ཨ་མཆོག་དཀོན་མཆོག་བསྟན་པ་རྒྱལ་མཚན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་མཆོག་རྒྱ་བོར་གྲགས་པ་ངག་དབང་བློ་བཟང་ཨ་མཆོག་དཀའ་ཐུབ་ཡག་གི་སྲས་སུ་འཁྲུངས་ཤིང་། ཕས་བོན་གྱི་གྲྭ་རྒྱུན་ཏུ་གཏོང་རྒྱུ་བྱས་པ་ཞང་བོ་ཥོ་ཐོ་ནོར་བུས་འཕྲོག་སྟེ་ཉིད་ནས་རབ་བྱུང་བསྒྲུབས་ཏེ་དབུས་སུ་མངགས། དགའ་ལྡན་དུ་སློབ་གཉེར་མཛད་པས་ཅུང་གར་དུས་གླིང་བསྲེ་བྱིན། པཎ་ཆེན་བློ་བཟང་ཡེ་ཤེས་ལ་བསྙེན་རྫོགས་ཞུས་པར་མཚན་ལ་བློ་བཟང་ཡེ་ཤེས་གནང་། བ་ཀུ་ལའི་སྤྲུལ་པར་ལུང་བསྟན། རང་ཡུལ་དུ་མཁན་པོ་ཥོ་ཐོའི་བཀས་ཨ་མཆོག་པ་ཞྭ་སེར་དུ་བསྒྱུར། འདུ་ཁང་བཞེངས་ཏེ་གཉན་རྩེ་ལ་རབ་གནས་ཞུས། རྣམ་སྲས་ལོགས་རིས་བཞེངས་པའི་ཞལ་རང་བྱོན་བྱུང་། དེ་དུས་ད་དུང་རྭ་མདོར་བོན་ཡོད་པས་ཡུང་ཊི་གནམ་དུ་གཤེགས་པའི་མྱ་ངན་གྱི་ངུ་འབོད་རྭ་མདོའི་གསེར་ཁང་དུ་གྲགས་པ་བོན་པོའི་ལྷ་ཁང་ནས་བྱས། རྒྱ་བོའི་སྤུན་ཟླ་བཀྲ་ཤིས་ཀྱི་བུ་དགེ་བཤེས་བསོད་ནམས་ཆོས་འཕེལ་སྟག་ལོ་བ། རབ་འབྱམས་པ་ཆོས་འབྱོར་རྒྱ་མཚོའི་སྤུན་ཡིན། ཕ་མ་གཉིས་འཆི་སྔ་བས་ཕུ་བོ་རབ་འབྱམས་པ་ཀློག་འདོན་དུ་སོང་ནས་གསོས། རབ་འབྱམས་པ་དབུས་ལ་བརྫངས་པའི་སྐྱེལ་མར་ཕྱིན་པ་ཁོས་བསྐྱུར་མ་ཕོད་པར་དབུས་སུ་ཁྱེར། ཁུ་བོ་རྒྱ་བོས་ཁྲི་ནམ་བཟང་པའི་དྲུང་དུ་བཅོལ་དམ་གྱི་ཡི་གེ་ཕུལ་བས། རྣམ་གཉིས་དགའ་ལྡན་ཤར་རྩེ་སོག་པ་ཁང་ཚན་དུ་ཞུགས། དགེ་རྒན་དུ་ཡེ་ཤེས་མགོ་སེར་བསྐོས། རབ་འབྱམས་པ་བར་སྐབས་ཕྱིར་སོང་། ཁོང་གིས་ཐུགས་གཉེར་མཐར་ཕྱིན། རྒྱལ་བ་འཇམ་དཔལ་རྒྱ་མཚོ་གསར་དུ་ཚོགས་དབུར་ཕེབས་ལོར། ཁོང་ཉིད་དང་། ཁྲི་རྒྱལ་རོང་བ། བསོད་གྲགས་གོང་མ་དང་གསུམ་ལྷ་རམས་པ་མཛད་པས་ཨང་དང་པོ་བྱུང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安曲贡却丹贝坚赞大师
འཁྲུངས་ཡུལ།
སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཧུང་ཡོན་རྫོང་ཨ་མཆོག
1 ​ངོ་སྤྲོད།

རྭ་ཆུ་དང་ལྡིང་ཆུའི་རྒྱུད་དུ་སྒྲུབ་སྡེ་ལྔ་དང་། དཔལ་ལྡན་སྨྲ་བའི་སེང་གེའི་གླིང་སྒྲོལ་མ་རྣམ་པར་རོལ་བ་ཞེས་བྱ་བ་ཡོད་ལ། དེ་ཡང་ཨ་མཆོག་རྒྱ་བོར་གྲགས་པ་ངག་དབང་བློ་བཟང་ཨ་མཆོག་དཀའ་ཐུབ་ཡག་གི་སྲས་སུ་འཁྲུངས་ཤིང་། ཕས་བོན་གྱི་གྲྭ་རྒྱུན་ཏུ་གཏོང་རྒྱུ་བྱས་པ་ཞང་བོ་ཥོ་ཐོ་ནོར་བུས་འཕྲོག་སྟེ་ཉིད་ནས་རབ་བྱུང་བསྒྲུབས་ཏེ་དབུས་སུ་མངགས། དགའ་ལྡན་དུ་སློབ་གཉེར་མཛད་པས་ཅུང་གར་དུས་གླིང་བསྲེ་བྱིན། པཎ་ཆེན་བློ་བཟང་ཡེ་ཤེས་ལ་བསྙེན་རྫོགས་ཞུས་པར་མཚན་ལ་བློ་བཟང་ཡེ་ཤེས་གནང་། བ་ཀུ་ལའི་སྤྲུལ་པར་ལུང་བསྟན། རང་ཡུལ་དུ་མཁན་པོ་ཥོ་ཐོའི་བཀས་ཨ་མཆོག་པ་ཞྭ་སེར་དུ་བསྒྱུར། འདུ་ཁང་བཞེངས་ཏེ་གཉན་རྩེ་ལ་རབ་གནས་ཞུས། རྣམ་སྲས་ལོགས་རིས་བཞེངས་པའི་ཞལ་རང་བྱོན་བྱུང་། དེ་དུས་ད་དུང་རྭ་མདོར་བོན་ཡོད་པས་ཡུང་ཊི་གནམ་དུ་གཤེགས་པའི་མྱ་ངན་གྱི་ངུ་འབོད་རྭ་མདོའི་གསེར་ཁང་དུ་གྲགས་པ་བོན་པོའི་ལྷ་ཁང་ནས་བྱས། རྒྱ་བོའི་སྤུན་ཟླ་བཀྲ་ཤིས་ཀྱི་བུ་དགེ་བཤེས་བསོད་ནམས་ཆོས་འཕེལ་སྟག་ལོ་བ། རབ་འབྱམས་པ་ཆོས་འབྱོར་རྒྱ་མཚོའི་སྤུན་ཡིན། ཕ་མ་གཉིས་འཆི་སྔ་བས་ཕུ་བོ་རབ་འབྱམས་པ་ཀློག་འདོན་དུ་སོང་ནས་གསོས། རབ་འབྱམས་པ་དབུས་ལ་བརྫངས་པའི་སྐྱེལ་མར་ཕྱིན་པ་ཁོས་བསྐྱུར་མ་ཕོད་པར་དབུས་སུ་ཁྱེར། ཁུ་བོ་རྒྱ་བོས་ཁྲི་ནམ་བཟང་པའི་དྲུང་དུ་བཅོལ་དམ་གྱི་ཡི་གེ་ཕུལ་བས། རྣམ་གཉིས་དགའ་ལྡན་ཤར་རྩེ་སོག་པ་ཁང་ཚན་དུ་ཞུགས། དགེ་རྒན་དུ་ཡེ་ཤེས་མགོ་སེར་བསྐོས། རབ་འབྱམས་པ་བར་སྐབས་ཕྱིར་སོང་། ཁོང་གིས་ཐུགས་གཉེར་མཐར་ཕྱིན། རྒྱལ་བ་འཇམ་དཔལ་རྒྱ་མཚོ་གསར་དུ་ཚོགས་དབུར་ཕེབས་ལོར། ཁོང་ཉིད་དང་། ཁྲི་རྒྱལ་རོང་བ། བསོད་གྲགས་གོང་མ་དང་གསུམ་ལྷ་རམས་པ་མཛད་པས་ཨང་དང་པོ་བྱུང་། དེ་དུས་གཞུང་ལས་པ་པྲ་ཉེ་ངག་དབང་དགེ་ལེགས་ཡིན། རྒྱུད་སྟོད་དུ་སྔགས་ལ་སྦྱངས། རང་ཡུལ་དུ་འབྱོན་སྐབས་ཉག་རོང་ལ་ཁ་ནས་པཎ་ཆེན་རིན་པོ་ཆེ་ཞལ་གཟིགས། ཡུལ་ནས་རེ་ཞིག་བླ་དཔོན་ཟུང་འབྲེལ་དང་། མཚམས་ཤིག་ནས་སྒྲུབ་པ་སྙིང་བོར་མཛད་པས་ཐུན་གྱི་སྐབས་དྲུང་དུ་ཅི་བྱས་ཀྱང་མི་གསན། གནས་བརྟན་བཅུ་དྲུག་སྒྲུབ་ཁང་དུ་ཕེབས་པས་དྲི་བཟང་འཐུལ་བ་གཞན་གྱིས་ཤེས། མངོན་སྤྱོད་ཀྱིས་ཕ་རོལ་འཇོམས་པའི་ནུས་པ་ཐོན། མངོན་ཤེས་ཐོགས་མེད་མངའ། བསྐལ་བཟང་གིས་སངས་རྒྱས་ཤིག་ཏུ་ཞལ་གྱིས་བཞེས། ལན་ཅིག་མྱ་ངན་ལས་འདའ་བར་བརྩམས་པ་སྔགས་པ་ཚེ་རིང་ཟེར་བས་བརྟན་བཞུགས་ཕུལ་བས་བཤོལ། འདི་དུས་འདས་ན་འདས་རྟགས་འཛམ་གླིང་ན་གྲགས་པ་བཞག་ཆོག་གསུངས། ཕྱིས་ཐུགས་དམ་གྱིས་གཤེགས། དེའི་སྤྲུལ་སྐུ་ལྔ་རིག་སྨྲ་བའི་དབང་པོ་རྗེ་དཀོན་མཆོག་བསྟན་པའི་རྒྱལ་མཚན་ནི་ལྡོང་གི་རིགས་ཡིན་ལ། མཁན་ཆེན་ངག་དབང་གྲགས་པའི་དཔོན་རྒྱུད་ཅོག་ཙེའི་བློན་པོ་ང་རོ་སྟག་འབུམ་དང་། ཡུམ་ནམ་མཁའ་ལྕམ་མོའི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ས་ལུག་ལ་འཁྲུངས་ཤིང་། ལྕགས་བྱའི་དགུན་གུང་ཐང་འཇམ་པའི་དབྱངས་ད་ཚང་དུ་བཞུགས་པ་ཅོག་ཙེ་རྒྱལ་པོ་རྒྱ་གར་འབུམ་དུ་གཤེགས་པའི་དགོངས་རྫོགས་སུ་གདན་དྲངས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-02-06

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།