ནམ་མཁའ་སེང་གེ
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནམ་མཁའ་སེང་གེ
བོད་ཀྱི་ཉེ་རབས་ལོ་ཙཱ་བ་སྐད་གྲགས་ཅན་ཞིག་ཡིན་པ་དང《ཆུ་ངོགས་གཏམ་རྒྱུད》བོད་ཡིག་ཏུ་བསྒྱུར་མཁན་གྱི་མི་སྣ་གཙོ་གྲས་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ནམ་མཁའ་སེང་གེ།
སྐྱེས་ཡུལ།
མདོ་སྨད་དཔའ་རིས།
འཁྲུངས་ལོ།
1932
འདས་ལོ།
2011
1 ངོ་སྤྲོད་མདོར་བསྡུས།

ནམ་མཁའ་སེང་གེ་ནི1932ལོའི་ཟླ8པར་མདོ་སྨད་དཔའ་རིས་སུ་ཁྱིམ་ཚང་གྲགས་ཅན་ཞིག་ཏུ་སྐུ་འཁྲུངས། ཆུང་དུས་ནས་ཡབ་ཀྱིས་སྒེར་ཚུགས་སློབ་གྲྭ་ཞིག་ཏུ་སྐྱེལ་བས་རྒྱ་ནག་གི་རུའུ་ལུགས་ཀྱི་རིག་གཞུང་ལ་སློབ་སྦྱོང་མཛད་པས་རྒྱ་ཡིག་གི་རྨང་བརྟན་པོ་བྱུང་།  1952ལོར་ནུབ་བྱང་མི་རིགས་སློབ་གླིང་དུ་སྐད་ཡིག་སྡེ་ཁག་བཙུགས་སྟབས་ནམ་མཁའ་སེང་གེའང་ནུབ་བྱང་མི་རིགས་སློབ་གླིང་གི་བོད་སྐད་ཡིག་སྡེ་ཁག་ཏུ་ཞུགས། དེ་དུས་སློབ་ཆེན་ལོ་ངོ་བཞི་ཡི་རིང་བོད་ཡིག་རྐྱང་རྐྱང་སྦྱངས། འོན་ཀྱང་སྐབས་དེར་དགེ་རྒན་གྱིས་ངག་ནས་གསུང་བའི་བོད་ཡིག་བོད་སྐད་དེ་མ་གཏོགས་རྒྱུ་ཆ་གཞན་པ་ཅི་ཡང་མི་འདུག  དེའི་ཕྱིར་དགེ་རྒན་གྱིས་ངག་ནས་གསུངས་པའི་མིང་ཚིག་རེ་རེ་རེག་ཟིག་ཏུ་བཀོད་ཅིང་བློར་བཟུང་ནས་བོད་སྐད་ཡིག་རིག་གནས་ཀྱི་རྨང་བཏིང་།  དེའི་རྗེས་ཁོང་གྲོང་ཁྱེར་པེ་ཅིན་གྱི་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་སྒྱུར་སྒྲིག་ལས་ཤག་གི་ལས་གནས་བསྐོས།  སྐབས་དེ་དུས་མི་རིགས་དཔེ་རིགས་དཔེ་སྐྲུན་ཁང་དུ་མི་རིགས་གྲངས་ཉུང་གི་ཡོན་ཏན་པ་མང་བོ་ཞིག་འདུས་འདུག་སྟེ། བོད་ཀྱི་བསྟན་པ་རྒྱ་མཚོ་དང་རྡོ་རྗེ་རྒྱལ་བོ།  བསོད་ནམས་རྡོ་རྗེ་སོགས་དང་མཉམ་དུ་བོད་ཀྱི་རིག་གནས་དར་སྤེལ་གནང་།

2 མཛད་རྗེས་ཉུང་བསྡུས།

1974ལོར་རྒྱལ་ཁབ་ཀྱིས《ཆུ་ངོགས་གཏམ་རྒྱུད》ལ་སྐྱོན་བརྗོད་དགོས་པར་བཤད། དེ་ཡི་སཱོན་ཅཱང་གི་མགོ་འདོགས་རིང་ལུགས་ལ་སྐྱོན་བརྗོད་དགོས་པར《ཆུ་ངོགས་གཏམ་རྒྱུད》བོད་འགྱུར་མ་མེད་སྟབས། མི་སྣ་རྩ་འཛུགས་ཀྱིས《ཆུ་ངོགས་གཏམ་རྒྱུད》བོད་ཡིག་ཏུ་བསྒྱུར་དུ་བཅུག  སྐྱོན་བརྗོད་ཀྱི་དགོས་མཁོ་ཡིན་པས་བོད་འགྱུར་མའང་མགོ་ཁྲིད་ཀྱིས་གོ་ཐུབ་པ་ཙམ་ལས་ཆོག་པར་བཤད། འོན་ཀྱང་སྐབས་ནམ་མཁའ་སེང་གེའི་བློ་ལ་འཐབ་རྩོད་འདི་ཡུན་མི་རིང་མཇུག་རྫོགས་སྲིད་པས།  《ཆུ་ངོགས་གཏམ་རྒྱུད》ནི་ཀྲུང་གོའི་གསུང་རྩོམ་གྲགས་ཅན་བཞི་ཡི་གྲས་ཡིན་པས། གལ་ཏེ་བོད་དུ་ཡག་པོར་བསྒྱུར་ཐུབ་ན་རྒྱ་བོད་རིག་གནས་འབྲེལ་འདྲིས་ཐད་དུ་ནུས་པ་ཆེ་བར་འདོད་ནས།  ལོ་ཙཱ་བྱ་བའི་རྩ་འཛུགས་ཁྲོད་མཐུན་བདེ་སྙན་གསུམ་གྱི་རེ་བ་དང་བླང་བྱ་མང་བོ་བཏོན།  ལོ་ངོ་གཉིས་ཀྱི་རིང་བསྒྱུར་ཞིང་དཔར་པས་སྐབས་དེར་སཱོན་ཅཱང་ལ་སྐྱོན་བརྗོད་ཀྱི་ཚ་རླབས་འཇགས་སྟབས་འགྱུར་འདིའི་སྤྱི་ཚོགས་ཐོག་ནུས་པ་བླ་ལྷག་ཞིག་ཐོན།   《ཆུ་ངོགས་གཏམ་རྒྱུད》བསྒྱུར་རྗེས་ཁོང་གིས《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད》ཅེས་པའི་སྟོད་ཆ་བསྒྱུར་བས་ཡང་སྤྱི་ཚོགས་ལ་ཤུགས་རྐྱེན་ཟབ་མོ་ཐེབས།  2011ལོར་སྐུ་གཤེགས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-06

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།