བྱེ་བྲག་རྟོགས་བྱེད་ཆེ་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དེ་ཡང་བྱེ་བྲག་རྟོགས་པར་བྱེད་པའམ་ཡོངས་གྲགས་སུ་བྱེ་བྲག་རྟོགས་བྱེད་ཆེ་མོ་ཞེས་པའི་སཾ་བོད་ཤན་སྦྱར་གྱི་ཚིག་མཛོད་ཆེན་པོ་དེ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་དུ་མཁན་པོ་དང་ལོ་ཙཱ་བ་རྣམས་ཚོགས་ནས་བཀས་བཅད་ཀྱིས་གཏན་ལ་ཕབ་པ་ཞིག་ཡིན་པར་གྲགས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
བྱེ་བྲག་རྟོགས་པར་བྱེད་པ། བྱེ་བྲག་རྟོགས་བྱེད་ཆེ་མོ།
རྒྱ་ཡིག་གི་མིང་།
翻译名义大集
དུས་ཚོད།
བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས།
1 ​ངོ་སྤྲོད་མདོར་བསྡུས།

དེ་ཡང་བྱེ་བྲག་རྟོགས་པར་བྱེད་པའམ་ཡོངས་གྲགས་སུ་བྱེ་བྲག་རྟོགས་བྱེད་ཆེ་མོ་ཞེས་པའི་སཾ་བོད་ཤན་སྦྱར་གྱི་ཚིག་མཛོད་ཆེན་པོ་དེ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་དུ་མཁན་པོ་དང་ལོ་ཙཱ་བ་རྣམས་ཚོགས་ནས་བཀས་བཅད་ཀྱིས་གཏན་ལ་ཕབ་པ་ཞིག་ཡིན་པར་གྲགས། དེ་སྔོན་ཐོན་མིས་ཐུབ་པའི་བསྟན་བཅོས་ཐོག་མ་བསྒྱུར་བ་ནས་བཟུང་བཙན་པོ་རིམ་བྱོན་གྱི་སྐུ་རིང་དུ་རྒྱ་བོད་ཀྱི་ལོ་ཙཱ་བ་ཚོས་བརྡ་གསར་རྙིང་གང་བྱུང་དུ་སྤྱད་པ་དང་ཡུལ་སྐད་ཀྱིས་བསླད་པ་སོགས་ཀྱི་རྐྱེན་པས་འགྱུར་མ་རྣམས་ཀྱི་ཐ་སྙད་གཅིག་མཐུན་མེད་རྐྱེན་དམ་ཆོས་གཙོས་པའི་རིག་པའི་གནས་མཐའ་དག་སྤེལ་བའི་གེགས་སུ་གྱུར།དེར་བརྟེན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་ལྟར་མཁན་པོ་དང་ལོ་ཙཱ་བ་རྣམས་འཚོགས་ཏེ། སྔ་འགྱུར་མ་དག་པ་རྣམས་བཅོས་ཤིང་། རྒྱ་གར་དང་། རྒྱ་ནག  ཟ་ཧོར། ཁ་ཆེ་སོགས་ནས་བསྒྱུར་བའི་ཐ་སྙད་མི་འདྲ་བ་རྣམས་གཅིག་གྱུར་བཟོས་ཏེ་མདོ་ཕྱོགས་ཀྱི་ནང་དོན་གཙོར་བྱས་པའི་མིང་ཚིག་དགུ་སྟོང་ལྷག་ཙམ་སཾ་བོད་ཤན་སྦྱར་བྱས་ཏེ་གཏན་ལ་ཕབ་ཐོག་དཀར་ཆག་ཏུ་བཀོད་པ་མ་ཟད་ཕྱིས་གཞུང་དེ་ལས་འགལ་མི་ཆོག་པའི་བཀས་བཅད་པས་བཀའ་ཁྲིམས་གསེར་གྱི་གཉའ་ཤིང་ལྟར་ནན་གྱིས་བརྩི་སྲུང་བྱས་པའོ།།

2 ལོ་རྒྱུས་དོན་སྙིང་།

<<བྱེ་བྲག་རྟོགས་བྱེད་ཆེ་མོ>>ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་དུས་བཀས་བཅད་དང་པོ་གནང་བའི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པ་གདོན་མི་ཟ། དེའི་དོན་སྙིང་ནི་སྔོན་ཐོན་མིས་བོད་ཀྱི་ཡིག་རྙིང་གསར་བཅོས་དང་གངས་ལྗོངས་སྤྱིའི་སྐད་འགྲོས་སུ་འཇུག་ནུས་པའི་བརྡ་སྤྲོད་ཀྱི་གཞུང་ལུགས་བརྩམས་པ་འདི་ལ་གཞིར་བཟུང་ནས་དེ་སྔའི་དར་ཁྱབ་ཆེ་བའི་ཡིག་རྙིང་འཇུག་སྲོལ་རྣམས་གཅིག་མཐུན་བཟོ་བཅོས་དང་། ས་ཕྱོགས་ཁག་ནས་ཕེབས་པའི་ལོ་ཙཱ་བ་ཚོས་རང་ཡུལ་སྐད་སྲོལ་སྤངས་ཏེ།  སྐད་ལུགས་ངེས་སྲོལ་ཅན་དུ་གཅིག་གྱུར་བྱས་ཤིང་།  ད་ནས་དེ་རྗེས་སུ་དམ་པའི་ཆོས་གཞུང་སམ་བོད་སྒྲ་འགྱུར་སྐབས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་རྣམས་ཚད་ལྡན་ངེས་སྲོལ་གྱི་བརྡ་སྤྲོད་གཞུང་དང་བསྟུན་ཏེ་མིང་བརྡ་ཚིག་སྦྱོར་གཞི་གཅིག་ཏུ་བཅོས་ནས་དཀར་ཆག་ཏུ་བཀོད་པ་ཀུན་གྱིས་བསླབ་ཏུ་རུང་བ་བྱས་པ་ཡིན།

3 <<སྡེ་དགེའི་བསྟན་འགྱུར(སྣ་ཚོགས་ཅོ་པ)>>ནང་བཞུགས་པའི་དཀར་ཆག་གི་གོ་རིམ།

1.སངས་རྒྱས་ཀྱི་མཚན་དང་སྐུ་དང་ཆེ་བ་ཉིད་ཀྱི་རྣམ་གྲངས་ཀྱི་མིང་།

2.དེ་བཞིན་གཤེགས་པ་སོ་སོའི་མཚན་གྱི་མིང་།

3.སངས་རྒྱས་ཀྱི་ས་དང་མི་མཉམ་པ་དང་མཉམ་པའི་ཕུང་པོ་ལྔ་དང་ཡེ་ཤེས་བཞི་དང་སྐུ་གསུམ་སོགས་ཀྱི་མིང་།

4.དེ་བཞིན་གཤེགས་པའི་སྟོབས་བཅུའི་མིང་།

5.དེ་བཞིན་གཤེགས་པའི་མི་འཇིགས་པ་བཞིའི་མིང་།

6.སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་མིང་།

7.དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་སུམ་ཅུ་རྩ་གཉིས་ཀྱི་མིང་།

8.མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་གྱི་མིང་།

9.བསྲུང་བ་མེད་པ་བཞིའི་མིང་།

10.སོ་སོ་ཡང་དག་པར་རིག་པ་བཞིའི་མིང་།

11.མངོན་པར་ཤེས་པ་ལྔའི་མིང་།

12.མངོན་པར་ཤེས་པ་དྲུག་གི་སྐབས་ནས་བྱུང་བའི་མིང་།

13.ཆོ་འཕྲུལ་གསུམ་གྱི་མིང་།

14.སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་མིང་།

15.དཔེ་བྱད་བཟང་པོ་བརྒྱད་ཅུའི་མིང།

16.དེ་བཞིན་གཤེགས་པའི་ཆེ་བ་མདོ་སྡེ་ལས་བྱུང་བའི་མིང་།

17.དབྱངས་ཀྱི་ཡན་ལག་དྲུག་ཅུའི་མིང་།

18.ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ནང་ནས་བྱུང་བའི་ཏིང་ངེ་འཛིན་གྱི་མིང་།

19.བྱང་ཆུབ་སེམས་དཔའ་སྤྱིའི་མཚན་ལ་སོགས་པའི་མིང་།

20.བྱང་ཆུབ་སེམས་དཔའ་སོ་སོའི་མཚན་ལ་སོགས་པའི་མིང་།

21.བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་མིང་།

22.བྱང་ཆུབ་སེམས་དཔའི་གཟུངས་བཅུ་གཉིས་ཀྱི་མིང་།

23.བྱང་ཆུབ་སེམས་དཔའི་སྟོབས་བཅུའི་མིང་།

24.བྱངས་ཆུབ་སེམས་དཔའི་དབང་བཅུའི་མིང་།

25.བྱང་ཆུབ་སེམས་དཔའི་མི་འཇིགས་པ་བཞིའི་མིང་།

26.བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་མིང་།

27.མདོ་སྡེ་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐོག་ཐོག་སྨྲོས་པའི་མིང་།

28.བྱང་ཆུབ་སེམས་དཔའི་སའི་མིང་།

29.མོས་པས་སྤྱོད་པའི་སའི་མིང་།

30.མོས་པས་སྤྱོད་པའི་ས་ལ་ཆོས་སྤྱོད་བཅུའི་མིང་།

31.ཕ་རོལ་ཏུ་ཕྱིན་པ་བཅུའི་མིང་།

32.བསྡུ་བའི་དངོས་པོ་བཞིའི་མིང་།

33.བསླབ་པ་གསུམ་གྱི་མིང་།

34.སྟོང་བ་ཉིད་བཅོ་བརྒྱད་ཀྱི་མིང་།

35དྲན་པ་ཉེ་བར་གཞག་པ་བཞིའི་མིང་།

36.ཡང་དག་པ་སྤོང་བར་བཞིའི་མིང་།

37.རྫུ་འཕྲུལ་གྱི་རྐང་པ་བཞིའི་མིང་།

38.དབང་པོ་ལྔའི་མིང་།

39.སྟོབས་ལྔའི་མིང་།

40.བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མིང་།

41.འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་མིང་།

42.རང་སངས་རྒྱས་ཀྱི་རིམ་པའི་མིང་།

43.ཉན་ཐོས་ཀྱི་གང་ཟག་གི་རིམ་པའི་མིང་།

44.ཉན་ཐོས་སོ་སོའི་མིང་།

45.ཉན་ཐོས་ཀྱི་ཡོན་ཏན་གྱི་མིང་།

46.སྦྱངས་བའི་ཡོན་ཏན་བཅུའི་མིང་།

47.ཉན་ཐོས་ཀྱི་སའི་མིང་།

48.རྗེས་སུ་དྲན་པ་དྲུག་གི་མིང་།

49.དབུགས་ཕྱི་ནང་དུ་རྒྱུ་བ་བགྲང་བའི་རིམ་པའི་མིང་།

50.འཕགས་པའི་བདེན་པ་བཞི་རྣམ་པ་བཅུ་དྲུག་ཏུ་ཕྱེ་བའི་མིང་།

51.ངེས་པར་འབྱེད་པའི་ཆ་དང་མཐུན་པའི་རིམ་པའི་མིང་།

52.སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་གི་མིང་།

53.ཤེས་པ་བཅུའི་མིང་།

54.ལམ་བཞིའི་མིང་།

55.ཐེག་པའི་རྣམ་པའི་མིང་།

56.དབང་པོའི་རིམ་པའི་མིང་།

57.རིགས་ལྔའི་མིང་།

58.དམ་པའི་ཆོས་ཀྱི་རྣམ་གྲངས་ཀྱི་མིང་།

59.ཆོས་ཀྱི་འཁོར་ལོའི་མིང་།

60.དམ་པོའི་ཆོས་ཀྱི་མིང་།

61.ཞལ་ནས་གསུངས་པ་དང་ཚིག་ལེའུར་བྱས་པ་ལ་སོགས་པའི་མིང་།

62.བསམ་གཏན་བཞི་ལ་སོགས་ཀྱི་མིང་།

63སྙོམས་པར་འཇུག་པའི་མིང་།

64.ཚད་མེད་བཞིའི་རྒྱུད་ཀྱི་མིང་།

65.རྣམ་པར་ཐར་པ་བརྒྱད་ཀྱི་མིང་།

66.ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ཀྱི་མིང་།

67.ཟད་པར་གྱི་སྐྱེ་མཆེད་བཅུའི་མིང་།

68.རྣམ་པར་ཐར་པའི་སྒོ་གསུམ་གྱི་མིང་།

69.རྟོན་པ་བཞིའི་མིང་།

70.ཤེས་རབ་རྣམ་པ་གསུམ་གྱི་མིང་།

71.རིག་པའི་གནས་ལྔའི་མིང་།

72.ཆོས་ཡང་དག་པར་ལེན་པ་བཞིའི་མིང་།

73.ནོར་བདུན་གྱི་མིང་།

74.བླ་ན་མེད་པ་དྲུག་གི་མིང་།

75.བྱིན་གྱིས་བརླབས་པ་བཞིའི་མིང་།

76.མཆོག་ཏུ་དགའ་བ་སྔོན་དུ་འགྲོ་བའི་ཆོས་དགའི་མིང་།

77.འབྱུང་བར་འོས་པའི་ཁམས་དྲུག་གི་མིང་།

78.ལྷ་དང་མི་རྣམས་ཀྱི་འཁོར་ལོ་བཞིའི་མིང་།

79.དཀའ་ཐུབ་ལ་གནས་པ་དང་སྡོམ་པ་འཛིན་ཞིང་སྤྱོད་པ་ལ་སོགས་པའི་མིང་།

80.རྣལ་འབྱོར་སྤྱོད་པ་དང་རྣལ་འབྱོར་གྱི་ཡན་ལག་གི་མིང་།

81.ལུང་བསྟན་པ་བཞིའི་མིང་།

82.མཚད་ཉིད་གསུམ་གྱི་མིང་།

83.དགོངས་པ་བཞིའི་མིང་།

84.ལྡེམ་པོར་དགོངས་པ་བཞིའི་མིང་།

85.ཞི་གནས་ལྷག་མཐོང་ལ་སོགས་པའི་མིང་།

86.མི་དགེ་བ་བཅུའི་མིང་།

87.དགེ་བ་བཅུའི་ལས་ཀྱི་མིང་།

88.བསོད་ནམས་བྱ་བའི་དངོས་པོ་བཞིའི་མིང་།

89.དོན་དམ་པའི་མིང་།

90.མྱ་ངན་ལས་འདས་པ་ལ་སོགས་པའི་མིང་།

91.སྐྱབས་རྣམས་ཀྱི་མིང་།

92.རི་མོར་བྱ་བའི་རྣམ་པའི་མིང་།

93.སྤྲོ་ཞིང་བརྩོན་པ་ལ་སོགས་པའི་མིང་།

94.མི་འཛེམ་པའི་མིང་།

95.ཕུང་བོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་མིང་།

96.གཟུགས་ཀྱི་ཕུང་པོ་སོ་སོར་ཕྱེ་བའི་མིང་།

97.ཚོར་བའི་ཕུང་པོ་སོ་སོར་ཕྱེ་བའི་མིང་།

98.འདུ་ཤེས་ཀྱི་ཕུང་པོ་སོ་སོར་ཕྱེ་བའི་མིང་།

99.སེམས་དང་མཚུངས་པར་ལྡན་པའི་འདུ་བྱེད་དང་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་མིང་།

100.རྣམ་པར་ཤེས་པའི་མིང་།

101.སྐྱེ་མཆེད་བཅུ་གཉིས་ཀྱི་མིང་།

102.ཁམས་བཅོ་བརྒྱད་ཀྱི་མིང་།

103.དབང་པོ་ཉི་ཤུ་རྩ་གཉིས་ཀྱི་མིང་།

104.ཕུང་པོ་ཁམས་དང་སྐྱེ་མཆེད་དང་དབང་བོ་བཤད་པའི་ནང་ནས་འབྱུང་བའི་མིང་།

105.ཆགས་པ་དང་ཞེན་པའི་རྣམ་པའི་མིང་།

106.སྡུག་བསྔལ་གསུམ་གྱི་མིང་།

107སྡུག་བསྔལ་བརྒྱད་ཀྱི་མིང་།

108.རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱི་མིང་།

109.རྒྱུ་དྲུག་གི་མིང་།

110.རྐྱེན་བཞིའི་མིང་།

111.འབྲས་བུ་ལྔའི་མིང་།

112.སྐྱེ་གནས་བཞིའི་མིང་།

113ཟས་བཞིའི་མིང་།

114.སེམས་ཅན་གྱི་གནས་དགུའི་མིང་།

115.མི་ཁོམ་པའི་གནས་བརྒྱད་ཀྱི་མིང་།

116.ལས་ཀྱི་རྣམ་པར་སྨིན་པ་ལ་སོགས་པའི་མིང་།

117.མཚམས་མེད་ལྔའི་མིང་།

118.མཚམས་མེད་ལྔ་དང་ཉེ་བ་ལྔའི་མིང་།

119.སྙིགས་མ་ལྔའི་མིང་།

120.འཇིག་རྟེན་ཆོས་བརྒྱད་ཀྱི་མིང་།

121.ཡོན་ཏན་སྣ་ཚོགས་ཀྱི་མིང་།

122.སྐྱོན་དུ་བརྩི་བའི་མིང་།

123.བླ་ན་མེད་པ་དང་མཆོག་ཏུ་བརྩི་བའི་རྣམ་གྲངས་ཀྱི་མིང་།

124.ཡང་དག་པའམ་གྲོལ་བ་ལ་སོགས་པའི་མིང་།

125.སྤངས་བ་དང་དོར་བ་ལ་སོགས་པའི་མིང་།

126.བསྟོད་པ་དང་སྨད་པ་དང་གྲགས་པའི་རྣམ་གྲངས་ཀྱི་མིང་།

127.མཐུན་པ་དང་མི་མཐུན་པ་ལ་སོགས་པའི་མིང་།

128.ཆེ་ཆུང་དང་མཐོ་དམན་ལ་སོགས་པའི་མིང་།

129.བཤེས་པའི་རིམ་པ་དང་ཕས་ཀྱི་རྒོལ་བ་ལ་སོགས་པའི་མིང་།

130.དགེ་བ་དང་ཤིས་པའི་མིང་།

131.ཆོས་སྨྲ་བ་དང་ཉན་པ་དང་སྒྲ་སྐད་ཀྱི་མིང་།

132.སྒྱུ་མ་ལ་སོགས་པའི་དཔེའི་མིང་།

133.གཏོང་བ་དང་མཆོད་སྦྱིན་བྱེད་པ་ལ་སོགས་པའི་མིང་།

134.ཕན་པ་དང་ཕན་པའི་རྣམ་པའི་མིང་།

135.བློ་དང་བྱེ་བྲག་ཕྱེད་པའི་རྣམ་པའི་མིང་།

136.མཁས་པའི་རྣམ་གྲངས་ཀྱི་མིང་།

137.ཟབ་པའི་རྣམ་གྲངས་ཀྱི་མིང་།

138.དགའ་བའི་རྣམ་གྲངས་ཀྱི་མིང་།

139.ཁྲོ་ཞིང་གཏུམ་པའི་རྣམ་པ་དང་གནོད་པའི་མིང་།

140.གང་ཟག་བཞིའི་མིང་།

141.ཚེ་འདི་དང་ཕྱི་མ་དང་འཆི་བ་འཕོ་བའི་རྣམ་པའི་མིང་།

142.དབེན་པའི་རྣམ་པའི་མིང་།

143.གནས་བཞིའི་མིང་།

144.ས་གཡོས་པའི་རྣམ་པའི་མིང་།

145.འོད་ཀྱི་མིང་།

146.སྟོང་ཆེ་ཆུང་ལ་སོགས་པའི་མིང་།

147.གླིང་བཞིའི་མིང་།

148.ཁམས་གསུམ་པའི་རིམ་པའི་མིང་།

149.འདོད་པའི་ཁམས་ཀྱི་ལྷའི་མིང་།

150.བསམ་གཏན་དང་པོའི་ལྷའི་མིང་།

151.བསམ་གཏན་གཉིས་པའི་སའི་མིང་།

152.བསམ་གཏན་གསུམ་པའི་སའི་མིང་།

153.བསམ་གཏན་བཞི་པའི་སའི་མིང་།

154.གནས་གཙང་མའི་སའི་མིང་།

155.གཟུགས་མེད་པའི་སའི་མིང་།

156.འཇིག་རྟེན་པའི་ལྷའི་མིང་།

157.གཟའ་དགུའི་མིང་།

158.རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་མིང་།

159.ལྷ་དང་ཀླུ་ལ་སོགས་པའི་མིང་།

160.ཀླུ་རྒྱལ་པོའི་མིང་།

161.ཀླུ་ལ་ལ་བའི་མིང་།

162.གནོད་སྦྱིན་གྱི་དབང་པོའི་མིང་།

163.དྲི་ཟའི་དབང་པོའི་མིང་།

164.ལྷ་མ་ཡིན་གྱི་དབང་པོའི་མིང་།

165.ནམ་མཁའ་ལྡིང་གི་དབང་པོའི་མིང་།

166.མིའམ་ཅིའི་དབང་པོའི་མིང་།

167.ལྟོ་འཕྱེ་ཆེན་པོའི་དབང་པོའི་མིང་།

168.གྲུལ་བུམ་གྱི་དབང་པོའི་མིང་།

169.དྲང་སྲོང་ཆེན་པོའི་མིང་།

170.སྔོན་གྱི་མཁན་པོའི་མིང་།

171.ཡ་མཚན་ཅན་གྱི་མིང་།

172.མུ་སྟེགས་ཅན་གྱི་སྟོན་པ་དྲུག་གི་མིང་།

173.འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྒྱུད་ཀྱི་མིང་།

174.འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཡོན་ཏན་དང་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་མིང་།

175.བུ་སྟོང་དུ་ཚང་བར་འགྱུར་བའི་མིང་།

176.དཔུང་ཚོགས་ཡན་ལག་བཞིའི་མིང་།

177.རྒྱལ་པོ་ཕལ་པའི་མིང་།

178.སྐྱ་སེང་གི་བུ་ལ་སོགས་པའི་མིང་།

179.མིའི་རིམ་པའི་མིང་།

180.མིའི་རིགས་སྣ་ཚོགས་ཀྱི་མིང་།

181.ཕ་མ་ལ་སོགས་པ་གཉེན་བཤེས་ཀྱི་མིང་།

182.ལུས་དང་ལུས་ཀྱི་ཡན་ལག་ལ་སོགས་པའི་མིང་།

183.ལུས་སུ་འགྱུར་བའི་རིམ་པའི་མིང་།

184.ན་ཚོད་ཀྱི་རིམ་པའི་མིང་།

185.རྒས་པ་དང་ན་བའི་རྣམ་པའི་མིང་།

186.ཡུལ་གྱི་མིང་།

187.རིའི་མིང་།

188.རྒྱ་མཚོའི་མིང་གི་རྣམ་གྲངས་དང་ཆུ་དང་གླིང་ལ་སོགས་པའི་མིང་།

189.ཤིང་གི་མིང་།

190.སྔགས་ཀྱི་རྒྱུད་དུ་བྱུང་བའི་མིང་།

191.ལྟས་དང་མཚན་མར་གཟུང་བའི་མིང་།

192.ཚད་མ་དང་རྟོག་གེ་པའི་གཞུང་ལས་བྱུང་བའི་མིང་།

193.མུ་སྟེགས་རིགས་པ་ཅན་གྱི་གཞུང་ལས་བྱུང་བའི་མིང་།

194.གྲངས་ཅན་གྱི་གཞུང་ལས་བྱུང་བའི་མིང་།

195.དཔྱོད་པ་ཅན་གྱི་གཞུང་ལས་བྱུང་བའི་མིང་།

196.བྱེ་བྲག་པའི་ཚིག་གི་དོན་དྲུག་ལ་སོགས་པའི་མིང་།

197.ལྟ་བ་སྣ་ཚོགས་ཀྱི་མིང་།

198.ལུང་དུ་མ་བསྟན་པའི་ཆོས་བཅུ་བཞིའི་མིང་།

199.མུ་སྟེགས་ཅན་གྱི་བདག་ཏུ་བརྗོད་པའི་མིང་།

200.འཇིག་ཚོགས་ལ་ལྟ་བ་ཉི་ཤུའི་མིང་།

201.བྱཱ་ཀ་ར་ཎའི་སྐད་ཀྱི་མིང་།

202.རྣམ་པར་དབྱེ་བའི་ཚིག་བདུན་གྱི་མིང་།

203.ངན་འགྲོའི་མིང་།

204.ཡི་དྭགས་སུ་གཏོགས་པའི་མིང་།

205.དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་མིང་།

206.ཚ་བའི་སེམས་ཅན་དམྱལ་བའི་མིང་།

207.གྲང་བའི་སེམས་ཅན་དམྱལ་བའི་མིང་།

208.རིག་པའི་གནས་བཅོ་བརྒྱད་ཀྱི་མིང་།

209.བཟོའི་གནས་དང་སྒྱུ་རྩལ་ལ་སོགས་པའི་མིང་།

210.རོལ་མའི་ཆ་བྱད་ཀྱི་མིང་།

211.གླུ་དབྱངས་ཀྱི་མིང་།

212.གར་ཐབས་ཀྱི་རྣམ་གྲངས་ཀྱི་མིང་།

213.བྲམ་ཟེའི་གཙུག་ལག་དང་ལས་ཀྱི་མིང་།

214.བྲམ་ཟེའི་ལས་རྣམ་པ་དྲུག་གི་མིང་།

215.སྐད་གོ་མཐུན་གྱི་མིང་།

216.མཐོ་རུས་དང་འདོད་པ་ལ་སོགས་པའི་མིང་།

217.སྐབས་སྐབས་ནས་ཚིག་གི་ཕྲད་དུ་བྱུང་བའི་མིང་།

218.མཁར་དང་གནས་ལ་སོགས་པའི་མིང་།

219.ཤིང་རྟ་ལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་དུ་མའི་མིང་།

220.འབྲུ་སྣ་ཚོགས་ཀྱི་མིང་།

221.དུས་སྟོན་གྱི་མིང་།

222.ཞོ་མར་དང་ཟས་སྐོམ་གྱི་མིང་།

223.འཚོ་ཆས་སྨན་གྱི་མིང་།

224.གོས་ཀྱི་མིང་།

225.འཚོག་ཆས་དང་ཡོ་བྱད་ཀྱི་མིང་།

226.ཚོན་གྱི་མིང་།

227.རིན་པོ་ཆེ་དང་ནོར་བུ་དང་གསེར་དངུལ་ལ་སོགས་པའི་མིང་།

228.དུང་ལ་སོགས་པའི་མིང་།

229.རྒྱན་གྱི་རྣམ་པའི་མིང་།

230.གོ་མཚོན་གྱི་མིང་།

231.མཆོད་པའི་ཡོ་བྱད་ཀྱི་མིང་།

232.མེ་ཏོག་སྣ་ཚོགས་ཀྱི་མིང་།

233.མེ་ཏོག་རྩ་བ་ལ་སོགས་པའི་མིང་།

234.མེ་ཏོག་གི་ཡོན་ཏན་གྱི་མིང་།

235.སྤོས་ཀྱི་རྣམ་པའི་མིང་།

236.སྐད་གོ་བདུན་གྱི་མིང་།

237. སྐད་གོ་བདུན་གྱི་མིང་།

238.ཕལ་ཆེན་གྱི་གྲངས་ཀྱི་ལེའུ་ལས་བྱུང་བའི་གྲངས་ཀྱི་མིང་།

239.སྡོང་བོ་བཀོད་པ་ལས་བྱུང་བའི་གྲངས་ཀྱི་མིང་།

240.རྒྱ་ཆེན་རོལ་པ་ལས་བྱུང་བའི་གྲངས་དང་རྩིས་ཀྱི་མིང་།

241.ཆོས་མངོན་པ་ལས་བྱུང་བའི་གྲངས་ཀྱི་མིང་།

242.འཇིག་རྟེན་པའི་གྲངས་ཀྱི་མིང་།

243.རྡུལ་ཕྲ་མོ་ལས་བསྒྱུར་ཏེ་དཔག་ཚད་ལ་སོགས་པ་བསྒྲེ་བའི་མིང་།

244.སྟོབས་བཅུར་བསྒྱུར་ཏེ་བསྒྲེ་བའི་མིང་།

245.དུས་ཀྱི་མིང་།

246.ཕྱོགས་དང་མཚམས་ཀྱི་མིང་།

247.ཕན་ཡོན་བཅུའི་མིང་།

248.ལྟུང་བྱེད་སྡེ་ལྔ་དང་མ་ངེས་པའི་མིང་།

249.ཕས་ཕམ་པ་བཞིའི་མིང་།

250.དགེ་འདུན་ལྷག་མ་བཅུ་གསུམ་དང་མ་ངེས་པ་བཅུ་གཉིས་ཀྱི་མིང་།

251.སྤང་བའི་ལྟུང་བྱེད་སུམ་ཅུའི་མིང་།

252.ལྟུང་བྱེད་དགུ་ཅུའི་མིང་།

253.སོ་སོར་བཤེགས་པའི་ཆོས་བཞིའི་མིང་།

254.བསླབ་པ་ཆོས་མང་པོའི་མིང་།

256.ཆད་པས་བཅད་ཅིང་གསོ་བ་ལ་སོགས་པའི་མིང་།

257.གསོལ་བ་དང་ལས་ལ་སོགས་པའི་མིང་།

258.སྐྱབས་གསུམ་དུ་འགྲོ་བའི་མིང་།

259.བསླབ་པའི་གཞི་བརྒྱད་ལ་སོགས་པའི་མིང་།

260.དགེ་སྦྱོང་དུ་བྱེད་པའི་ཆོས་བཞིའི་མིང་།

261.རབ་ཏུ་བྱུང་བ་ལ་སོགས་པའི་མིང་།

262.རབ་ཏུ་བྱུང་བའི་གཞིའི་མིང་།

263.ཡོ་བྱད་བཅུ་གསུམ་གྱི་མིང་།

264.དགེ་སློང་གི་ཡོ་བྱད་ཀྱི་མིང་།

265.གང་ཟག་བཅུ་གཉིས་ཀྱི་མིང་།

266.སྡེ་བཞི་རྣམ་པ་བཅོ་བརྒྱད་དུ་གྱེས་པའི་མིང་།

267.གཞི་བཅུ་བདུན་གྱི་མིང་།

268.ཆུ་རུང་བ་རྣམ་པ་ལྔའི་མིང་།

269.དགེ་སྦྱོང་གི་སྐྱོན་དུ་བརྩི་བའི་མིང་།

270.གཙུག་ལག་ཁང་ལ་སོགས་པའི་མིང་།

271.གོས་ཀྱི་གཞིའི་མིང་།

272.འདུལ་བ་ལས་བཏུས་པའི་སྐད་ཐོར་བུ་བའི་མིང་།

273.སྐད་གོ་བདུན་གྱི་མིང་།

274.དྲུག་སྡེའི་མིང་།

275.མ་མ་བཞིའི་མིང་།

276.ནད་ཀྱི་མིང་།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-05-14

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།