བྱེ་བྲག་རྟོགས་བྱེད་ཆུང་ངུ་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

<<སྒྲ་སྦྱོར་བམ་པོ་གཉིས་པ>>འི་མཇུག་བྱང་དུ་བྱེ་བྲག་རྟོགས་བྱེད་ཆེ་འབྲིང་ཆུང་གསུམ་ཡོད་ཚུལ་གསུངས་པའི<<བྱེ་བྲག་རྟོགས་བྱེད་ཆུང་ངུ>>ཞེས་པའི་བསྟན་བཅོས་དེ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་མཛད་པའི<<ཆོས་ཀྱི་རྣམ་གྲངས་ཀྱི་རྩ་བ་དང་འགྲེལ་པ>>ཡིན།
1 ངོ་སྤྲོད་མདོར་བསྡུས།

<<སྒྲ་སྦྱོར་བམ་པོ་གཉིས་པ>>འི་མཇུག་བྱང་དུ་བྱེ་བྲག་རྟོགས་བྱེད་ཆེ་འབྲིང་ཆུང་གསུམ་ཡོད་ཚུལ་གསུངས་པའི<<བྱེ་བྲག་རྟོགས་བྱེད་ཆུང་ངུ>>ཞེས་པའི་བསྟན་བཅོས་དེ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་མཛད་པའི<<ཆོས་ཀྱི་རྣམ་གྲངས་ཀྱི་རྩ་བ་དང་འགྲེལ་པ>>ཡིན་ཞེས་མཁས་པའི་གསུང་སྒྲོས་ཀྱི་རྗེས་སུ་འབྲངས་ཏེ་གཞུང་དེ་ཉིད་རྩད་འཚོལ་བགྱིས་པ་ལས། <<སྡེ་དགེའི་བསྟན་འགྱུར>>སྣ་ཚོགས་ཇོ་པར<<ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་གི་རྩ་བ>>དང<<ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང>>ཞེས་པའི་བསྟན་བཅོས་གཉིས་བཞུགས་འདུག  

2  མཚན་གྱི་བྱུང་བ།

ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་མཛད་པའི<<ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་གི་རྩ་བ>>དང<<ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང>>ཞེས་པའི་བསྟན་བཅོས་གཉིས་པོའི་གཞིའམ་ཁུངས་གཏུགས་ས་ནི་བྱེ་བྲག་རྟོགས་བྱེད་ཆེ་འབྲིང་གཉིས་པོ་ཡིན་པ་གང་ཞིག་བྱེ་བྲག་རྟོགས་བྱེད་རྟོགས་བྱེད་ཆེན་པོའི་རྒྱ་མཚོའི་དབུས་ནས་ཐ་སྙད་ཆུང་ངུའམ་གོ་སླ་བའི་ཆ་ཤས་ཤིག་བྱེ་བྲག་སོ་སོར་རྟོགས་པར་བྱ་བའི་སླད་རྣམ་གྲངས་འདྲེན་པའི་གཞུང་ཞིག་ལགས་པས་མིག་སྔར<<བྱེ་བྲག་རྟོགས་བྱེད་ཆུང་ངུ>>འི་ཚུལ་དུ་འཇོག་པ།

3  ནང་དོན་མདོར་བསྡུས།

གཞུང་འདི་གཉིས་པོ་ནི་ཨཱ་ཙཱརྱ་དཔལ་བརྩེགས་ཀྱིས་མཛད་ཅིང་། <<ཆོས་ཀྱི་རྣམ་གྲངས་ཀྱི་རྩ་བའི་བརྗེད་བྱང>>དུ་ནང་རིག་པའི་སྐོར་གྱི་ཐ་སྙད་ཁོ་ནའི་རྣམ་གྲངས་དྲངས་ཡོད་པ་དང་། <<ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང>> ནི་དེའི་འགྲེལ་བ་རེད་འདུག དེ་ཡང<<བྱེ་བྲག་རྟོགས་བྱེད་ཆེན་མོ>>ར་ཐ་སྙད་ཀྱི་རྣམ་གྲངས་མང་ཞིང་ཕུན་སུམ་ཚོགས་པ་སྟེ་རིག་པའི་སྒོ་ཀུན་གྱི་མིང་དང་ཚིག་བསྡུས་པ་ལས། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་དོན་འདུས་ཆེ་ཞིང་སྤྱོད་སྒོ་ཡངས་ལ་སྙིང་པོར་གྱུར་པ་རྣམས་ལེགས་པར་བཏུས་ཏེ་གཞུང་འདིར་བཀོད་པ།

4  རིགས་ཚན་ཆེ་བ་བཞི་བཅུ།

1.ཕུང་བོ་ལྔ།

2.སྐྱེ་མཆེད་བཅུ་གཉིས།

3.ཁམས་བཅོ་བརྒྱད།

4.རྟེན་ཅིང་འབྲེལ་བ།

5.རྐྱེན་དྲུག

6.རྒྱུ་དྲུག

7.རྐྱེན་བཞི།

8.འབྲས་བུ་ལྔ།

9.བདེན་པ་གཉིས།

10.མཚད་ཉིད་གསུམ།

11.ཆོས་ལྔ།

12.བདག་མེད་པ་གཉིས།

13.ཐེག་པ་གསུམ།

14.དཀོན་མཆོག་གསུམ།

15.བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན།

16.ལམ་ལྔ།

17.ཕ་རོལ་ཏུ་ཕྱིན་པ་བཅུ།

18.བྱང་ཆུབ་སེམས་དཔའི་ས་བཅུ།

19.སངས་རྒྱས་ཀྱི་ཡེ་ཤེས་བཞི།

20.སངས་རྒྱས་ཀྱི་སྐུ་གསུམ།

21.དེ་བཞིན་གཤེགས་པའི་སོ་སོ་ཡང་དག་པ་རིག་པ་བཞི།

22.དེ་བཞིན་གཤེགས་པ་མི་འཇིགས་པ་བཞི།

23.དེ་བཞིན་གཤེགས་པ་མངོན་པར་ཤེས་པ་དྲུག

24.དེ་བཞིན་གཤེགས་པ་སྟོབས་བཅུ།

25.དབང་བཅུ།

26.སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད།

27.སྡེ་སྣོད་གསུམ།

28.གསུང་རང་ཡན་ལག་བཅུ་གཉིས།

29.དགོངས་པ་བཞི།

30.ལྡེམ་པོར་དགོངས་པ་བཞི།

31.བདེན་པ་བཞི།

32.ཉན་ཐོས་ཀྱི་ཤེས་པ་བཅུ་དྲུག

33.ཉན་ཐོས་ཀྱི་རྣམ་པར་བྲལ་བའི་ལམ་བརྒྱད།

34.རང་སངས་རྒྱས་གཉིས།

35.འཇིག་རྟེན་གྱི་ལམ་བརྒྱད།

36.རྣམ་པར་ཐར་པ་བརྒྱད།

37.ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད།

38.མཐར་གནས་པའི་སྙོམས་པར་འཇུག་པ་དགུ

39.ཟད་པར་གྱི་སྐྱེ་མཆེད་བཅུ།

40.སེམས་ཅན་གྱི་ཁམས་གསུམ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-12

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།