ཡུང་ཧུའེ་ཁྲི་ལོ་དང་པོའི་སྐབས་ཀྱི་བོད་ཀྱི་ལོ་རྒྱུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱའི་གནའ་དུས་ཀྱི་ལོ་རྒྱུས་དེབ་ཐེར《སྲིད་སྐྱོང་མེ་ལོང》དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་བ་ལས་ཡུང་ཧུའེ་ཁྲི་ལོ་དང་པོའི་སྐབས་ཀྱི་བོད་དང་འབྲེལ་བའི་ལོ་རྒྱུས།
1 ​འགྱུར་ཡིག

ཡུང་ཧུའེ་ཁྲི་ལོ་དང་པོ།(སྤྱི་ལོ650པ)

ཟླ་ལྔ་པའི་ཚེས་ཉེར་བཞིའི་ཉིན། བོད་ཀྱི་བཙན་པོ་སྲོང་བཙན་འདས།དེའི་བུ་སྔ་མོ་ནས་ཚེ་མ་ཟིན་པས་ཚ་བོ་བཙན་པོར་བསྐོས། བཙན་པོ་གསར་པ་ལོ་ན་ཆུང་བས་སྲིད་དོན་མཐའ་དག་བློན་ཆེན་པོ་མགར་སྟོང་བཙན་གྱིས་བསྐྱངས། མགར་སྟོང་བཙན་ནི་བློ་རིག་བཀྲ་ཞིང་བློ་དཀྱེལ་ཡངས་པ། སྒམ་ཞིང་བརླིང་བ། དྲག་པོའི་དཔུང་གི་སྦྱོར་བར་མཁས་པ་ཞིག་ཡིན། བོད་སྟོབས་ཤུགས་ཆེན་པོ་ཡོད་པ་དང་ཏི་དང་ཆཱང་རྣམས་ཟིལ་གྱིས་མནན་པ་ཚང་མ་མགར་སྟོང་བཙན་གྱི་ཐབས་ཇུས་ལ་བརྟེན་པ་རེད།

(བམ་པོ199པའི་ཤོག་ངོས16པ། 6271)

2 མཆན་འགྲེལ།

1.འདི་ཏུན་ཧོང་ཡིག་རྙིང་དུ་སྤྱི་ལོ650པའི་གནས་ཚུལ་བཀོད་པའི་གོང་དུ“དེ་ནས་ལོ་དྲུག་ནའ། བཙན: པོ: ཁྲི་སྲོང་རྩན: དགུང་དུ་གཤེགས་སོ། བཙན་མོ:མུན་ཅང་ཀོང་ཅོ:དང: དགུང་ལོ:གསུམ་བཤོས་སོ”ཞེས་པ་དང་མཐུན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-05-11

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།