རྒྱ་བརྒྱུད་ཚད་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱ་བརྒྱུད་ཚད་མ་རིག་པའི་འབྱུང་ཁུངས་ནི་གནའ་བོའི་རྒྱ་གར་གྱི་ཚད་མ་རིག་པ་ཉིད་ཡིན། རིག་གཞུང་འདི་རང་རྒྱལ་དུ་དར་ནས་ལོ་ངོ་སྟོང་དང་ཉེ་བ་སོང་ལ། དུས་རབས་བདུན་པར་ལོ་ཆེན་ཧྱན་ཙང་གིས་སློབ་དཔོན་ཕྱོགས་གླང་གི་ཚད་མ་རིགས་སྒོ་དང་དམིགས་པ་བརྟག་པ་དང་། བདེ་བྱེད་བདག་པོའི་ཚད་མ་རིགས་འཇུག་སོགས་རྒྱའི་སྐད་དུ་བསྒྱུར་ནས་ཚད་མའི་འཆད་ཉན་དར་བ་དེར་རྒྱ་བརྒྱུད་ཚད་མ་རིག་པ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
汉传因明
1 ནང་དོན་མདོར་བསྟན། 

རྒྱ་བརྒྱུད་ཚད་མ་རིག་པའི་འབྱུང་ཁུངས་ནི་གནའ་བོའི་རྒྱ་གར་གྱི་ཚད་མ་རིག་པ་ཉིད་ཡིན། རིག་གཞུང་འདི་རང་རྒྱལ་དུ་དར་ནས་ལོ་ངོ་སྟོང་དང་ཉེ་བ་སོང་ལ། དུས་རབས་བདུན་པར་ལོ་ཆེན་ཧྱན་ཙང་གིས་སློབ་དཔོན་ཕྱོགས་གླང་གི་ཚད་མ་རིགས་སྒོ་དང་དམིགས་པ་བརྟག་པ་དང་། བདེ་བྱེད་བདག་པོའི་ཚད་མ་རིགས་འཇུག་སོགས་རྒྱའི་སྐད་དུ་བསྒྱུར་ནས་ཚད་མའི་འཆད་ཉན་དར་བ་དེར་རྒྱ་བརྒྱུད་ཚད་མ་རིག་པ་ཟེར།

དུས་རབས་ཉི་ཤུ་བའི་ལོ་རབས་ཉི་ཤུ་དང་སུམ་ཅུའི་བར་ནས་བཟུང་།  ཆད་ལ་ཉེ་བའི་རྒྱ་བརྒྱུད་ཚད་མ་རིག་པ་མྱུར་སྐྱོབ་དང་འཕེལ་རྒྱས་སུ་གཏོང་ཆེད།  རྒྱའི་མཁས་པ་ལིའུ་ཁྲིན་གཙོ་བྱས་ཏེ་བོད་བརྒྱུད་ཚད་མ་རིག་པ་དང་རྒྱ་བརྒྱུད་ཚད་མ་རིག་པའི་ཁྱད་པར་སྐོར་ལ་ཞིབ་འཇུག་བྱེད་པའི་མགོ་ཚུགས་ཤིང་།  ལྷག་པར་དུ་སྤྱི་ལོ1983ལོར་སྐབས་དང་པོའི་རྒྱལ་ཡོངས་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་བསྡུས་པ་ནས་བཟུང་རྒྱ་ནག་ཏུ་ཚད་མ་རིག་པར་ཞིབ་འཇུག་བྱེད་མཁན་གྱི་མཁས་པ་མང་པོ་བྱུང་བ་དང་།  བོད་བརྒྱུད་ཚད་མ་རིག་པ་དང་རྒྱ་བརྒྱུད་ཚད་མ་རིག་པའི་ཁྱད་པར་སྐོར་ལ་ཞིབ་འཇུག་བྱེད་མཁན་ཡང་ཇེ་མང་དུ་ཕྱིན།  སྐུ་ཞབས་ལིའུ་ཁྲིན་ལགས་ཀྱིས་བོད་དང་རྒྱ་ནག་གི་ཚད་མ་རིག་པའི་འགྱུར་ཡིག་གི་ཁྱད་པར་སྐོར་ལ་ཞིབ་འཇུག་བྱས་པ་དང་།  སྐུ་ཞབས་ཝང་སིན་ལགས་ཀྱིས་བོད་བརྒྱུད་ཚད་མ་རིག་པ་དང་རྒྱ་བརྒྱུད་ཚད་མ་རིག་པའི་སྒྲུབ་ངག་འགོད་ཚུལ་གྱི་ཁྱད་པར་སྐོར་ལ་ཞིབ་འཇུག་བྱས་པ།  དགེ་རྒན་ཆེན་མོ་བློ་བཟང་ཆོས་གྲགས་ལགས་ཀྱིས་བོད་བརྒྱུད་ཚད་མ་རིག་པ་དང་རྒྱ་བརྒྱུད་ཚད་མ་རིག་པའི་གཞུང་དོན་ཐད་ཀྱི་ཁྱད་པར་གྱི་གཞི་རྩ་ནི་ཚད་མ་རིག་པ་དར་ཚུལ་ཏེ་ཚད་གཞུང་དར་ཚུལ་མི་འདྲ་ཡིན་ཞེས་གསུངས་ཡོད་ཅིང་།  གཙོ་བོ་བོད་བརྒྱུད་ཚད་མ་རིག་པ་དང་རྒྱ་བརྒྱུད་ཚད་མ་རིག་པའི་ཚུལ་གསུམ་གྱི་མཚན་ཉིད་གཏན་འབེབས་བྱེད་ཚུལ་དང་སྒྲུབ་ངག་འགོད་ཚུལ་གྱི་ཁྱད་པར་སྐོར་ལ་ཞིབ་འཇུག་བྱས་པ།  སྐུ་ཞབས་ཡོའོ་ནན་ཆིང་ལགས་ཀྱིས་གཏན་ཚིགས་རིག་པ་དང་ཚད་གཞུང་དར་ཚུལ་ཐད་ནས་བོད་བརྒྱུད་ཚད་མ་རིག་པ་དང་རྒྱ་བརྒྱུད་ཚད་མ་རིག་པའི་ཁྱད་པར་སྐོར་ལ་ཞིབ་འཇུག་བྱས་ཡོད།




སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-04-03

གསར་སྤེལ་མཁན། :བསེ་ཆང་རྡོ་རིན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།