དམར་དམག་རྒྱང་བསྐྱོད་བྱས་ནས་མའོ་རྫོང་ལ་བརྒྱུད་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་སེར་རྒྱལ་ཁབ་ཁྲི་ལོ24ལོའི་དཔྱིད་ཀར། ཀྲུང་གོའི་བཟོ་ཞིང་དམར་དམག་དཔུང་རུ་བཞི་བ་ནུབ་ཏུ་བསྐྱོད་ནས། ཟླ4བའི་ཚེས26ཉིན། སྣེ་ཁྲིད་དམག་དཔུང་རྫོང་ཁོངས་སུ་འཛུལ་པ་དང་། ཟླ5པའི་ཚེས15ཉིན་གྱི་དགུང་མོར་གྲོང་ཁྱེར་བཙན་འཛིན་བྱས་ཤིང་། ཚེས16ཉིན། དམར་དམག་དཔུང་རུ་དགུ་ཡི་ཧྲི་ཐོན25དང་། དམར་དམག་དཔུང་རུ30ཡི་ཧྲི་ཐོན80གཉིས་རྨེན་ཅང་གཙང་བོའི་ཤར་རྒྱུད་དེད་དེ་ལྷོར་སོང་ནས་ཝའེ་ཀྲོའུ་བཙན་ལེན་བྱས། ཚེས20ཉིན་དམར་དམག་ཧྲི25ཡིས་རྨེན་ཅང་གཙང་བོ་བརྒལ་ནས། ནུབ་རྒྱུད་དེད་ནས་ལྷོར་སོང་ནས་ལི་རྫོང་དུ་སྐྱོད་པ་དང་། དེ་དང་མཉམ་དུ། དམར་དམག་དཔུང་རུ9དང་། 30དང31སོ་སོའི་དཔུང་ཁག་རེ་རྨེན་ཅང་གཙང་བོའི་ཤར་རྒྱུད་དང་ནུབ་རྒྱུད་དེད་ནས་བྱང་དུ་སྐྱོད། ཁག་གཅིག་ཏིའེ་ཞི་དང་། སུང་ཕིང་ལུང་བ་དང་ཟུང་ཆུའི་མངའ་ཁོངས་སུ་སོང་ནས་སྔོན་གྱི་དམག་དཔུང་དང་ལྷན་འཛོམས་བྱས། ཁག་གཞན་པ་ཁྲོ་ཆུ་དེད་ནས་སྡེ་བ་དང་ཁྲོ་ཆུའི་མངའ་ཁོངས་སུ་སོང་། ཟླ9བའི་ཟླ་དཀྱིལ་དུ། དམར་དམག་རྒྱབ་སྲུང་དཔུང་སྡེས་དགྲ་བོ་བཀག་འགོག་བྱས་ཚར་རྗེས་ཚང་མ་རྫོང་ཁོངས་ནས་ཕྱིར་འཐེན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
红军长征经过茂县
དུས་ཚོད།
མི་སེར་རྒྱལ་ཁབ་ཁྲི་ལོ24ལོའི་ཟླ4བའི་ཚེས26ཉིན་ནས་ཟླ9བའི་ཟླ་དཀྱིལ་བར།
དམག་དཔུང་།
ཀྲུང་གོ་བཟོ་ཞིང་དམར་དམག་དཔུང་རུ་བཞི་བ།
1 ​ལོ་རྒྱུས་རྒྱབ་ལྗོངས།

མི་སེར་རྒྱལ་ཁབ་ཁྲི་ལོ24ལོའི་དཔྱིད་ཀར། ཀྲུང་གོ་བཟོ་ཞིང་དམར་དམག་དཔུང་རུ་བཞི་བ་ནུབ་ཏུ་བསྐྱོད་ནས། ཟླ4བའི་ཚེས26ཉིན། སྣེ་ཁྲིད་དམག་དཔུང་རྫོང་ཁོངས་སུ་འཛུལ་པ་དང་། ཟླ5བའི་ཚེས15ཉིན་གྱི་དགུང་མོར་གྲོང་ཁྱེར་བཙན་བཟུང་བྱས་ཤིང་། ཚེས16ཉིན་དམར་དམག་དཔུང་རུ9ཡི་ཧྲི་ཐོན25དང་། དམར་དམག་དཔུང་རུ30ཡི་ཧྲི་ཐོན80གཉིས་རྨེན་ཅང་གཙང་བོའི་ཤར་རྒྱུད་དེད་ནས་ལྷོར་སོང་སྟེ་ཝའེ་ཀྲོའུ་བཙན་ལེན་བྱས། ཚེས20ཉིན་དམར་དམག་ཧྲི25ཡིས་རྨེན་ཅང་གཙང་བོ་བརྒལ་ནས། ནུབ་རྒྱུད་དེད་དེ་ལྷོར་སོང་ནས་ལིས་རྫོང་དུ་སྐྱོད་པ་དང་། དེ་དང་མཉམ་དུ། དམར་དམག་དཔུང་རུ9དང་། དམར་དམག་དཔུང་རུ30དང31སོ་སོའི་དཔུང་ཁག་རེ་རྨེན་ཅང་གཙང་བོའི་ཤར་རྒྱུད་དང་ནུབ་རྒྱུད་དེད་ནས་བྱང་དུ་སྐྱོད། ཁག་གཅིག་ཏིའེ་ཞི་དང་། སུང་ཕིང་ལུང་བ་དང་ཟུང་ཆུའི་མངའ་ཁོངས་སུ་སོང་ནས་སྔོན་གྱི་དམག་དཔུང་དང་ལྷན་འཛོམས་བྱས། ཁག་གཞན་པ་ཁྲོ་ཆུ་དེད་ནས་སྡེ་བ་དང་ཁྲོ་ཆུའི་མངའ་ཁོངས་སུ་སོང་།

2 བརྒྱུད་རིམ། 

དམར་དམག་རྒྱང་བསྐྱོད་བྱས་ནས་རྫོང་གི་མངའ་ཁོངས་སུ་བརྒྱུད་སྐབས། ཏེང་ཞི་ཧོའུ་ཡིས་ཐུའུ་མོན་ནས་འགོག་སྲུང་འཛིང་རགས་གསུམ་བཙུགས་པ་དང་། དམག་མི་ཁྲི3ལྷག་བཏང་ནས། དམར་དམག་བྱང་བསྐྱོད་བྱེད་པར་བཀག་འགོག་བྱས། ཅང་ཅེ་ཧྲི་དང་ཁྲོན་དམག་གི་ལྐོག་ངན་གཏོར་བརླག་གཏོང་ཆེད། དམར་དམག་དཔུང་རུ་བཞི་བ་སྤྱི་ཁྱབ་བཀོད་འདོམས་ཞུས་ཞང་ཆན་གྱིས་འགོ་ཁྲིད་འོག ཐུའུ་མོན་གཡུལ་འགྱེད་བསླངས་ཏེ། ཁྲོན་དམག་གིས་ཐུའུ་མོན་བཀག་རྒྱ་བྱས་ནས། ཤུགས་ཡོངས་ཀྱིས་པའེ་ཁྲོན་སྲུང་བའི་བཀོད་སྒྲིག་དང་། ཅང་ཅེ་ཧྲི་ཚན་མོའུ་ཐོན་གྱིས་དམར་དམག་ཚོད་འཛིན་དང་། ཁ་ཕྲལ། བསྐོར་བཅོམ་བྱས་པའི་འཆར་གཞི་བཅས་གཏོར་བརླག་ཏུ་བཏང་། མའོ་རྫོང་ཆའང་རིགས་ས་ཁུལ་དུ་ཡོང་རྗེས། སྒྲིག་ཁྲིམས་དམ་ལ་ནན་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་རྒྱུན་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་ལ་བརྩི་བཀུར་བྱས། ཧུར་ཐག་གིས་གུང་ཁྲན་རིང་ལུགས་ཀྱི་རྒྱལ་སྐྱོར་དམངས་སྐྱོར་གྱི་བཅོས་སྒྱུར་བསམ་བློ་འདོད་ཚུལ་དང་། བཙན་རྒོལ་རྒྱལ་གཅེས། རི་རྒོལ་རྒྱལ་སྐྱོབ། གྲལ་རིམ་གྱི་གཉའ་གནོན་ལ་ངོ་རྒོལ། ལོག་སྤྱོད་དབང་སྒྱུར་རྩ་གཏོར་གཏོང་བ་དང་མི་རིགས་སོ་སོ་འདྲ་མཉམ་མཉམ་འདྲེས། མི་རིགས་རང་སྐྱོང་ལག་ཏུ་བསྟར་དགོས་པ་སོགས་སྔོན་ཐོན་རང་བཞིན་གྱི་དྲིལ་བསྒྲགས་བྱས་ཤིང་། རྫོང་དང་། ཡུལ་ཚོ། གྲོང་སྡེ་བཅས་རིམ་པ་སོ་སོའི་བཅོས་སྒྱུར་སྲིད་དབང་བཙུགས་པ་དང་། ས་ཞིང་བཅོས་སྒྱུར་དངོས་སུ་ལག་བསྟར་བྱས་པ་དང་། མང་ཚོགས་ཀྱིས་དམངས་གཙོའི་གྲོས་གཞི་དང་། ངལ་རྩོལ་ནུས་ཤུགས་དང་མི་གྲངས་ལ་བལྟས་ནས་ས་ཞིང་བགོ་བ། ངལ་རྩོལ་ནུས་ཤུགས་མེད་པའི་མང་ཚོགས་ལ་སྲིད་གཞུང་གིས་རོགས་སྐྱོར་བྱས་ཏེ་གོན་པ་དང་འབྲུ་རིགས་སོགས་ཡོན་མེད་སྦྱིན་པ་དང་། མའོ་རྫོང་ནས་དམར་དམག་གི་བཅོས་སྒྱུར་གྱི་འདོད་བློ་མི་དམངས་མང་ཚོགས་ཀྱི་ཁས་ལེན་དང་རྒྱབ་སྐྱོར་ཐོབ། མང་ཚོགས་ཀྱིས་ཡང་དམར་དམག་ལ་རྒྱབ་སྐྱོར་བྱེད་ཆེད། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་ཧུར་ཐག་གིས་དམར་དམག་གི་དཔུང་རུའི་ཁྲོད་དུ་ཞུགས་པ་མ་ཟད། དམར་དམག་ལ་འབྲུ་རིགས་གྲབས་གསོག་ཐེངས་མང་བོ་བྱས། ཚོད་རྩིས་ལྟར་ན། དམར་དམག་རྫོང་ཁོངས་སུ་བརྒྱུད་སྐབས་དམར་དམག་ལ་འབྲུ་རིགས་རྒྱ་མ་ཁྲི300ལྷག་རོགས་སྐྱོར་བྱས་ཤིང་། རྫོང་ཁོངས་ཡོངས་སུ་མི་ཁྲི་ལྷག་དང་རྟ་ཉིས་སྟོང་ལྷག་གིས་དམར་དམག་གི་འབྲུ་རིགས་དང་རྫས་མདེལ་སྐྱེལ་བར་སོང་། ཟླ6པའི་ཟླ་དཀྱིལ་དུ། ཁྲོ་ཆུའི་དཔོན་པོས་ཐ་ཨེར་ཕིང་དང་དཔལ་ལྡན་སྐྱབས་སོགས་ཧྲ་པ་དང་ཁྲི་པུའུ་སུའུ་དམར་དམག་གི་འཐུས་མི་ལ་མཇལ་འཕྲད་གནང་བར་མངགས་ཏེ། རྫོང་ཁོངས་སུ་བརྒྱུད་པའི་གྲོས་མོལ་བྱས། ཡུན་རིང་མ་འགོར་སུའུ་ཡོན་ཧོ་ཡང་དམག་དཔུང་ཁྲོད་དེ་ཁྲི་པུའུ་སུའུ་ནས་དམར་དམག་དང་ཡང་བསྐྱར་རྫོང་ཁོངས་སུ་བརྒྱུད་པའི་གྲོས་མོལ་བྱས་ནས་ཕན་ཚུན་ལེགས་སྐྱེས་ཕུལ།

3 དོན་སྙིང་། 

དམར་དམག་རྫོང་ཁོངས་ནས་ཕྱིར་འཐེན་རྗེས། ས་གནས་ཀྱི་དྲག་པོའི་ནུས་ཤུགས་ཡང་བསྐྱར་བཙུགས་ན་ཡང་། དམར་དམག་གི་བཅོས་སྒྱུར་གྱི་འདོད་བློ་དེ་མི་དམངས་མང་ཚོགས་ཀྱི་སེམས་གཏིང་ལ་ཟུག་པ་དང་། རྫོང་ཁོངས་ཡོངས་སུ་བརྒྱུད་པ་དེས་ཅང་ཅེ་ཧྲི་དང་སི་ཁྲོན་དམག་གི་ལྐོག་ངན་ཡང་གཏོར་བརླག་ཏུ་བཏང་སོང་། 

4 དཔེར་འོས་མི་སྣ།

དམར་དམག་བདེ་བླག་ངང་རྫོང་ཁོངས་ལ་བརྒྱུད་ཐུབ་པ་དེ་མི་དམངས་མང་ཚོགས་ཀྱི་རོགས་སྐྱོར་དང་ཁ་བྲལ་མི་རུང་། དེའི་ཁྲོད་དུ་དཔེར་འོས་མི་སྣ་མང་བོ་བྱུང་མྱོང་། ཧའོ་ཕིང་ས་ཆའི་ཞིང་བ་ལི་མིང་ཡོན་དང་། པིའེ་ལི་གྲོང་སྡེའི་མི་ཁང་ཅི་ལི། ཅའོ་ཁྲང་ས་ཆའི་ཞིང་བ་ཀྲའོ་རྨིན་ཧོའེ་སོགས་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-29

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།