རེབ་གོང་ཡུལ་སྐོར་ཟིན་ཐོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རེབ་གོང་ཡུལ་སྐོར་ཟིན་ཐོ།
རེབ་གོང་ཡུལ་སྐོར་ཟིན་ཐོ་ཞེས་པ་འདི་དེང་རབས་ཀྱི་འབྲི་སྲོལ་གཙོར་བྱས་ཏེ་བྲིས་པའི་རེབ་གོང་ཡུལ་གྱི་སྣོད་བཅུད་བརྗོད་བྱར་བྱས་པའི་དཔེ་དེབ་ཞིག་གོ།།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རེབ་གོང་ཡུལ་སྐོར་ཟིན་ཐོ།
དབྱིན་ཡིག་གི་མིང་།
AN INTRODUCTION TO REBGONG
རྒྱ་ཡིག་གི་མིང་།
热贡游记
རྩོམ་སྒྲིག་པ།
ཆུ་སྐྱེས་དགེ་འདུན་དཔལ་བཟང་།
དཔེ་སྐྲུན་ཁང་།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
དཔར་སྐྲུན་དུས་ཚོད།
༢༠༡༣ལོ།
1 ནང་དོན་མདོར་བསྡུས།

རེབ་གོང་ཡུལ་སྐོར་ཟིན་ཐོ་ཞེས་པའི་དཔེ་ཆ་འདི་ས་བཅད་དགུ་རུ་བྱས་པ་ཡོད་པ་དང་། ས་བཅད་དང་པོའི་ནང་དུ་རེབ་གོང་ཡུལ་གྱི་གྲུབ་མཐའ་སོ་སོའི་སྐོར་དང་། ས་བཅད་གཉིས་པར་རེབ་གོང་ཡུལ་གྱི་དགེ་ལུགས་པའི་དགོན་སྡེའི་སྐོར། ས་བཅད་གསུམ་པར་རེབ་གོང་ཡུལ་གྱི་རྙིང་མའི་དགོན་སྡེའི་སྐོར། ས་བཅད་བཞི་བར་རེབ་གོང་ཡུལ་གྱི་བོན་པོའི་དགོན་སྡེ་དང་མཁར་རྙིང་སྐོར། ས་བཅད་ལྔ་བར་རེབ་གོང་ཡུལ་གྱི་དར་ཁྱབ་ཆེ་བའི་ཆོས་ལུགས་དུས་ཆེན་སྐོར། ས་བཅད་དྲུག་པར་རེབ་གོང་ཡུལ་གྱི་ལྷ་རིས་སྒྱུ་རྩལ་དང་མི་སྣ་གྲགས་ཅན་གྱི་སྐོར། ས་བཅད་བདུན་པར་རེབ་གོང་ཡུལ་གྱི་སྒྲུབ་གནས་དང་། མཆོད་རྟེན། བྱམས་ཁང་གྲགས་ཅན་གྱི་སྐོར། ས་བཅད་བརྒྱད་པར་རེབ་གོང་ཡུལ་གྱི་དར་ཁྱབ་ཆེ་བའི་དམངས་སྲོལ་དུས་ཆེན་སྐོར། ས་བཅད་དགུ་བར་རེབ་གོང་ཡུལ་གྱི་རི་ཆུ་ནགས་ཚལ་གྲགས་ཅན་གྱི་སྐོར། 

2 དཔར་བསྐྲུན་བརྒྱུད་རིམ།

དཔེ་ཆ་འདི་སྔ་ཕྱིར་ཐེངས་གཉིས་ལ་དཔར་བསྐྲུན་བྱས་འདུག་པ་དང་། དཔར་ཐེངས་དང་པོ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། དཔར་ཐེངས་གཉིས་པ་རེབ་གོང་རྫོང་ཡུལ་སྐོར་ཅུའུ་ཡིས་དཔར་དུ་བསྐྲུན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-03-26

གསར་སྤེལ་མཁན། :མཐོ་སྒང་གི་མེལ་ཚེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།