རྐྱེན། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

རྐྱེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དག་ཡིག )

བྱ་བ་དང་དངོས་པོ་ཞིག་འབྱུང་བའི་རྒྱུ་རྐྱེན་གྱི་མིང་།
1 ལོ་ཙཱ།

རྒྱ་ཡིག 缘,因缘

དབྱིན་ཡིག the because of something

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  བྱ་བ་དང་དངོས་པོ་ཞིག་འབྱུང་བའི་རྒྱུ་རྐྱེན་གྱི་མིང་སྟེ། སྨན་འཆོས་བྱས་པའི་རྐྱེན་གྱིས་ནད་སེལ། རྐྱེན་ངན་གྲོགས་སུ་བསྒྱུར། རྨས་ལྕི་དྲག་པའི་རྐྱེན་གྱིས་བརྒྱལ་སོང་། རྒྱུ་རྐྱེན་འཛོམས་ན་མྱུ་གུ་སྐྱེ། རྒྱུ་རྐྱེན། ཆ་རྐྱེན། མཐུན་རྐྱེན། རྐྱེན་ངན་ཞེས་པ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  རྒྱུའི་རྐྱེན། 缘,因缘,条件。【增】不幸,灾难。﹝达﹞

3.དུང་དཀར་ཚིག་མཛོད་ཆེན་མོ་ལས།   འདི་ལ་མཚན་ཉིད་རིག་པའི་ཐོག་བཤད་པའི་རྐྱེན་དང༌། རྒྱ་གར་གྱི་སྒྲ་རིག་པའི་ནང་བཤད་པའི་རྐྱེན་བཅས་གཉིས་ཡོད། མཚན་ཉིད་རིག་པའི་ནང་བཤད་སྲོལ་ཡོད་པའི་རྐྱེན་ནི། རྒྱུ་དང་རྐྱེན་གཉིས་སུ་ཕྱེ་བའི་རྐྱེན་ལ་ཟེར་བ་སྟེ། འབྲས་བུ་དེ་དང་དེ་འབྱུང་བ་ལ་ངེས་པར་དུ་དགོས་པའི་རྒྱུ་གཙོ་བོ་ཞིག་དགོས་པ། དཔེར་ན་ནས་ཀྱི་ས་བོན་ལྟ་བུ་ལ་ཟེར། ནས་ཀྱི་ས་བོན་དེས་མྱུ་གུ་སྐྱེ་བར་བྱེད་པ་ལ་ཆ་རྐྱེན་མང་པོ་ཞིག་འཛོམས་དགོས་པ་དཔེར་ན། ས་ཞིང་དང༌། ཆུ་ལུད། དྲོད་གཤེར་སོགས་འཛོམས་པ་ལ་བརྟེན་ནས་ས་བོན་དེས་མྱུ་གུ་སྐྱེ་ཐུབ་པ་ལྟ་བུ་ནི་རྐྱེན་ཞེས་བརྗོད་པ་ཡིན། རྒྱ་གར་གྱི་སྒྲ་རིག་པའི་ཐོག་བཤད་སྲོལ་ཡོད་པའི་རྐྱེན་ནི། རྒྱ་གར་སྐད་ཀྱི་སྒྲ་ལ་རང་བཞིན་དང༌། རྐྱེན། རྣམ་འགྱུར་གསུམ་དུ་ཕྱེ་བའི་རྐྱེན་ཏེ། སྒྲའི་རང་བཞིན་ལ་བྱིངས་དང་མིང་གཉིས་ཡོད་པ་དེ་གཉིས་གང་རུང་དུ་སྒྲུབ་པར་བྱེད་པའི་རྐྱེན་ཞིག་ལ་ཟེར། དེ་ལ་ནང་གསེས་ཀྱིས་ཕྱེ་ན། བྱིངས་རྟགས་སུ་སྒྲུབ་པ། བྱིངས་ཚིག་ཏུ་སྒྲུབ་པ། བྱིངས་བྱིངས་སུ་སྒྲུབ་པ། རྟགས་རྟགས་སུ་སྒྲུབ་པ། མིང་མིང་དུ་སྒྲུབ་པ། རྟགས་བྱིངས་སུ་སྒྲུབ་པ། རྟགས་ཚིག་ཏུ་སྒྲུབ་པ་བཅས་བདུན་ཡོད། ཞིབ་པར་སྒྲ་རིག་པའི་གཞུང་རྣམས་ལས་གསལ།

4. བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  名词。I.འབྲས་བུ་སྨིན་པར་བྱེད་པའི་གྲོགས་སུ་གྱུར་པའམ་འབྲས་བུའི་ཁྱད་པར་སྐྱེད་བྱེད། 外因,外在联系。佛书译作缘。能成熟果位助伴,生长果位特点者:འགལ་རྐྱེན། 逆缘,障碍。མཐུན་རྐྱེན། 机缘,顺境,好条件。ནད་རྐྱེན། 病缘。འཆི་རྐྱེན། 死因。ཤུགས་རྐྱེན། 影响。རྨས་རྐྱེན་གྱིས་ཤི་བ། 因伤致命。རྐྱེན་མང་འཛོམས་པ། 具备多种条件。རྐྱེན་མི་ལྡན་པ། 条件不具备。རྐྱེན་ཟད་པ། 条件消失。བཟང་ངན་གྱི་རྐྱེན་དང་ཕྲད་ན་བདེ་སྡུག་གང་ཡང་འབྱུང༌། 境遇分逆顺,后果随苦乐。II. [རྙིང] ①མིང་གྲགས་སམ། སྐད་གྲགས། 名声,名誉。②ཁྲལ་དགལ་ཡུལ་གྱི་ཀེར་ལེབ་སྒུར་གསུམ་སྟེ་མི་དང་ས་ཞིང་དང་ཕྱུགས་བཅས་གསུམ་ལ་ཟེར། 税源。征派差徭的三对象,即人、土地和牲畜。

5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ①ཆོས་ལུགས། མངོན་པ། རྐྱེན་ཞེས་པ་ནི།  གྲོགས་བྱེད་པ་ཞིག་ལ་ཟེར། དེ་ལ་དབྱེ་ན་། རྒྱུ་རྐྱེན། དམིགས་རྐྱེན།  བདག་རྐྱེན།  དེ་མ་ཐག་རྐྱེན་དང་བཞི་ཡོད།  དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱི་མཛད་པའི་རྒྱུ་འབྲས་འཁོར་ལོ་ལས། གྲོགས་བྱེད་པ། རྐྱེན་གྱི་མཚན་ཉིད། རྐྱེན་ལ་དབྱེ་ན།  རྒྱུ་རྐྱྱེན། དམིགས་རྐྱེན། དེ་མ་ཐག་རྐྱེན། བདག་རྐྱེན་དང་བཞི་ཡོད་ཅིང། བཞི་པོ་གང་རུང་ལས་གཞན་པའི་རྐྱེན་ལྔ་པ་ནི་མེད་དེ།  དབུ་མ་རྩ་བ་ཤེས་རབ་ལས། རྐྱེན་རྣམས་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ཏེ། །རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར།  ཞེས་གསུངས། ②བདེན་བཞི་མི་རྟག་བཅུ་དྲུག་གི་ནང་ཚན། མངོན་པར་གྲུབ་པར་བྱེད་པའི་དོན་གྱིས་རྐྱེན་ཞེས་བྱ་སྟེ། དཔེར་ན། འཇིམ་པ་དང་དབྱུ་གུ་དང་འཁོར་ལོ་དང་སྲད་བུ་དང་ཆུ་རྣམས་ཚོགས་པ་ལས་བུམ་པར་འགྲུབ་པར་འགྱུར་བ་དང་འདྲ་བས་ན་རྐྱེན་ཞེས་བྱའོ། ། ③སྒྲ་རིག་པ། སཾསྐྲྀཏའི་སྒྲའི་རང་བཞིན་ལ་བྱིངས་དང་མིང་གཉིས་ཡོད་པ་དེ་གཉིས་གང་རུང་དུ་སྒྲུབ་པར་བྱེད་པའི་རྐྱེན་ཞིག་ལ་ཟེར། དེ་ལ་ནང་གསེས་ཀྱིས་ཕྱེ་ན། བྱིངས་རྟགས་སུ་སྒྲུབ་པ། བྱིངས་ཚིག་ཏུ་སྒྲུབ་པ། བྱིངས་བྱིངས་སུ་སྒྲུབ་པ། རྟགས་རྟགས་སུ་སྒྲུབ་པ། མིང་མིང་དུ་སྒྲུབ་པ། རྟགས་བྱིངས་སུ་སྒྲུབ་པ། རྟགས་ཚིག་ཏུ་སྒྲུབ་པ་བཅས་བདུན་ཡོད། ④བརྡ་རྙིང་། མིང་གྲགས་སམ། སྐད་གྲགས། ⑤ཁྲིམས་ལུགས། ཁྲལ་དགལ་ཡུལ་གྱི་ཀེར་ལེབ་སྒུར་གསུམ་སྟེ་མི་དང་ས་ཞིང་དང་ཕྱུགས་བཅས་གསུམ་ལ་ཟེར།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-05-28

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།