ལྷོ་ནུབ་མི་རིགས། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ལྷོ་ནུབ་མི་རིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ཧན་རྒྱལ་རབས་ཀྱི་ལོ་རྒྱུས་སུ་འཁོད་པའི་ལྷོ་ནུབ་མི་རིགས་ཀྱི་སྐོར།)

པན་ཀུའུ(ཧན་རྒྱལ་རབས་ཤར་མ)ཡིས་བརྩམས་པའི《ཧན་རྒྱལ་རབས་ཀྱི་ལོ་རྒྱུས》སུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ལས་ལྷོ་ནུབ་མི་རིགས་ཀྱི་ལོ་རྒྱུས།
1 འགྱུར་ཡིག

ལྷོ་ཕྱོགས་མི་རིགས་ལ་རྗེ་བོ་བཅུ་ཕྲག་ཡོད་ཅིང་དེའི་ནང་རྒྱལ་ཁབ་ཆེ་ཤོས་ཡེ་ལང1ཡིན། དེའི་ནུབ་ཕྱོགས་སུ་ཧྥེ་མོའི2རིགས་སུ་གཏོགས་པའི་རྒྱལ་ཁབ་བཅུ་ཕྲག་ཡོད་ཅིང་ཆེ་ཤོས་ནི་ཏེན་རྒྱལ་ཁབ་ཡིན། ཏེན་རྒྱལ་ཁབ་ཀྱི་བྱང་ཕྱོགས་སུ་རྗེ་བོ་བཅུ་ཙམ་ཡོད་པ་ལས་ཆེ་ཤོས་ཁྱུང་ཏུའུ3ཡིན། དེ་དག་ཚང་མས་མགོ་སྐྲ་ཐོར་ཅོག་རྒྱག་པ་དང་། སོ་ནམ་གྱི་ལས་གཉེར་ཞིང་གྲོང་སྡེ་ཆགས་ཡོད། དེའི་ཕྱི་རུ་ཡོད་པ་ནི། ནུབ་ཕྱོགས་ཐུང་ཧྲིའི4ཤར་ཕྱོགས་ནས། བྱང་ཕྱོགས་ཡེ་ཡུས5བར་དུ་མིང་ལ་སོས6དང་། ཁུན་མིང་ཟེར་བ་ཡོད་ཅིང་ཚང་མས་མགོ་སྐྲ་ལན་བུར་སླ། ཕྱུགས་རིགས་ཀྱི་རྗེས་བསྙེགས་ཏེ་སྐྱས་སྤོར་བས་གཞི་གཅིག་ཏུ་ཆགས་པ་མེད་ཅིང་རྗེ་བོ་ཡང་མེད། ས་ཆ་ལེ་དབར་སྟོང་ཕྲག་དུ་མ་ཙམ་མཆིས། སོས་ནས་བྱང་ཤར་དུ་རྗེ་བོ་བཅུ་ཕྲག་ཙམ་ཡོད་པ་ལས་ཞིས7དང་ཙོ་ཏུའུ8གཉིས་ཆེ་ཤོས་ཡིན།

ནན་ཡུའེ་རྒྱལ་ཁབ་བསྣུབས་པ་དང་ལྷོ་ཕྱོགས་མི་རིགས་ཀྱི་རྗེ་བོ་ཆམ་ལ་ཕབ་རྗེས་དམག་དཔུང་གི་ཟིལ་ཤུགས་ཆེར་རྒྱས་པ་དང་བསྟུན་ནས། ཝང་རན་ཡུས་ཕོ་ཉར་མངགས་ནས་ཏེན་རྒྱལ་ཁབ་ཀྱི་རྒྱལ་པོ་གོང་མའི་སྲིད་གཞུང་ལ་མཇལ་དུ་གཅར་དགོས་ཚུལ་བཀའ་བསྒོས། ཏེན་རྒྱལ་ཁབ་ཀྱི་རྒྱལ་པོའི་མངའ་ཞབས་སུ་འབངས་མི་ཁྲི་ཕག་དུ་མ་བདོག་ཏེན་རྒྱལ་ཁབ་ཀྱི་བྱང་ཤར་དུ་ལའོ་ཧྲེན་དང་ཧྥེ་མོ་ཞེས་པ་ཡོད་ཅིང་། དེ་དག་ཚང་མ་ཏེན་རྒྱལ་ཁབ་ཀྱི་བྱང་ཤར་དུ་ལའོ་ཧྲེན་དང་ཧྥེ་མོ་ཞེས་པ་ཡོད་ཅིང་། དེ་དག་ཚང་མ་ཏེན་རྒྱལ་ཁབ་དང་རིགས་རུས་གཅིག་ཅིང་ཕན་ཚུན་གཅིག་ལ་གཅིག་རྟེན་དུ་གནས་པས་གོང་མའི་བཀའ་མ་བརྩིས་པ་དང་། ལའོ་ཧེན་དང་ཧྥེ་མོ་གཉིས་ཀྱིས་གོང་མའི་ཕོ་ཉ་དང་དཔོན་རིགས་དམག་མི་བཅས་ལ་ཐེངས་འགར་གནོད་བསྐྱལ། ཡོན་ཧྥེང་ཁྲི་ལོ་གཉིས་པར་གོང་མས་པ་ཀྱུན་དང་ཧྲུའུ་ཀྱུན་གྱི་དམག་དཔུང་བཏང་ནས་ལའོ་ཧྲེན་དང་ཧྥེ་མོ་བཏུལ་ཅིང་། དམག་དཔུང་ཏེན་རྒྱལ་ཁབ་ཏུ་བཅར། ཏེན་རྒྱལ་ཁབ་ཀྱི་ལོ་རྒྱལ་པོས་དང་ཐོག་ནས་ཧན་ལ་རྣམ་འགྱུར་བཟང་པོ་བཅས་མྱོང་གཤིས་ཁོ་རང་མ་བསད་པར་བསྐྱུར་བ་ལ། ཁོས་ནུབ་ཕྱོགས་མི་རིགས་དང་འབྲེལ་ལམ་བཅད་ནས་རྒྱལ་ཁབ་ཧྲིལ་པོ་ཧན་ལ་མགོ་བཏགས། ཁོ་ཚོའི་རྒྱལ་ཁབ་ཏུ་དཔོན་རིགས་བསྐོ་འཇོག་དང་རང་ཉིད་གོང་མའི་སྲིད་གཞུང་ལ་མཇལ་དུ་ཆས་རྒྱུའི་འདུན་པ་ཞུས། དེ་ནས་ཡུལ་དེར་དབྱིས་ཀྲོའུ་ཀྱུན9བཙུགས་ཤིང་ཏེན་གྱི་རྒྱལ་པོར་རྒྱལ་པོའི་ཐམ་ག་བསྩལ། ཁོ་རང་ཡང་བསྐྱར་མངའ་འོག་གི་འབངས་མིའི་འགོ་འཚོ་རུ་བཅུག ལྷོ་ནུབ་མི་རིགས་ལ་རྗེ་བོ་བརྒྱ་ཕྲག་ཡོད་པ་ལས། ཏེན་ནི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་ཞིང་ཧན་གྱི་གཅེས་སྐྱོང་ཆེས་མཐོ་བའི་རྒྱལ་ཁབ་ཅིག་རེད།10

ཝང་མང་གི་སྲིད་དབང་འཕྲོག་རྗེས་ཧན་གྱི་སྲིད་ལུགས་བསྒྱུར་ནས་ཀོའུ་ཏིང་གི་རྒྱལ་པོའི་ཆོ་ལོ་ཧོའུ་རུ་ཕབ་པས། ཀོའུ་ཏིང་གི་རྒྱལ་པོ་ཧན་ཞེས་པ་དེས་ཞེ་འཁོན་སྙིང་ལ་བཅངས། ཙང་ཀེ་ཀྱུན་གྱི་ཏ་དབྱིན་གྱི་གོ་ཐོབ་ཅན་ཀྲོའུ་ཆིན་ཞེས་པས་མགོ་སྐོར་བཏང་ནས་ཧན་སྲོག་ཐོག་ཏུ་བཏང་བ་ལ་ཧན་གྱི་གཅུང་པོ་ཁྲེང་ཞེས་པས་དམག་དཔུང་དྲངས་ནས་ཀྲོའུ་ཆིན་བསད། ཀྲོའུ་དང་ཀྱུན་གྱི་དམག་དཔུང་བཏང་ནས་འཐབ་ཀྱང་དེ་མགོ་འདོགས་སུ་འཇུག་མ་ཐུབ། མཐའ་འདབས་ཀྱི་མཐའ་འཁོབ་མི་རིགས་རྣམས་ཀྱིས་ཀྱང་ཁོ་ཚོར་འཚེ་བར་དོགས་ནས་ཚང་མ་ངོ་ལོག་པ་དང་དབྱིས་ཀྲོའུ་ཡི་ཏ་དབྱིན་གྱི་གོ་ཐོབ་ཅན་ཁྲེང་ལུང་ཞེས་པའང་བསད། ཝང་མང་གིས་དབྱིས་ཀྲོའུ་ལ་དམག་འདྲེན་པའི་ཆེད་དུ་མྱྭ་འདུལ་དམག་དཔོན་ཧྥེང་མའོ་ཞེས་པར་པ་ཀྱུན་དང་ཧྲུའུ་ཀྱུན་དང་ཆན་ཝེ་ཀྱུན་བཅས་ཀྱི་དཔོན་རིགས་དང་དམག་སྣེ་འཚོ་རུ་བཅུག་སྟེ་འབངས་མི་ལས་དཔྱ་ཁྲལ་འདང་ངེས་བསྡུ་རུ་མངགས། དམག་དཔུང་བཏང་ནས་ལོ་གསུམ་ཕྱིན་པའི་རིང་ལ་དམག་མི་བཅུ་ཆའི་བདུན་རིམས་ནད་ཀྱིས་ཤི་བ་དང་པ་ཀྱུན་དང་ཧྲུའུ་ཀྱུན་དུ་ཟིང་ཆ་ཆེན་པོ་བྱུང་། དེར་ཝང་མང་གིས་ཧྥེང་མའོ་ཕྱིར་བཀུག་ནས་སྲོག་ཐོག་ཏུ་བཏང་ཞིང་སླར་ཡང་ཉིང་ཧྲི་དམག་དཔོན་ལེན་ཏན་ཞེས་པ་དང་། ཡུང་པུའུ14ཡི་གཙོ་སྐྱོང་ཧྲི་ཞུང་གཉིས་ལ་ཐེན་ཧྲུའེ་ཀྱུན་དང་ལུང་ཞི་ཀྱུན་གྱི་རྟ་དམག་དང་། ཀོན་ཧན་ཀྱུན་དང་། པ་ཀྱུན། ཧྲུའུ་ཀྱུན། ཆན་ཝེ་ཀྱུན་བཅས་ཀྱི་དཔོན་རིགས་དང་འབངས་མི་ཆིག་འབུམ་ལས་གྲུབ་འི་དཔུང་ཆེན་བཏང་བ་དང་། དེའི་ཁར་དམག་རྒྱགས་སོགས་འདྲེན་མཁན་བསྣན་པས་ཁྱོན་བསྡོམས་མི་ཉིས་འབུམ་ལོངས་པ་བཏང་ནས་འཐབ། དམག་དཔུང་ཐོག་མར་སླེབས་མ་ཐག་དགྲ་ཟླ་སྟོང་ཕྲག་དུ་མའི་མགོ་སྐེ་བྲེགས་མོད། དེའི་རྗེས་སུ་དམག་འབྲུའི་རྒྱུན་མ་འཁྱོངས་པའི་རྐྱེན་གྱིས་དམག་མིར་བཀྲེས་ལྟོགས་བྱུང་ནས་རིམས་ནད་ལྡང་བས་ལོ་གསུམ་ལྷག་གི་རིང་ལ་མི་ཁྲི་ཕྲག་འགའ་ཤི། སྐབས་དེར་ཡུའེ་སོས་ཀྱུན་གྱི་མྱྭ་པ་རེན་ཀུའེ་ཞེས་པས་ཀྱང་ཐའེ་ཧྲོའུ་དཔོན་པོ་མེ་ཀེན་བསད་ནས་རང་ཉིད་ཁྱུང་ཀུའུ་ཡི་རྒྱལ་པོ་ཞེས་པར་བཀུར། སྐབས་དེ་ཝང་མང་ཕམ་ནས་ཧན15དར་བ་དང་ཁེལ་བས་རེན་ཀུའེ་ཚར་བཅད་ནས་ཀྱུན་གྱི་སྒྲིག་གཞིའི་མིང་ཡང་སྔར་སོར་ཆུད་པར་བྱས།

2 མཆན་འགྲེལ།

1.ཡེ་ལང་ནི་གནའ་བོའི་རྒྱལ་ཁབ་ཅིག་གི་མིང་སྟེ། རྒྱའི་ཀྲན་གོའི་དུས་སྐབས་དང་ཆིན་རྒྱལ་རབས་དང་ཧན་རྒྱལ་རབས་ཀྱི་དུས་སུ་གཙོ་བོ་ད་ལྟའི་ཀུའེ་ཀྲོའུ་ཞིང་ཆེན་གྱི་ནུབ་རྒྱུད་དང་བྱང་རྒྱུད། ཡུན་ནན་ཞིང་ཆེན་གྱི་བྱང་ཤར་རྒྱུད། སི་ཁྲོན་ཞིང་ཆེན་གྱི་ལྷོ་རྒྱུད་ཀུའེ་ཀྲོའུ་དང་འབྲེལ་མཚམས་སོགས་སུ་ཡོད། རྒྱལ་ཁབ་དེའི་སྐྱེ་བོར་དབྱི་དང་། ཕུའུ། ཆཱང་། པཱོ་སོགས་ཡོད་པ་དང་། སྤྱི་མིང་ལ་ཡེ་ལང་ཞེས་བརྗོད། ད་ལྟའི་དབྱིས་རིགས་དང་། པུའུ་དབྱི་རིགས། ཀེ་ལའོ་རིགས་སོགས་དང་རིགས་རྒྱུད་ཀྱི་འབྲེལ་བ་ཡོད་པར་བརྗོད། ཡེ་ལང་རྒྱལ་ཁབ་འཛུགས་མཁན་མི་རིགས་གང་ཡིན་པའི་སྐོར་ལ་རྗོད་སྟངས་འདྲ་མིན་སྣ་ཚོགས་ཡོད་དེ། ལ་ལས་དབྱིས་རིགས་དང་། ལ་ལས་མིའོ་རིགས། ལ་ལས་ཀེ་ལའོ་རིགས་ཡིན་པར་བརྗོད།

2.ཧྥེ་མོ་ཞེས་པ་ནི་གནའ་བོའི་ལྷོ་ནུབ་མི་རིགས་ཀྱི་གྲས་ཤིག་སྟེ། ཧན་རྒྱལ་རབས་ནུབ་མའི་ཡོན་ཧྥེང་ཁྲི་ལོ་གཉིས་པར་ཧན་ཝུའུ་ཏི་ཡིས་མངའ་འོག་ཏུ་བསྡུས། ཡུལ་དེ་ད་ལྟའི་ཡུན་ནན་ཞིང་ཆེན་གྱི་ཞུན་ཏེན་རྫོང(寻甸县)གི་རྒྱུད་ཡིན།

3.ཁྱུང་ཏུའུ་ཞེས་པ་ནི་གནའ་བོའི་རྒྱལ་ཁབ་ཅིག་གི་མིང་ཡིན་ཞིང་།ཧན་རྒྱལ་རབས་ནུབ་མས་མངའ་འོག་ཏུ་བསྡུས་རྗེས་དེར་ཁྱུང་ཏུའུ་རྫོང་བཙུགས། རྫོང་གི་སྲིད་གཞུང་ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་ཞི་ཁྲང་རྫོང(西昌县)གི་ཤར་ལྷོར་ཡོད།

4.ཐུང་ཧྲི་ཞེས་པ་ནི་ད་ལྟའི་ཡུན་ནན་ཞིང་ཆེན་གྱི་པའོ་ཧྲན་རྫོང(保山县)ཞེས་པའི་རྒྱུད་ཡིན།

5.ཡེ་ཡུས་ཞེས་པ་ནི་ཧན་རྒྱལ་རབས་ནུབ་མའི་དུས་སུ་བཙུགས་པའི་རྫོང་གི་མིང་སྟེ་སྲིད་གཞུང་ད་ལྟའི་ཡུན་ནན་ཞིང་ཆེན་གྱི་ཏ་ལི་རྫོང(大理县)བྱང་ཕྱོགས་ཀྱི་ཞི་ཀྲོའུ(喜洲)རུ་ཡོད་པ་དང་། སྐབས་ལ་ལར་འདིའི་མིང་ཏིའེ་ཡུས(楪榆)ཞེས་ཀྱང་བྲིས་ཡོད།

6.སོས(雟)ཞེས་པ་ནི་སོའུ(叟)ཞེས་པའི་མི་རིགས་དང་གཅིག  ལར་རྒྱ་ཡིག་འདིའི་སྒྲ་ད་ལྟའི་ཀློག་སྲོལ་ལྟར་ནxiཞེས་བཀླགས་དགོས་མོད། སྐུ་ཞབས་ཧྥན་ཝུན་ལན་གྱིས《ཀྲུང་གོའི་རྒྱལ་རབས་རིམ་བྱུང་གི་ལོ་རྒྱུས》སུ(越雟)ཞེས་པའི་ཡི་གེ་ཕྱི་མ་དེར་སྒྲsuiསྦྱར་འདུག་པ་ལྟར་འདིར་ཡང་སོས་སུ་བསྒྱུར་བ་ཡིན།

7.སྲིད་སྐྱོང་མེ་ལོང་གི་མཆན་འགྲེལ་དུ་ཞིས(徙)ཞེས་པའི་གནའ་བོའི་དུས་སུ་སི(斯)ཞེས་པའི་སྒྲ་ལྟར་བཀླག་དགོས་པར་བརྗོད། ལོ་རྒྱུས་ཡིག་ཆ་ལ་ལར་ཧྲུའུ(蜀)དང་། སོའུ(叟) ཞིས(徙)རྣམས་དུས་སྐབས་སོ་སོར་འབོད་སྟངས་མ་འདྲ་བ་ལས་ཡིན་རྒྱུ་མི་རིགས་གཅིག་ཡིན་པ་དང་། བོད་དང་འབྲེལ་བ་ངེས་ཅན་ཡོད་པར་བརྗོད་པས། དེ་དང་མི་རིང་བའི་རྒྱལ་རོང་སོགས་སུ་གནའ་བོའི་དུས་ནས་སེ་ཁྱུང་སྦྲའི་རུས་རྒྱུད་མང་བར་བསམས་ན་འདི་དག་ཀྱང་རང་རེའི་རུས་ཆེན་བཞིའི་ཡ་གྱལ་སེ་དང་འབྲེལ་བ་ཡོད་དམ་སྙམ།

8.དབྱིས་ཀྲོའུ་ཀྱུན་གྱི་སྲིད་གཞུང་ཏེན་ཁྲི་རྫོང(滇池县)སྟེ་ད་ལྟའི་ཡུན་ནན་ཞིང་ཆེན་གྱི་ཅིན་ཉིང་རྫོང(晋宁县)གི་ཤར་ཕྱོགས་སུ་ཡོད། དབྱིས་ཀྲོའུ་ཡི་ཁོངས་སུ་གཏོགས་ཤིང་མངའ་ཁོངས་ད་ལྟའི་ཀྲུང་གོ་དང་འབར་མའི་ས་མཚམས་ཀྱི་རི་བོ་ཀའོ་ལི་ཀུང(高黎贡山)གི་ཤར་རྒྱུད། ཡུན་ནན་ཞིང་ཆེན་གྱི་ཨར་ཧའེ་མཚོ་མོའི་ནུབ་ཕྱོགས་དང་ཡའོ་ཨན་རྫོང་།(姚安县) ཡོན་མོའུ་རྫོང་།(元谋县) ཁུན་མིང་གྲོང་ཁྱེར་གྱི་ཏུང་ཁྲོན་ཆུས(昆明市东川区)སོགས་ཀྱི་ལྷོ་ཕྱོགས། ཆུས་ཅིང་།(曲靖) དབྱི་ལེང་།(宜良) ཧྭ་ཉིང་།(华宁) མེང་ཙི(蒙自)སོགས་གྲོང་ཁྱེར་དང་རྫོང་གི་ནུབ་ཕྱོགས། རི་བོ་ཨའེ་ལའོ་ཧྲན་གྱི་བྱང་ཕྱོགས་བཅས་དང་ཕལ་ཆེར་མཉམ། ཧན་རྒྱལ་རབས་ཤར་མའི་རྗེས་ནས་མངའ་ཁོངས་ཆུང་དུ་སོང་ཞིང་། རྒྱལ་ཁབ་གསུམ་གྱི་དུས་སུ་ཅན་ཉིང་ཀྱུན(建宁郡)དུ་བསྒྱུར།

9.ཧན་རྒྱལ་རབས་དུས་ཀྱི་སི་མ་ཆན་གྱིས་བྲིས་པའི་ལོ་རྒྱུས་དེབ་ཐེར་དུ་བཀོད་པའི་ལྷོ་ནུབ་མི་རིགས་ཀྱི་སྐོར་མཚམས་འདིར་མཇུག་རྫོགས་ཡོད། ནང་དོན་གྱི་ཆ་ནས་འདིའི་བར་དུ་གཉིས་ཀ་ཡོངས་སུ་མཚུང་ས་པ་འདིར་ཟུར་དུ་མ་བསྒྱུར།

10.ལིན་ཁྱུང་ནི་རྫོང་གི་མིང་སྟེ་ཆིན་རྒྱལ་རབས་ཀྱི་དུས་སུ་བཙུགས། སྲིད་གཞུང་ད་ལྟའི་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར(成都市)གྱི་ཤར་ལྷོར་ཡོད། ཅིན་རྒྱལ་རབས་ནུབ་མའི་དུས་སུ་ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་ཧྲོང་ལིའུ་རྫོང(双流县)གི་བྱང་ཕྱོགས་སུ་སྤོས།

11.ཡུང་པུའུ་ཞེས་པ་ནི་སྔའི་དབྱིས་ཀྲོའུ་ཡིན་ཞིང་ཝང་མང་གི་སྐབས་སུ་དབྱིས་ཀྲོའུ་ཡི་མིང་ཡུང་པུའུ་ཞེས་པར་བསྒྱུར།

12.འདིའི་ཧན་ཞེས་པ་ནི་ཀོང་ཝུའུ་ཏིའམ་ལིའུ་ཞིའུ་ཡིས་ཝང་མང་གི་སྲིད་དབང་བསྣུབས་ཏེ་ཧན་རྒྱལ་རབས་ཤར་མ་བཙུགས་པ་དེར་གོ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-25

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།