བོད་འགྱུར་ཚད་གཞུང་དབུ་བརྙེས་ཚུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་དང་རྒྱ་གང་ལ་མཚོན་ཡང་ཐོག་མར་རྒྱ་གར་གྱི་ཚད་མའི་བསྟན་བཅོས་དུ་མ་རང་རང་གི་སྐད་དུ་བསྒྱུར་བ་ལ་བརྟེན་ནས་ཚད་མ་རིག་པ་དར་བ་ཡིན་ཞིང་། བྱེ་བྲག་རང་རེའི་བོད་དུ་ཚད་གཞུང་བསྒྱུར་འགོ་ཚུགས་པའི་སྐོར་ལ་ཁྲི་རལ་བ་ཅན་གྱི་དུས་སུ་འདོད་པ་དང་དུས་རབས་བཅུ་གཅིག་པའི་རྗེས་སུ་འདོད་པ་སོགས་བཞེད་ཚུལ་མི་མཐུན་པ་མང་པོ་བྱུང་ཡོད། དོན་དུ་བསྟན་པ་སྔ་དར་གྱི་སྐབས་ཏེ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན(742--797)་གྱི་སྐབས་སུ་བསམ་ཡས་སྒྲ་བསྒྱུར་གླིང་བཙུགས་ཏེ་ནང་ཆོས་མང་དུ་བསྒྱུར་བ་དང་སྦྲགས་ཚད་མ་རིག་པའི་གཞུང་ལུགས་བསྒྱུར་བའི་དབུ་བརྙེས་པ་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཚད་གཞུང་བོད་འགྱུར་གྱི་དབུ་བརྙེས་ཚུལ།
རིགས།
ཚད་མ་རིག་པ།
1  ནང་དོན་མདོར་བསྟན། 

བོད་དང་རྒྱ་གང་ལ་མཚོན་ཡང་ཐོག་མར་རྒྱ་གར་གྱི་ཚད་མའི་བསྟན་བཅོས་དུ་མ་རང་རང་གི་སྐད་དུ་བསྒྱུར་བ་ལ་བརྟེན་ནས་ཚད་མ་རིག་པ་དར་བ་ཡིན་ཞིང་།  བྱེ་བྲག་རང་རེའི་བོད་དུ་ཚད་གཞུང་བསྒྱུར་འགོ་ཚུགས་པའི་སྐོར་ལ་ཁྲི་རལ་བ་ཅན་གྱི་དུས་སུ་འདོད་པ་དང་དུས་རབས་བཅུ་གཅིག་པའི་རྗེས་སུ་འདོད་པ་སོགས་བཞེད་ཚུལ་མི་མཐུན་པ་མང་པོ་བྱུང་ཡོད།  དོན་དུ་བསྟན་པ་སྔ་དར་གྱི་སྐབས་ཏེ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན(742--797)གྱི་སྐབས་སུ་བསམ་ཡས་སྒྲ་བསྒྱུར་གླིང་བཙུགས་ཏེ་ནང་ཆོས་མང་དུ་བསྒྱུར་བ་དང་སྦྲགས་ཚད་མ་རིག་པའི་གཞུང་ལུགས་བསྒྱུར་བའི་དབུ་བརྙེས་པ་ཡིན་ཏེ།  རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས་ལས། ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན(742--797)གྱི་དུས་བྱང་ཆུབ་སེམས་དཔའ་ཞི་བ་འཚོས་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་དང་།  ཀ་མ་ལ་ཤྰི་ལས་དེའི་འགྲེལ་པ་སྟོང་ཕྲག་བཅོ་བརྒྱད་པ་དང་།  སྡེ་བདུན་ཕྱི་མའི་རྩ་འགྲེལ་གྱི་ཆ་ཤས་ཡེ་ཤེས་སྡེ་སོགས་ཀྱི་འགྱུར་ལ་བརྟེན་ནས་ཚད་མའི་བསྟན་བཅོས་ཀྱི་འཆད་ཉན་ཙམ་བྱུང་ཞེས་གསུངས་པ་དང་།  ཡང་ལྡན་དཀར་མ་ལས།  བསྟན་བཅོས་བསྒྱུར་འཕྲོ་ལ།  དབུ་མའི་གཞུང་ཞིབ་མོ་རྣམ་པར་འཐག་པ་རྩ་བ་དང་།  འགྲེལ་པར་བཅས་པ་གཉིས།  དབུ་མའི་རྙིང་པོ་རྟོག་གེ་འབར་བ་རྩ་བ་དང་།  འགྲེལ་པར་བཅས་པ་གཉིས།  ཚད་མ་རྣམ་འགྲེལ་བམ་པོ་གཅིག  རྣམ་འགྲེལ་འགྲེལ་པ་བམ་པོ་བཅོ་བརྒྱད་པ།  རྩོད་པའི་རིག་པ་བམ་པོ་གཅིག  ཚད་མ་དེ་ཁོ་ན་བསྡུས་པ་རྩ་བ་དང་འགྲེལ་པར་བཅས་པ་གཉིས་སོགས་གསལ་ཞེས་གསུངས་པའི་ལུང་ལ་གཞིགས་ན་བསྒྱུར་མཁན་གྱི་ལོ་ཙཱ་བ་མི་གསལ་ཡང་འགྱུར་འགའ་ངོ་སྤྲོད་བྱུང་བ་ལས་སྐབས་དེ་དུས་ནས་ཚད་མ་རིག་པ་བོད་སྐད་དུ་བསྒྱུར་པའི་ལོ་རྒྱུས་ཡོད་པ་གསལ་བོར་ཤེས་ཐུབ། གོང་གསལ་བཞིན་བསྟན་པ་སྔ་དར་གྱི་སྐབས་ཏེ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ཚད་མ་རིག་པ་བོད་དུ་བསྒྱུར་བའི་དབུ་བརྙེས་བ་དང་། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་ཞང་ཡེ་ཤེས་སྡེ།  བེེ་རོ་ཙཱ་ན་བཅས་ཀྱིས་ཚད་མའི་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར་བར་བཤད་དེ།  ལོ་ཙཱ་བ་སྐ་བ་དཔལ་བརྕེགས་ཀྱིས་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་གཏན་ཚིགས་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་དང་རྒྱུད་གཞན་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།  འབྲེལ་བ་བརྟག་པ་ཞེས་བྱ་བའི་འགྲེལ་བ་བཅས་དང་།  ཀ་མ་ལ་ཤཱི་ལས་མཛད་པའི་རིགས་པ་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས།  དུལ་བ་ལྷས་མཛད་པའི་གཏན་ཚིགས་ཐིགས་པའི་རྒྱ་ཆེར་འགྲེལ་བ་དང་དམིགས་པ་བརྟག་པའི་རྒྱ་ཆེར་བཤད་པ།  རྒྱུད་གཞན་གྲུབ་པའི་འགྲེལ་བཤད་བཅས་དང་།  དྷརྨ་ཀི་རྟིས་མཛད་པའི་རྒྱུད་གཞན་གྲུབ་པ་དང་དགེ་སྲུངས་ཀྱིས་མཛད་པའི་ཐམས་ཅད་མཁྱེན་པའི་གྲུབ་པའི་ཚིག་ལེའུར་བྱས་པ་ཕྱི་དོན་གྲུབ་པ་སོགས་ཀྱི་བསྟན་བཅོས་རྣམས་བོད་སྐད་དུ་བསྒྱུར།  ཡང་ལོ་ཙཱ་བ་བེེ་རོ་ཙཱ་ནས་ཙནྡྲ་གོ་མིས་མཛད་པའི་རིགས་པ་གྲུབ་པའི་སྒྲོན་མེ་ཞེས་བྱ་བ་བོད་སྐད་དུ་བསྒྱུར་བ་དང་།  ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་ཛི་ན་མི་ཏྲས་མཛད་པའི་རིགས་ཐིགས་ཀྱི་དོན་བསྡུས་པ་དང་དུལ་བ་ལྷས་མཛད་པའི་རིགས་ཐིགས་རྒྱ་ཆེར་འགྲེལ་པ་སློབ་མ་ལ་ཕན་པ་བཅས་པ་བོད་སྐད་དུ་བསྒྱུར་བ་ཡིན་ཞིང་།  འགྱུར་འདི་དག་ལ་བརྟེན་ནས་བོད་དུ་ཚད་མ་རིག་པའི་གཞུང་ལུགས་ཐོག་མར་དར་བ་ཡིན།  ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྟན་པ་སྔ་དར་གྱི་སྐབས་སུ་ནང་བའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་མང་པོ་བསྒྱུར་ཡོད་ཀྱང་ཚད་མ་རིག་པའི་སྐོར་གྱི་བསྟན་བཅོས་ཡེ་ནས་བསྒྱུར་མེད་པ་ནི་བསྟན་འགྱུར་ནང་དུ་གཟིགས་རྒྱུ་མེད་པ་བཞིན་དང་།  སྐ་བ་དཔལ་བརྩེགས་དང་ཞང་ཡེ་ཤེས་སྡེ་གཉིས་ཀྱིས་སློབ་དཔོན་ཆོས་གྲགས་དང་དུལ་བ་ལྷ།  ཛི་ན་མི་ཏྲ་།  ཀ་མ་ལ་ཤཱི་ལ།  དགེ་སྲུངས་སོགས་ཀྱིས་མཛད་པའི་ཚད་མའི་བསྟན་བཅོས་རྣམས་བོད་སྐད་དུ་བསྒྱུར་བ་མ་གཏོགས།  སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མའི་བསྟན་བཅོས་བསྒྱུར་མེད།  དེས་ན་སྐབས་དེར་རྒྱ་གར་དུ་སློབ་དཔོན་ཕྱོགས་གླང་གི་ཚད་གཞུང་ལས་སློབ་དཔོན་ཆོས་གྲགས་ཀྱི་ཚད་མ་སྡེ་བདུན་དར་ཆེ་བ་ཤེས་ཐུབ་ལ།  སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མའི་བསྟན་བཅོས་རྣམས་ནི་ཕྱིས་ཀྱི་ལོ་ཙཱ་བ་དགེ་བསྙེན་ཞ་མ་སེང་རྒྱལ་དང་བཤེས་གཉེན་སྟོན་གཞོན།  དགེ་སློང་གྲགས་པ་རྒྱལ་མཚན་བཅས་ཀྱིས་བསྒྱུར་བ་ཡིན། །



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-04-03

གསར་སྤེལ་མཁན། :བསེ་ཆང་རྡོ་རིན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།