ཆུ་མཆིག་གྲོང་རྡལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆུ་མཆིག་གྲོང་རྡལ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཝུན་ཁྲོན་རྫོང་མངའ་ཁོངས་ཀྱི་གྲོང་རྡལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཆུ་མཆིག་གྲོང་རྡལ།
རྒྱ་ཡིག་གི་མིང་།
水磨镇
སྲིད་འཛིན་རིགས་དབྱེ།
གྲོང་རྡལ།
སྲིད་འཛིན་ཁོངས་གཏོགས།
སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཝུན་ཁྲོན་རྫོང་།
ས་ཁོངས་ཀྱི་ཁ་པར་ཨང་གྲངས།
0837
སྦྲག་སྲིད་ཨང་རྟགས།
624300
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ88.44ཡོད།
མི་གྲངས།
10134
གནམ་གཤིས།
མཐོ་སྒང་ནམ་ཟླ།
1 ​ངོ་སྤྲོད་རགས་བསྡུས།

ཆུ་མཆིག་གྲོང་རྡལ་ནི་ཝུན་ཁྲོན་རྫོང་གི་ཁོངས་སུ་གཏོགས་པའི་གྲོང་རྡལ་ཞིག་ཡིན་ཞིང་། མི་རིགས་གཙོ་བོ་རྒྱ་རིགས་དང་བོད་རིགས། ཆའང་རིགས། ཧེའུ་རིགས་སོགས་གྲངས་ཉུང་མི་རིགས་ལྷན་སྡོད་བྱས་ཡོད། མངའ་ཁོངས་སུ་སྲིད་འཛིན་གྲོང་ཚོ14དང་གྲོང་དམངས་ཚན་ཆུང73དང་སྡོད་དམངས་ཨུ་ཡོན་ཁང1ཡོད། སྤྱི་ལོ2000ལོར་མི་གྲངས10134ཡོད་ལ། དེའི་ནང་ཞིང་ལས་མི་གྲངས9127ཡོད་ཅིང་། ཞིང་ལས་གྲོང་རྡལ་ཆེན་མོ་ཞིག་ཡིན་ལ། རྨོ་འདེབས་དང་གསོ་སྤེལ་གཙོ་བོ་བྱས་པ་ཡིན། ཞིང་ལས་ཐོན་རྫས་གཙོ་བོ་གྲོ་ཡིན་ལ། མ་རྨོས་ལོ་ཏོག་དང་ཞོག་ཁོག སྲན་མའི་རིགས་སོགས་ཡང་ཡོད། སྒོ་ཕྱུགས་གཙོ་བོ་ཕག་དང་ནོར་ལུག་སོགས་ཡོད།

2 སྲིད་འཛིན་ཁོངས་དབྱེ།

མངའ་ཁོངས་སུ་སྲིད་འཛིན་གྲོང་ཚོ་ལའོ་རིན་ཚུན་དང་ཀྲའེ་ཙི་ཕིང་། ཧེ་ཐུའུ་ཕོ། ལེན་ཧྲན་ཕོ། ཏ་ཨན་ཏུང་། ཧོང་ཅ་ཕིང་། ཉིའུ་ཐང་ཀོའུ། ཏ་ཚའོ་ཐོའུ། ཞན་ཧྥེང་ཨན། ཀུའོ་ཅ་པ། ཉིའུ་ཅ་ཀོའུ། མའོ་ཕིང་ཙི། མ་ཅ་ཡིང་། ཏེང་ཚའོ་ཕིང་བཅས་གྲོང་ཚོ14དང་གྲོང་དམངས་ཚན་ཆུང73དང་སྡོད་དམངས་ཨུ་ཡོན་ཁང1ཡོད་དོ།།

3 དཔལ་འབྱོར།

དཔལ་འབྱོར་ནི་ཇ་ལོ་དང་སྨྱུག་མ། ཏ་ལ། སྤྱི་བཞུར། བཀྲག་རྩི་ཤིང་སོགས་ཡོད། བཟོ་ལས་ཁེ་ལས་ལ་གཙོ་བོ་ཤོག་བུའི་བཟོ་གྲྭ་དང་ལས་སྐྲུན་ཨར་ལས་རུ་ཁག རྡོ་རིགས་ཀྱི་བཟོ་གྲྭ། སོ་ཕག་བཟོ་གྲྭ་དང་བཟའ་བཏུང་ཞབས་ཞུ་ལས་རིགས་སོགས་ཡོད།

4 སྤྱི་ཚོགས་ལས་དོན།

གྲོང་རྡལ་ནང་དུ་སློབ་འབྲིང་གཅིག་དང་ལྟེ་གནས་ཆ་ཚང་སློབ་ཆུང་གཉིས། གྲོང་ཚོའི་ཆ་ཚང་སློབ་ཆུང་གཅིག་དང་གྲོང་ཚོའི་སློབ་ཆུང་བཅུ། འཕྲོད་བསྟེན་ཁང་གཅིག་དང་གྲོང་ཚོའི་སྨན་བཅོས་ས་ཚིགས་བཅུ་བདུན། སྦྲག་སྲིད་ཁང་གཅིག ཡིད་རྟོན་དངུལ་ཁང་གཅིག་བཅས་ཡོད་པ་དང་། རིག་གནས་སྒྲིག་ཆས་ལ་གློག་བརྙན་ཁང་དང་རིག་གནས་ས་ཚིགས། རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་ཡོད།

5 ལྗོངས་སྐོར་ལས་རིགས།

སྤྱི་ལོ2008ལོར་ས་འགུལ་ཆེན་པོ་བྱུང་རྗེས་ཀུང་ཏུང་ཞིང་ཆེན་གྱིས་ཆུ་མཆིག་གྲོང་རྡལ་ལ་རོགས་སྐྱོར་བྱས་ཤིང་འཆར་འགོད་ལྟར་ཆུ་མཆིག་གྲོང་རྡལ་དེ་ཆའང་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལྗོངས་སྐོར་གྲོང་རྡལ་ཆུང་ཆུང་ཞིག་བསྐྲུན་ཡོད། སྤྱི་ལོ2010ལོའི་ཟླ11པའི་ཚེས6ཉིན། ཝུན་ཁྲོན་རྫོང་ཆུ་མཆིག་གྲོང་རྡལ་ལ་རྒྱལ་ཁབ་རིམ་པའིAAཡི་ལྗོངས་སྐོར་ས་ཁུལ་གནང་བའོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-16

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།