འགྱུར་རྣམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འགྱུར་རྣམ་ནི་སྤྱི་ལོ1908ལོར་ཕ་ཡུལ་དཀར་མཛེས་ས་ཆར་སྐྱེས། གཞོན་ནུ་ལོ་ཆུང་གི་དུས་སྐབས་ནས་བོད་ཡིག་དང་བོད་སྨན་སྦྱངས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
འགྱུར་རྣམ།
རྒྱ་ཡིག་གི་མིང་།
聂尔郎
སྐྱེས་ལོ།
སྤྱི་ལོ1908
འདས་ལོ།
སྤྱི་ལོ1984
མི་རིགས།
བོད་རིགས།
སྐྱེས་ཡུལ།
དཀར་མཛེས།
ལས་རིགས།
སྨན་པ།
1 ​མི་སྣ་ངོ་སྤྲོད།

འགྱུར་རྣམ་ནི་སྤྱི་ལོ1908ལོར་ཕ་ཡུལ་དཀར་མཛེས་ས་ཆར་སྐྱེས།  གཞོན་ནུ་ལོ་ཆུང་གི་དུས་སྐབས་ནས་བོད་ཡིག་དང་བོད་སྨན་སྦྱངས།

2 བྱ་བའི་རྒྱུད་རིམ།

སྤྱི་ལོ1950ལོར་རྡོ་ཁོག་ཏུ་གནས་སྤོས་ནས་སྤྲུལ་སྐུ་ཐུབ་པའི་གཉེར་བ་བྱས།

སྤྱི་ལོ1959ལོར་ན་མདའ་ཡུལ་ཚོའི་གསང་ལུང་གྲོང་ཚོར་གནས་སྤོས།

སྤྱི་ལོ1964ལོར་སྨན་ལས་བྱས་ཤིང་། རྐང་མར་གཉན་ཚད་ལ་སྨན་བཅོས་མཁས། སྨན་བཅོས་བྱས་པ་ཚང་མར་ཕན་པ་ཁྱད་པར་བྱུང་པ་དང་་རྫོང་ཕྱི་ནང་དུ་སྙན་གྲགས་ཆེ་བས། མཚོ་སྔོན་པདྨ་དང་རྔ་བ། འབར་ཁམས། གསེར་རྟ་སོགས་ཀྱི་ནད་པ་མང་པོར་སྨན་བཅོས་བྱས།

སྤྱི་ལོ1970ལོར་རྡོ་པོ་སློབ་མར་བསྡུས་ནས་དམར་ཁྲིད་དང་ཉམས་ཁྲིད་སྒོས་སྨན་བཅོས་བྱས་ནས་སྲོག་སྐྱོབ་ཚུལ་ཚང་མ་ཁྲིད།

སྤྱི་ལོ1984ལོའི་ལོ་སྟོད་དུ་འགྱུར་མེད་ལ་ནད་ཕོག དེའི་སྐབས་སུ་གསེར་རྟའི་རྐང་མར་གཉན་ཚད་ཅན་ཞིག་གིས་ཁྱིམ་ནང་དུ་སྨན་བཅོས་བྱེད་པར་གདན་འདྲེན་ཞུས་ནས་སྨན་བཅོས་སུ་སོང་ཞིང་། སྨན་བཅོས་ཟབ་མོ་བྱས་ནས་དྲག  འགྱུར་རྣམ་ཕྱིར་ཁྱིམ་ནང་ཐོན་དུས་ནད་གཞི་ཇེ་ལྗིད་དུ་སོང་ནས་ལོ་དེའི་ཟླ2པར་ཚེ་ལས་འདས་སོ།།


བརྡ་འགྲེལ་གདོང་འཛར།

མི་སྣ། སྨན་པ། གསོ་བ་རིག་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-21

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།