ཐང་མིང་ཙུང་གི་སྐབས་ཀྱི་བོད་ཀྱི་ལོ་རྒྱུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱའི་གནའ་དུས་ཀྱི་ལོ་རྒྱུས་དེབ་ཐེར《སྲིད་སྐྱོང་མེ་ལོང》དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ལས་ཐང་མིང་ཙུང་གི་སྐབས་ཀྱི་བོད་དང་འབྲེལ་བའི་ལོ་རྒྱུས་ཁག་ཅིག
1 འགྱུར་ཡིག
1_1 ཐེན་ཁྲེང་ཁྲི་ལོ་བཞི་པ།(སྤྱི་ལོ929པ)

ཟླ་བཅུ་པ ཚེས་གསུམ་གྱི་ཉིན་ཁང་ཧྥུ་ཞེས་པ་ཧྲོ་ཧྥང་དང་ཧོ་ཞིའི་ཅེ་ཏུའུ་ཧྲིར་བསྐོས།

(བམ་པོ276པའི་ཤོག་ངོས25པ། 9033)

ཟླ་བཅུ་གཅིག་པ ཁང་ཧྥུ་ཧྥང་ཆུས་སུ་འབྱོར་བ་དང་ཆྰང་པ་དང་ཧོར་པའི་དམག་དཔུང་ཁང་ཧྥུ་ལ་རྒོལ་དུ་ཆས་ཀྱང་འཐབ་སྟེ་ཕྱིར་བཟློགས། ཆིང་ཀང་འགག1ཏུ་བསྐྱོད་པ་ན་ཡེ་ལི་དང་ཏ་ཁྲུང་ཞེས་པའི་ཚོ་བ་གཉིས་ཀྱི་སྦྲ་ཁྱིམ་སྟོང་ཕྲག་དུ་མ་དང་ཕྲད། དེ་ཚོས་ཐང་དམག་སླེབས་པ་མ་ཚོར་བར་ཡོད་དུས། ཁང་ཧྥུ་ཡིས་ཝེ་ཧྲེན་ཡུས་ཞེས་པ་འཇབ་རྒོལ་བྱེད་དུ་མངགས་ནས་གཏོར་ཕམ་ཆེན་པོ་བཏང་། ཐམས་ཅད་བསད་པའམ་བཟུང་། དེར་བརྟེན་ནས་སྐད་གྲགས་ཆེར་རྒྱས་ཤིང་ལིང་ཀྲོའུ་རུ་བསྐྱོད། དེ་ནས་བཟུང་ཧྲོ་ཧྥང་ལ་དབང་སྒྱུར་འགོ་བརྩམས།

(བམ་པོ276པའི་ཤོག་ངོས17པ།  9035)

1_2 ཁྲང་ཞིང་ཁྲི་ལོ་བཞི་པ།(སྤྱི་ལོ933པ)

(ཟླ་གཉིས་པ)ལེང་ཀྲོའུ་ཡི་དམག་དཔོན་ཆེན་མོ་ཐོ་པ་ཁྲེང་ཆན་དང་ཚོ་བའི་མི་རྒན་གྲས་རྣམས་ཀྱིས་གོང་མར་ཞུ་ཡིག་ཕུལ་ཏེ་ལིའུ་ཧོའུ་ཡི་གོ་ཐོབ་ཅན་སུན་ཁྲའ་ཞེས་པ་ཅེ་ཏུའུ་ཧྲིར་བསྐོ་རྒྱུའི་འདུན་པ་ཞུས། གོང་མས་བང་ཆེན་ལ“སུན་ཁྲའོ་ཞེས་པ་དེ་སུ་རེད་དམ”ཞེས་དྲིས་པར། བང་ཆེན་གྱིས་ལན་དུ“ཀྲང་དབྱི་ཁྲའོ་ཧོ་ཞི་རུ་སྡོད་དུས། གོང་མས་སྲིད་གཞུང་གིས་ཐེན་ཕིང་ཅུན2ནས་དམག་མི་ཉིས་སྟོང་ལྔ་བརྒྱ་ལེང་ཀྲོའུ་བསྲུང་དུ་མངགས། ཧོང་ཁྲའོ3ཡིས་ཟིང་ཆ་བསླངས་བ་ནས་བཟུང་། ལེང་ཀྲོའུ་ཡི་བར་དུ་ཏང་ཞང་གིས་ཆོད་པས་ཕ་ཡུལ་གཡུན་ཀྲོའུ4ནས་ཡིན་པའི་མཁར་སྲུང་དམག་མི་ཕལ་ཆེ་བ་ཚེ་ལས་འདས། སུན་ཁྲའོ་དང་མཁར་ནང་གི་མི་ཚང་མ་དེ་དག་གི་བུ་རབས་ཚ་རྒྱུད་རེད”ཅེས་ཞུས།

(བམ་པོ278པའི་ཤོག་ངོས8པ། 9082)

(ཟླ་བཅུ་གཅིག་པ)ཚེས་བརྒྱད་ཀྱི་ཉིན། ཐའོ་ཀྲོའུ་རུ་པའོ་ཧྲུན་ཅུན་བཙུགས་པ་དང་དེར་ཐའོ་ཀྲོའུ་དང་ཧྲན་ཀྲོའུ་སོགས་ལ་འགོ་འདོམས་བྱེད་དུ་བཅུག

(བམ་པོ278པའི་ཤོག་ངོས17པ། 9091)

2 མཆན་འགྲེལ།

1.ཆིང་ཀང་འགག་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཧོན་རྫོང(环县)དུ་ཡོད།

2.ཐེན་ཕིང་ཅུན་ནི་ད་ལྟའི་ཧྲན་ཏུང་ཞིང་ཆེན་ཏུང་ཕིང་རྫོང(东平县)ཁོངས་སུ་ཡོད།

3.ཐང་རྒྱལ་རབས་ཀྱི་དུས་མཇུག་ཏུ་འབངས་གྱེན་ལོག་བྱུང་བའི་འགོ་བ་ཞིག

4.གཡུན་ཀྲོའུ་སྲིད་གཞུང་ད་ལྟའི་ཧྲན་ཏུང་ཞིང་ཆེན་གྱི་ཏུང་ཕིང་རྫོང(东平县)ཁོངས་སུ་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-21

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།