ཧྥན་ཏུན་ཏེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥན་ཏུན་ཏེ་ནི་རྒྱ་རིགས་ཡིན་ཞིང་སྤྱི་ལོ1941ལོར་སན་ཐའེ་རྫོང་སན་ཐའེ་ཡུལ་ཚོར་སྐྱེས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཀྲང་ཧྥུའུ་ཧྲེང་།
རྒྱ་ཡིག་གི་མིང་།
范敦德
སྐྱེས་ལོ།
སྤྱི་ལོ1941
འདས་ལོ།
སྤྱི་ལོ1989
ཏང་ཞུགས་ལོ།
སྤྱི་ལོ1984
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
སི་ཁྲོན་ཞིང་ཆེན་དབྱི་པེང་གྲོང་ཁྱེར།
ལས་རིགས།
དགེ་རྒན།
1 མི་སྣ་ངོ་སྤྲོད།

ཧྥན་ཏུན་ཏེ་ནི་མོ་རྒྱ་རིགས་ཡིན་ཞིང་སྤྱི་ལོ1941ལོར་སན་ཐའེ་རྫོང་སན་ཐའེ་ཡུལ་ཚོར་སྐྱེས། སྤྱི་ལོ1989ལོའི་ཟླ7པའི་ཚེས22ཉིན་འཛམ་ཁོག་ཡུལ་ཚོ་ནས་རླངས་འཁོར་ནང་ཟུང་ཆུ་རྫོང་དུ་རྔ་བ་ཁུལ་སློབ་གསོ་སྲིད་འཛིན་དོ་དམ་ཞིབ་འཇུག་ཚོགས་འདུའི་ལོ་འཁོར་གྲོས་ཚོགས་སུ་འགྲོ་སྐབས། དེའི་ཉིན་གྱི་ཕྱི་དྲོར་འགྲུལ་སྐྱེལ་རླངས་འཁོར་ཆུ་ཆེན་རྫོང་གི་མངའ་ཁོངས་ནས་རླངས་འཁོར་མགོ་རྟིང་ལོག་པའི་དོན་རྐྱེན་ཁྲོད་ཚེ་ལས་འདས།

2 བྱ་བའི་རྒྱུད་རིམ།

སྤྱི་ལོ1947ལོར་སན་ཡོན་སློབ་ཆུང་དུ་སློབ་སྦྱོང་བྱས།

སྤྱི་ལོ1955ལོར་སན་ཐའེ་རྫོང་གི་སློབ་འབྲིང་སློབ་གྲྭ་གཉིས་པའི་ནང་སློབ་སྦྱོང་བྱས།

སྤྱི་ལོ1958ལོའི་སྟོན་ཁར་ཝེ་ཀྲོའུ་དགེ་འོས་སློབ་གྲྭར་རྒྱུགས་འཕྲོད།མཐར་ཕྱིན་ནས་ཁྲེང་ཏུའུ་དགེ་འོས་སློབ་གྲྭའི་དགེ་རྒན་ལས་བྱེད་འཛིན་གྲྭར་དུས་ཡུན་ལོ་ཕྱེད་ཀྱི་རིང་ལ་སློབ་སྦྱོང་བྱས།

སྤྱི་ལོ1962ལོའི་དཔྱིད་ཀར་འཛམ་ཐང་རྫོང་དུ་བགོས་ནས་དགེ་རྒན་བྱས།

སྤྱི་ལོ1963ལོར་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པའི་ནང་ཞུགས།ལོ་དེའི་ཟླ3པར་རྐ་མདའ་ཡུལ་ཚོའི་མི་དམངས་འཐུས་མིར་བདམས་ཐོན་བྱུང་།

སྤྱི་ལོ1979ལོར་འཛམ་ཁོག་གྲོང་རྡལ་སློབ་ཆུང་དུ་ལས་གནས་སྤོས་ནས་དགེ་རྒན་བྱས།

སྤྱི་ལོ1982ལོར་སློབ་ཆུང་དེའི་སློབ་སྟོན་ཀྲུའུ་རེན་གཞོན་པའི་འགན་ཁུར།

སྤྱི་ལོ1984ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།

སྤྱི་ལོ1986ལོར་སློབ་སྟོན་ཀྲུའུ་རེན་གྱི་འགན་ཁུར།

སྤྱི་ལོ1987ལོར་འབྲིང་རིམ་སློབ་ཆུང་དགེ་རྒན་གྱི་མཚན་གནས་དཔྱད་འཇོག་ཐེངས་དང་བོའི་སྐབས་སུ“སློང་ཆུང་གི་མཐོ་རིམ་དགེ་རྒན”ལ་བདམས།

སྤྱི་ལོ1989ལོའི་དཔྱིད་ཀར་སློབ་གཙོ་གཞོན་པའི་འགན་ཁུར། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-21

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།