས“བྱུང་རིམ་ཞེས་པ་ནི་བྱ་འགུལ་ཉིད་དོ།།”ཞེས་པ་དང་། ཀོར་ཅིས“བྱུང་རིམ་ཞེས་པ་ནི་མི་སྣའི་རང་བཞིན་འཕེལ་རྒྱས་ལོ་རྒྱུས་ཀྱི་མི་སྣའི་བར་གྱི་འབྲེལ་བ་ལ་བསྟུན་ནས་གྲུབ་པ་དང་གཙོ་བོར་མི་སྣའི་བར་གྱི་འབྲེལ་བའི་ཕྱོགས་ན་ཡོད་དོ།།”ཅེས་གསུངས་པ་སོགས་ཀྱི་ལྟ་ཚུལ་ལས་བྱུང་རིམ་ནི་མི་སྣའི་འབྲེལ་བ་དང་མི་སྣའི་ཕྱིའི་བྱ་འགུལ་དང་ནང་གི་བསམ་པའི་འགྱུར་བ་ལས་གྲུབ་པའི་འཚོ་བའི་དོན་རྐྱེན་ཧྲིལ་བོའི་འཕེལ་རིམ་དེ་ཡིན་པར་བསྟན།

2 བྱུང་རིམ་གྱི་སྒྲིག་སྦྱོར་དང་དཔེ་གཞི།

བྱུང་རིམ་ནི་སྒྲུང་གཏམ་གྱི་གྲུབ་ཆའི་རྒྱུ་ཆ་ཡིན་ཚེ་བྱུང་རིམ་གནས་པའི་རྨང་གཞི་ཡང་སྤྱི་ཚོགས་ཀྱི་འཚོ་བ་ཡིན་ལ། འཚོ་བ་ནས་སྒྱུ་རྩལ་གྱི་རྣམ་པར་འགྱུར་བའི་རྒྱུད་རིམ་གྱིས་དཔེ་གཞི་ཅན་གྱི་རྒྱུད་རིམ་མཚོན། བྱུང་རིམ་གྱི་སྒྲིག་སྦྱོར་ཡང་དེ་ལྟར་ཡིན། ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་གསལ་ལྡན་པའི་བྱུང་རིམ་གསར་བཟོ་བྱེད་པ་ནི་བྱུང་རིམ་སྒྲིག་སྦྱོར་སྐབས་ཀྱི་ཐོག་མའི་བླང་བྱ་ཡིན་པ་ལས་རྩ་བའི་བླང་བྱ་མིན་ཏེ། དཔེ་གཞི་ཅན་གྱི་བྱུང་རིམ་སྟེ་ཉམས་པ་མེད་པའི་ཡིད་འགུགས་ཀྱི་ནུས་པ་ལྡན་པའི་སྒྱུ་རྩལ་དཔེ་གཞི་གསར་བཟོ་བྱེད་རྒྱུ་ནི་རྩ་བའི་བླང་བྱར་བགྲང་དགོས། འཚོ་བ་མེད་པའམ་ཡང་ན་འཚོ་བའི་ཁྲོད་ཀྱི་འགལ་ཟླ་མེད་ཚེ་བྱུང་རིམ་གནས་པའི་རྨང་གཞི་དེ་ཤོར་བ་ཡིན། འཚོ་བ་དེ་སྒྱུ་རྩལ་དང་གཏན་ནས་མི་འདྲ། འཚོ་བ་སྒྱུ་རྩལ་གྱི་བྱུང་རིམ་ལ་བསྒྱུར་དགོས་ཚེ་ངེས་པར་དུ་འཚོ་བའི་སྣང་ཚུལ་དང་འགལ་ཟླ་སྒྲིག་སྦྱོར་དང་ལས་སྣོན་བྱེད་དགོས།

3 བྱུང་རིམ་བཀོད་སྒྲིག་ཁྲོད་ཀྱི་འབྲེལ་བ་འགའ།

བྱུང་རིམ་ནི་གསོན་ཉམས་རང་བཞིན་དང་རྩོམ་པ་པོས་རང་ངོས་ཀྱི་བརྩེ་སེམས་ཟུང་འབྲེལ་བྱས་པ་ལས་བྱུང་པ་ཡིན་པས། བྱུང་རིམ་གྱིས་ངེས་པར་དུ་རྩོམ་པ་པོས་བསམ་བློའི་བློ་ཁ་གཏད་ཕྱོགས་དང་བརྩེ་དུངས་ཀྱི་རྣམ་འགྱུར་ངེ་ཅན་ཞིག་མཚོན་ཡོད། རྩོམ་རིག་ནིནཁྱད་པར་ཅན་གྱི་སྤྱི་ཚོགས་འདུ་ཤེས་འཛིན་སྟངས་ཞིག་ཏུ་བགྲང་ན། དེས་སྤྱི་ཚོགས་འཚོ་བ་ཚུར་སྣང་བྱས་པ་ནི་གཟུགས་བརྙན་བརྒྱུད་དེ་འཚོ་བ་ཞིབ་འབྲི་བྱས་ལ། བརྩམས་ཆོས་ཀྱི་བརྗོད་བྱའི་བསམ་བློ་དང་རྩོམ་པ་པོས་བསམ་བློའི་བསྟན་དོན་དག་མཚོན་པ་རེད། དེའི་ཕྱིར་རྩོམ་པ་པོས་ངེས་པར་དུ་ཡང་དག་པའི་འཇིག་རྟེན་ལྟ་ཚུལ་གྱི་སློབ་སྟོན་འོག་ཕུན་སུམ་ཚོགས་པའི་སྤྱི་ཚོགས་འཚོ་བ་དེ་ཚད་མཐོ་བའི་སྙིང་བསྡུས་བྱས་པ་བརྒྱུད་སྒྱུ་རྩལ་གྱི་ཐབས་ལམ་བཀོལ་ཏེ་རང་ཉིད་ཀྱི་བསམ་ཕྱོགས་མངོན་དུ་འཇུག་དགོས། བསམ་བློའི་བློ་ཁ་གཏད་ཕྱོགས་ཏེ་རང་བྱུང་གིས་ཕྱིར་མངོན་པ་དང་ཧ་ཅང་རྒྱུན་ལྡན་ཞིག་ཡིན་དགོས་ཚེ་ངེས་པར་དུ་གནས་ཚུལ་དང་བྱུང་རིམ་གྱི་བཤུ་འབྲི་བརྒྱུད་དེ་མངོན་དགོས། དེའི་ཕྱིར་གནས་ཚུལ་གྱིས་ཡིད་དབང་འཕྲོག་ལ་བྱུང་རིམ་གྱིས་ཀློག་པ་པོར་སེམས་འགུལ་ཐེབས་སུ་འཇུག་ནུས་ཚེ། བརྗོད་བྱའང་ཕུན་སུམ་ཚོགས་ལ་སྒྱུ་རྩལ་ཚུར་སྣང་བྱས་པའི་འཚོ་བའི་ཕན་ནུས་ཀྱང་འཐོབ་སྲིད།

4 བྱུང་རིམ་ཁྲོད་ཀྱི་ལྷུ་ཚིག་གཙོ་བོ་འགའ།
4_1 འགོ་འཛུགས།

འགོ་འཛུགས་པ་ནི་མི་སྣའི་ཕྱི་དང་ནང་གི་འགལ་འཐབ་དངོས་སུ་འགོ་ཚུགས་པའི་དོན་རྐྱེན་དང་པོའམ་བྱུང་རིམ་ཕྲ་རབ་སྟེ། བྱུང་རིམ་འཕེལ་རྒྱས་སུ་འགྲོ་རུ་བཅུག་པའི་རྩ་བའི་ཁུངས་སྣེ་དང་བྱུང་རིམ་གྱི་འཕེལ་རྒྱས་ཁ་ཕྱོགས་གཏན་ཁེལ་བྱེད་ས་ཡིན།

4_2 འཕེལ་རྒྱས།

འཕེལ་རྒྱས་སུ་འགྲོ་བ་ནི་རྩོམ་པ་པོས་བཤུ་འབྲི་བྱེད་པའི་འཚོ་བའི་ཁྱབ་ཁོངས་དེ་གོམ་གང་མདུན་སྤོས་ཀྱིས་མཚོན་པར་བྱེད་པའི་རྒྱུད་རིམ་དང་། བྱུང་རིམ་གཏིང་ཟབ་ངང་སྔོག་འདོན་བྱེད་པའི་རིམ་པ་ཡིན་ཏེ། བརྩམས་ཆོས་ནང་གི་འགལ་འཐབ་དེ་འགོ་འཛུགས་པ་ནས་ཛ་དྲག་གི་རྩེ་མོར་མ་ཐོན་བར་གྱི་བྱུང་རིམ་དེ་ཡིན།

4_3 ཛ་དྲག

བྱུང་རིམ་གྱི་ཛ་དྲག་ནི་བརྩམས་ཆོས་ཁྲོད་ཀྱི་འགལ་ཟླ་དེ་འཕེལ་རྒྱས་བྱུང་ཏེ་ཆེས་རྣོ་ངར་དང་ཆེས་ཛ་དྲག་གི་ཚད་དུ་སླེབས་པ་སྟེ་འགལ་ཟླའི་ཡང་རྩེར་སོན་པ་ཞིག་ལ་ཟེར།

4_4 མཐའ་འབྲས།

མཐའ་འབྲས་ནི་བརྩམས་ཆོས་ནང་གི་འགལ་ཟླ་དེ་འདི་ལྟར་རམ་ཡང་ན་དེ་ལྟར་ཐག་བཅད་དེ་མཐའ་མཇུག་གི་འབྲས་བུ་ཐོབ་པ་དེ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-15

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།